དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་དང་ཝུའུ་དབྱིང་ཅེས་བོད་ལྗོངས་ནང་བསྟན་སློབ་གླིང་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འདི་ནི་ཧའོ་ཕུང་དང་ཝུའུ་དབྱིང་ཅེ་སོགས་ཀྱིས་བོད་ལྗོངས་ནང་བསྟན་སློབ་གླིང་གི་ཉལ་ཁང་དུ་སློབ་མ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།

        ཟླ་10ཚེས་22ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་བོད་ལྗོངས་ནང་བསྟན་སློབ་གླིང་ལ་བརྟག་ཞིབ་གནང་ནས་ནང་བསྟན་སློབ་གླིང་གི་སློབ་ཁྲིད་དོ་དམ་ལས་དོན་ལ་རྟོག་ཞིབ་གནང་བ་དང་འབྲེལ་ནང་བསྟན་སློབ་གླིང་གི་དགེ་རྒན་དང་ལས་བཟོ་དེ་བཞིན་དགེ་འདུན་སློབ་མ་ཚོར་བྱམས་བརྩེའི་ངང་གཟིགས་གནང་བ་རེད།

        མགོན་པོ་བཀྲ་ཤིས་དང་། ཆེ་དགྲ་ལྷ། ཏུང་ཡུན་ཧུའུ། ལེའང་ཐེན་ཀེང་བཅས་བརྟག་ཞིབ་གནང་སྐབས་མཉམ་དུ་ཕེབས་ཡོད་པ་རེད། ཧའོ་ཕུང་དང་ཝུའུ་དབྱིང་ཅེ་དང་བཅས་པ་སྔ་རྗེས་སུ་སློབ་མའི་ཉལ་ཁང་དང་། ཟ་ཁང་། ཚོམས་ཆེན། སློབ་ཁང་སོགས་སུ་ཕེབས་ནས་འབྲེལ་ཡོད་ལེ་ལག་སྒྲིག་བཀོད་དང་ལྷག་པར་དུ་ཆུ་གློག་མཁོ་འདོན་འགན་སྲུང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཉལ་ཁང་ཚང་མའི་ནང་གསང་སྤྱོད་དང་བཪྙན་འཕྲིན་འཕྲུལ་འཁོར་སོགས་འཚོ་བའི་སྒྲིག་བཀོད་ཆ་ཚང་པོ་ཡོད་པའི་ཁར་སློབ་མ་ཚོའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ཡག་པོ་ཡོད་པ་གཟིགས་སྐབས་ཧའོ་ཕུང་དང་ཝུའུ་དབྱིང་ཅེ་བློ་ཡིད་ཚིམས་པོ་བྱུང་བ་རེད། སྐབས་དེར་ནང་བསྟན་སློབ་གླིང་གི་སློབ་མ་100ལྷག་ཙམ་གྱིས་དགོན་སྡེའི་དམངས་གཙོ་དོ་དམ་གྱི་འབྲེལ་ཡོད་ཤེས་བྱ་སྦྱོང་བཞིན་ཡོད་ཅིང་། ཧའོ་ཕུང་དང་བཅས་པ་སློབ་མ་ཚོའི་ཁྲོད་དུ་ཕེབས་ཏེ “སློབ་སྦྱོང་ཐད་དཀའ་ངལ་འདུག་གམ ”“སློབ་གླིང་གི་འཚོ་བ་གོམས་ཀྱི་འདུག་གམ ”ཞེས་ཧའོ་ཕུང་གིས་ཚང་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་ཆེན་པོས་བཀའ་འདྲི་གནང་བ་རེད། སྤོ་བོ་ནས་ཡིན་པའི་དགེ་འདུན་སློབ་མ་བློ་བཟང་ཡེ་ཤེས་ཀྱིས་ནང་བསྟན་སློབ་གླིང་གིས་སློབ་ཚན་ཡག་པོ་ཁྲིད་ཀྱི་འདུག་ལ་འཚོ་བའི་ཐད་ལའང་སེམས་ཁྲལ་མི་འདུག་པས་ཚང་མས་བློ་ཡིད་ཚིམས་པོ་བྱེད་ཀྱི་འདུག་ཅེས་བཤད། ཧའོ་ཕུང་གིས་གསན་རྗེས་དགྱེས་ཚོར་ཆེན་པོས་བོད་ལྗོངས་ནང་བསྟན་སློབ་གླིང་བསྐྲུན་པ་དེ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ་ཏང་གི་ཆོས་དད་རང་མོས་སྲིད་ཇུས་རང་ལྗོངས་སུ་གསོན་ཉམས་དོད་པོས་མངོན་པ་ཞིག་ཀྱང་ཡིན། རྒྱ་ཆེའི་དགེ་འདུན་པ་ཚོས་རྒྱལ་གཅེས་བླ་མ་སྐྱེས་ཆེན་རིམ་བྱུང་མིག་དཔེར་བྱས་ཏེ་བློ་བརྟན་འགྱུར་མེད་ངང “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན ”བཅས་ལག་བསྟར་བྱས་ཐོག་ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་གཅེས་འཛིན་དང་མིག་རྒྱང་རིང་དུ་བཏང་སྟེ་ཕྱོགས་གཅིག་ནས་ནང་བསྟན་ལ་བརྩོན་ཞིབ་བྱེད་པ་དང་ཆོས་ཀྱི་རྟོགས་པ་མཐོ་རུ་བཏང་ནས་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། གཅིག་ཤོས་ནས་ཆབ་སྲིད་དང་། བཅའ་ཁྲིམས། རྒྱ་ཡིག་སོགས་ཀྱི་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཐོག་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་མཁན་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས་ཞེས་གསུངས་པ་རེད། དེ་དང་ཆབས་ཅིག་ཁོང་གིས་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་སློབ་གཉེར་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིག་གཞུང་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་གཉེར་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་སྒྲིག་སྲོལ་དང་བསྟན་དོན་ཁྲོད་ཀྱི་དུས་རབས་ཡར་རྒྱས་ཀྱི་བླང་བྱ་དང་འཚམ་ལ་དགེ་མཚན་ལྡན་པའི་ནང་དོན་སྔོག་འདོན་གང་ལེགས་བྱེད་པ་བཅས་བྱས་ཏེ་བོད་ལྗོངས་ནང་བསྟན་སློབ་གླིང་དེ་རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་འདུན་ཤེས་ལྡན་པ་གསོ་སྦྱོང་དང་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་སའི་འཐབ་ས་ཞིག་ཏུ་འགྱུར་བ་བྱེད་དགོས། སློབ་གླིང་གི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་གཏན་སློབ་ཁྲིད་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་། བསམ་བློ་ཆབ་སྲིད་ལས་དོན་མངོན་གསལ་དོད་པོས་ཡག་པོ་སྒྲུབ་པ། སློབ་གླིང་དོ་དམ་མི་སྣའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ལྷག་དོན་དུ་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ལས་ཀའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཁ་ཕྲལ་རིང་ལུགས་ཀྱི་བསམ་བློ་སིམ་འཛུལ་བྱ་རྒྱུ་མཐའ་གཅིག་ཏུ་འགོག་པ་བཅས་བྱས་ནས་བོད་ལྗོངས་ནང་བསྟན་སློབ་གླིང་འདི་ཉིད་ནང་བསྟན་སློབ་གླིང་རྩེ་གྲ་ཞིག་ཏུ་གཉེར་དགོས་ཞེས་ནན་བཤད་གནང་བ་རེད།

        བརྟག་ཞིབ་གནང་སྐབས་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནང་བསྟན་སློབ་གླིང་གི་དུས་གོང་འཛུགས་སྐྲུན་གྱི་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་ཡག་པོ་བྱེད་པ་དང་འབྲེལ་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱེད་པ་དང་སྲོལ་རྒྱུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ནང་བསྟན་སློབ་གླིང་གི་གོམ་སྟབས་རྗེས་མའི་འཛུགས་སྐྲུན་ལས་དོན་ཡག་པོ་སྒྲུབ་པ་དང་འབྲེལ་ཆུ་དང་གློག་སོགས་ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱས་ཏེ་དགེ་འདུན་པ་ཚོར་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།