དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་འདེག་པ་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གི་རུ་མིར་ཡིག་ལན་བསྐུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ལོ་གཅིག་ལྷག་ཙམ་སོང་རིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཡོངས་ཀྱིས་རང་འགན་གཙང་སྒྲུབ་དང་ལས་དོན་ཏན་ཏིག་བསྒྲུབས་པས་ཕན་འབྲས་བཟང་པོ་ཐོན་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། ཉེ་ཆར་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་འདེག་པ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གི་རུ་མིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ལ་ཕྱག་ཡིག་ཕུལ་ནས་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་སྒྲུབ་ཚུལ་སྙན་སེང་ཞུས་ཤིང་། སྤྲིངས་ཡིག་ནང་ཁོང་ཚོས་རུ་མི་ཡོངས་ཀྱིས་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་དེ་མི་ཚེའི་ནང་ཐོབ་དཀའ་བའི་གོ་སྐབས་ཤིག་ཏུ་བརྩིས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་ལྟར་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་འདོན་རོགས་བྱེད་པ་དང་། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་གཏིང་ཟབ་སྤེལ་བ། གྲོང་ཚོ་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་པ། བློ་གཅིག་སེམས་གཅིག་ངང་མང་ཚོགས་ལ་བྱ་བཟང་སྒྲུབ་རོགས་དང་དཀའ་གནད་སེལ་རོགས་བཅས་བྱས་ཡོད། ལོ་གཅིག་རིང་ཁྱོན་མ་དངུལ་སྒོར་ཁྲི་1ལྷག་ཙམ་ཞལ་འདེབས་བརྒྱབ་ནས་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་འཛུགས་པ་དང་། དུད་ཚང་34ཡི་མི་གྲངས་186གི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་པ། གྲོང་ཚོ་རིམ་པའི་གཞུང་ལམ་3གསར་སྐྲུན་རྒྱས་སྐྲུན་བྱེད་པ། ཟམ་པ་11རྒྱག་པ། རིག་གནས་ལུས་སྦྱོང་གི་སྒྲིག་ཆས་ཉོས་པ། གྲོང་མི་ཡོངས་ལ་འོས་འགན་སྨན་བཅོས་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་ཚེ་བརྟན་སྒྲོལ་དཀར་དང་ཝང་ཅན་སོགས་དཔེ་བཟང་མི་སྣ་མིག་དཔེར་བརྩིས་ཏེ་གོ་སྐབས་མི་ཤོར་བར་ལས་འགན་གཙང་སྒྲུབ་བྱེད་པ་དང་ཏན་ཏན་ཏིག་ཏིག་ངང་ལས་དོན་ཧུར་ཐག་བསྒྲུབས་ཏེ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ཐོག་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་བསྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་བཞག་ཡོད་ཅེས་ཞུས་ཡོད། ཕྱག་ཡིག་འབྱོར་རྗེས་ཁྲེན་ཆོན་གོས་མཐོང་ཆེན་གནང་སྟེ་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་འདེག་པ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གི་རུ་མིར་སྐུ་ངོ་མས་ཡིག་ལན་བཏང་གནང་སྟེ་ཁོང་ཚོར་ཡང་འབད་བསྐྱར་འབད་བྱས་ནས་བྱས་རྗེས་གསར་པ་སླར་ཡང་གཏོད་རྒྱུའི་བཀའ་མངགས་གནང་བ་རེད།

        ཡིག་ལན་ཆ་ཚང་གི་ནང་དོན་གཤམ་གསལ་ལྟར།

        ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་འདེག་པ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གི་རུ་མི་ཡོངས་ལ།

        སྐུ་ཁམས་བཟང་། ཁྱེད་ཚོས་བསྐུར་བའི་ཡི་གེ་ལག་འབྱོར་བྱུང་། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་ཚུན་ཁྱེད་ཚོས་རང་འགན་ལ་བློ་དཀར་བ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ་རང་ཉིད་ཀྱི་འབད་འབུངས་ལྷོད་མེད་དང་ལས་ཀའི་གྲུབ་འབྲས་བཟང་པོར་བརྟེན་ནས་བཅའ་སྡོད་གྲོང་ཚོའི་མི་རིགས་ཁག་གི་མང་ཚོགས་ཚོའི་སྙིང་དབུས་ཀྱི་དགའ་བསུ་དང་བརྩི་བཀུར་ཐོབ་པ་ཤེས་རྟོགས་བྱུང་བས་ཧ་ཅང་དགའ་པོ་བྱུང་། སྐབས་དེར་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁྱེད་ཚོ་དང་ཁྱེད་ཚོ་བརྒྱུད་དེ་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རྒྱ་ཆེའི་རུ་མི་དང་བློ་མཐུན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་བླ་ན་མ་མཆིས་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།

        ཁྱེད་ཚོས་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ནང་ཧུར་ཐག་ཞུགས་པ་དང་རང་འགུལ་ངང་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་ཀྱིས་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་སྦྱོང་བརྡར་ཐེག་པ་དང་། མང་ཚོགས་དང་འབྲལ་མེད་མཉམ་གཤིབ་བྱེད་རིང་སློབ་གསོ་ཐེབས་པ། མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་སེལ་རིང་འཇོན་ཐང་ཆེ་རུ་འགྲོ་བ་བཅས་དང་། གཞི་རིམ་འཛུགས་སྐྲུན་བྱེད་པ་དང་། གཞི་རིམ་འཕེལ་རྒྱས་གཏོང་བ། གཞི་རིམ་སྲ་བརྟན་དུ་གཏོང་བ། མང་ཚོགས་དང་འབྲེལ་བ་བྱེད་པ། མང་ཚོགས་སྒྲིག་འཛུགས་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལག་ལེན་ཁྲོད་མི་ཚེའི་རིན་ཐང་མངོན་ཡོད། ཁྱེད་ཚོས་རང་ངོས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་དེང་རབས་ཀྱི་མི་རིགས་ཁག་གི་ལས་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རྦད་དེ་ཡང་དག་ཡིན་པའི་ར་སྤྲོད་གང་ལེགས་བྱུང་སྟེ་ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་སོང་ཡོད།

        རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་བའི་དོན་སྙིང་གལ་ཆེ་ལ་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའང་གཟི་བརྗིད་ཆེ་བ་ཞིག་རེད། ག་སྔར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་300ཡིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་འདྲ་བར་སྤོབས་པ་ཆེན་པོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་བཞིན་ཡོད། ཁྱེད་ཚོ་དང་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རྒྱ་ཆེའི་རུ་མི་ཚོས་དེ་གོ་སྐབས་དང་སྒུལ་ཤུགས་སུ་བྱས་ནས་ཟམ་མི་ཆད་པར་བྱས་རྗེས་གསར་པ་འཇོག་པ་དང་། གྲུབ་འབྲས་གསར་པ་གཏོད་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བ་དང་དེའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཐད་ཕན་འབྲས་ཐོན་པ་བྱ་ཆེད་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བ་དང་། ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱེད་པ། ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པ། ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་བྱེད་པ་བཅས་གཙོ་རྐང་ཞིག་ཏུ་བརྩིས་ནས་བཅའ་སྡོད་གྲོང་ཚོའི་ལས་དོན་ཧྲིལ་པོར་ཁྱབ་པ་བྱས་ཏེ་ཚོགས་འདུ་མ་འཚོག་གོང་བཀྲ་ཤིས་རྟེན་འབྲེལ་གྱི་ཁོར་ཡུག་གཏོད་པ་དང་། ཚོགས་འདུ་འཚོགས་རིང་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་པ། ཚོགས་འདུ་གྲོལ་རྗེས་དྲིལ་བསྒྲགས་ལག་བསྟར་དམ་འཛིན་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་བརྟེན་ནས་ཀླད་པར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཐད་ཕན་འབྲས་ཐོན་པ་བྱ་ཆེད་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱེད་པ་དང་། གཞི་རིམ་དུ་བསྐྱོད་པ་དང་། སེམས་རྣལ་དུ་ཕབ་པ། རྩ་བ་ཚུགས་པ་བཅས་བྱེད་པ། མི་རིགས་ཁག་གི་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བཅས་བྱེད་པའི་ཐོག་ནས་ལས་གནས་གཞི་རིམ་དུ་ཡོད་པ་དང་། མི་སྣ་གཞི་རིམ་དུ་ཡོད་པ། སེམས་ནུས་གཞི་རིམ་དུ་འཇོག་པ། ལས་དོན་གཞི་རིམ་དུ་སྒྲུབ་པ་བཅས་བྱེད་ཐུབ་པ་བྱས་ཏེ་མི་མངོན་པའི་རྐྱེན་ངན་ཁག་གྲལ་བཤེར་ཧུར་ཐག་བྱས་ནས་གནད་དོན་ཐོན་མ་ཐག་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱེད་པ་དང་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་བར་འདུམ་ཐག་གཅོད་བྱས་ཏེ་བཅའ་སྡོད་གྲོང་ཚོ་རྒྱུན་བསྲིང་ངང་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི་ཐད་ཕན་འབྲས་ཐོན་པ་བྱ་ཆེད་སྟོབས་དང་ལྡན་པའི་གཞི་རིམ་རྩ་འཛུགས་འཛུགས་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཕྱུག་འགྱུར་ལམ་བུ་རྒྱ་ཆེར་གཏོང་བ། ཏང་དྲིན་ཚོར་བའི་སློབ་གསོ་གཏོང་བ། བྱ་བ་དངོས་དང་བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་བཅས་ཀྱི་ལས་འགན་ཁག་ལྔར་དམ་པོར་དམིགས་ཏེ་ལས་དོན་ཁག་ཏན་ཏིག་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་ཏན་ཏིག་ངང་བརྟན་དུ་གཏོང་བ། དཀའ་སྤྱད་ཕྱུག་འགྱུར་གྱི་རྣམ་པ་སྔར་བས་ཟབ་ཏུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་མང་དུ་ཆེས་ཆེར་གཏོང་བ། དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་གཏོང་བ། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་འགྲིག་མཐུན་ཞི་མཐུན་ཡོང་བ་བྱེད་པ། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་ལྗོངས་ཡོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་འགན་ལེན་ནུས་ལྡན་བྱེད་དགོས།

        གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ལས་འགན་ཪྙོག་འཛིང་ཆེ་བ་དང་ཆ་རྐྱེན་དཀའ་ཚེགས་ཆེ་བས་བློ་མཐུན་ཚོས་ལས་དོན་ཡག་པོ་བསྒྲུབས་པ་དང་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་དང་ཆབས་ཅིག་ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་དང་གཟུགས་པོར་བདག་གཅེས་བྱ་རྒྱུའི་རེ་བ་ཡོད།

        མཇུག་ཏུ་ཕྲན་གྱིས་ལས་དོན་རུ་ཁག་བརྒྱུད་འདེག་པ་གྲོང་ཚོའི་གྲོང་མི་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་དང་ཚང་མ་གཟུགས་པོ་བདེ་ཐང་དང་། ལས་ཀ་ལམ་ལྷོངས། ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བའི་བཀྲ་ཤིས་བདེ་ལེགས་ཞུ།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཁྲེན་ཆོན་གོས།

        2012ལོའི་ཟླ་10ཚེས་21ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།