དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། བོད་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ཀྱི་ཐོག་ནས་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་བོད་ཀྱི་འཐུས་མིའི་བརྗིད་ཆགས་ཉམས་དགའ་བ་དང་རྣམ་པར་བཀྲ་བའི་དུས་རབས་ཀྱི་ཉམས་འགྱུར་ཐུན་མོང་ཐོག་བཏོད།

        ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གྱིས་འཐུས་མི་ཡག་པོ་འདེམས་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

        ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིའི་མི་གྲངས་2270གཏན་འཁེལ་གནང་བའི་ཁྲོད་ནས་བོད་ལ་འཐུས་མི་27བགོ་བཤའ་བརྒྱབ་པ་དེ་ཏང་གི་ཚོགས་ཆེན་བཅུ་བདུན་པའི་སྐབས་ལས་འཐུས་མི་གཅིག་མང་དུ་ཕྱིན་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་གུང་ཁྲན་ཏང་ཡོན། མི་རིཌ་ཁག་གི་མི་དམངས་བཅས་ལ་བྱམས་བརྩེའི་ཐུཌ་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། ཀྲུང་དབྱང་གིས་མིང་འདོན་གནང་བའི་འཐུས་མིའི་འོས་མི་བོད་དུ་ཡོངས་ནས་འདེམས་བསྐོའི་ནང་ཞུཌ་པ་དེ་ནི་ཀྲུང་དབྱང་གིས་བོད་ཀྱི་རིམ་ཁག་ཏང་རྩ་འཛུཌ་དང་རྒྱ་ཆེའི་ཏང་ཡོན་ལ་ཡིད་ཆེས་ཆེན་པོ་གནང་བ་ཞིག་རེད།

        རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་པུའུ་ཨུད། ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་གལ་ཆེན་བཅས་ཀྱིས་སྒེར་སེམས་མེད་པའི་ངང་རོགས་སྐྱོར་གནང་བས་འཐུས་མི་ཡག་པོ་འདེམས་ཆེད་སྒུལ་ཤུགས་ཆེན་པོ་ཞིག་སྦྱིན་ཡོད།

        ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་ལྔ་པ་དང་དྲུག་པའི་ལས་བྱེད་པ་དང་། ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ། ཆུ་ཤུར་རྫོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཀྲོའུ་ཀོང་ཀྲིས་ལོ་གསུམ་འབད་འཐབ་བྱས་པ་བརྒྱུད་ཆུ་ཤུར་རྫོང་གི་མི་དམངས་ཀྱི་སྣེ་འཁྲིད་དེ་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་13023དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4890 བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4.2 ནོར་སྲིད་ཡོང་འབབ་སྒོར་ཁྲི་2274བཅས་ཟིན་པའི་ལས་རྗེས་བཟང་པོ་བཏོད་པ་དང་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ཁག་ཚང་མ་2006ལོ་ལས་ལྡབ་གཅིག་འཕར་ཡོད། བོད་སྐྱོར་དུས་ཡུན་ཐིམ་རྗེས་ཁོང་གིས་རང་འགུལ་ངང་ཁོར་ཡུག་ལེགས་པའི་ཅང་སུའུ་རུ་ལོག་རྒྱུ་བློས་བཏང་སྟེ་མུ་མཐུད་གངས་ལྗོངས་ས་མཐོ་བརྟན་སྲུང་གནང་ཡོད།

        རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་འབྲི་གུང་གློག་འདོན་ཡན་ལག་ཀུང་སིའི་ཕུན་ཚོགས་གློག་འདོན་ས་ཚིགས་ཀྱི་ཀྲན་ཀྲང་མཚོ་སྐྱིད་ཀྱིས་ལས་ཞོར་དུས་ཚོད་སྤྱད་དེ་ལམ་ལུགས་དང་སྒྲིག་སྲོལ་36དང་། ལས་གནས་ལས་ཀའི་ཚད་གཞི་13 འཕྲལ་སྡོམ་སྔོན་བཀོད་ཇུས་གཞི་8 སྒྲིག་ཆས་འཁོར་སྐྱོད་དང་། ཞིབ་བཤེར་བཟོ་བཅོས། སྒྱུར་བཀོད་བཅས་ཀྱི་འཆར་གཞི་མང་པོ་བཅས་གསར་བཟོ་དང་བཟོ་བཅོས་རྒྱག་པའི་གཙོ་འགན་འཁུར་བ་དང་། ལས་བཟོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། གློག་འདོན་ས་ཚིགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ་གློག་འདོན་ས་ཚིགས་ཀྱི་དོ་དམ་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ཆེད་སེམས་ནུས་གང་ཡོད་བཏོན་ཡོད།

        བོད་ཀྱི་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་མཁན་གྱི་ཕུལ་བྱུང་འཐུས་མི་ཡིན་པའི་ཀྲོའུ་ཀོང་ཀྲི་དང་མཚོ་སྐྱིད་གཉིས་ལ་ལྗོངས་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་མང་ཚོགས་ཚོའི་ཁས་ལེན་ཐོབ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་བོད་ཀྱི་འཐུས་མིར་གཟི་བརྗིད་ལྡན་པའི་ངང་བདམས་ཐོན་བྱུང་ཡོད། དེར་བརྟེན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུད་ཀྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ལ་ཆེད་མངགས་འཕྲིན་ཡིག་སྤྲིངས་ནས་རྒྱལ་ཁབ་གློག་དྲ་ཀུང་སིའི་ལས་བཟོ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་བོད་ཀྱི་འཐུས་མིར་བདམས་ཐོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

        བོད་ཀྱི་མི་རིགས་ཁག་གི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་མཐུན་སྒྲིལ་དམ་ཟབ་དང་བློ་གཅིག་སེམས་གཅིག་གིས་འཐུས་མི་འདེམས་བསྐོ་ཡག་པོ་བྱ་ཆེད་རྩ་བའི་འགན་ལེན་མཁོ་འདོན་བྱས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་བསམ་བློའི་ཐད་ནས་བློ་གཅིག་སེམས་གཅིག་དང་། དམིགས་ཚད་ཐད་ནས་བློ་སེམས་ཕྱོགས་མཚུངས། བྱ་སྤྱོད་ཐད་ནས་བློ་སེམས་མཉམ་སྤྱོད་བཅས་བྱེད་པའི་ཁར་མི་རིགས་མཐུན་སྒྲིལ་ནི་ཐོག་མཐའ་བར་གསུམ་དུ་སྲོག་ཤིང་དུ་བརྩི་བ་དང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བཅས་བྱས་ནས་འཐུས་མི་འདེམས་བསྐོ་བྱེད་པའི་ལས་དོན་ལ་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་དང་། སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་པ། བློས་འགེལ་ཆོག་པའི་འགན་ལེན་མཁོ་འདོན་བྱས་ཡོད།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་རང་སྐྱོང་ལྗོངས་ཀྱི་ཐོག་མའི་འོས་མི་འོས་སྦྱོར་མིང་འདོན་བྱས་ཚུལ་གྱི་བརྡ་ཁྱབ་ཚོགས་འདུའི་ཐོག་བཀྲ་ཟླ་དང་འཇིགས་མེད་རྣམ་རྒྱལ་སོགས་ཏང་ཕྱིའི་མི་སྣ་ཚོས་ད་རེས་རྒྱལ་ཡོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱས་པ་དེ་ཐོག་ནས་བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འབུངས་བྱས་པ་བརྒྱུད་ལོ་ལྔ་ཡི་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་བྱུང་ལུགས་མངོན་པ་དང་། འཐུས་མིའི་བསྡུར་གྲངས་དེ་གཞི་རིམ་གྱི་འཐབ་ས་དང་པོར་སྔར་བས་ཕྱོགས་པ། འཐུས་མིའི་གྲུབ་ཆ་དེ་མི་རིགས་འདྲ་མཉམ་སོགས་ཐུན་མོང་ཡར་ཐོན་ཡིན་ལུགས་གསལ་པོར་མངོན་ཡོད་པའི་ངོས་འཛིན་གནང་བ་རེད།

        ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱ་རྒྱུ་དང་བོད་ཀྱི་དོན་དངོས་ནས་གཞི་འཛུགས་རྒྱུ་གཉིས་ཕན་ཚུན་གཅིག་གྱུར་ཡོང་བ་དང་། རྩ་འཛུགས་ཀྱི་དགོངས་པ་ལག་བསྟར་བྱ་རྒྱུ་དང་ཏང་ཡོན་གྱི་བསམ་འདུན་མངོན་པར་བྱ་རྒྱུ་གཉིས་ཕན་ཚུན་གཅིག་གྱུར་ཡོང་བ། དུས་འགོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་རྗེས་མཐུད་ལས་དོན་ཞིབ་ཚགས་བྱ་རྒྱུ་གཉིས་ཕན་ཚུན་གཅིག་གྱུར་ཡོང་བ། ཕྱོགས་མང་པོ་ནས་འཐུས་མི་འདེམས་བསྐོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་འཐུས་མིའི་བྱང་ཚད་དང་ནུས་པ་མཐོ་རུ་གཏོང་རྒྱུ་གཉིས་ཕན་ཚུན་གཅིག་གྱུར་ཡོང་བ་བཅས་བྱ་རྒྱུ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་བོད་ཀྱི་འཐུས་མི་འདེམས་བསྐོ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཉམས་མྱོང་ཡག་པོ་ཞིག་ཡིན་པ་ལག་ལེན་ཐོག་ནས་ར་སྤྲོད་ཐུབ་ཀྱི་ཡོད།

        ཏང་གི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་རྒྱུ་དང་བོད་ལ་འཛིན་པའི་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་རྒྱུར་དམིགས་ནས་ཏང་གི་འཐུས་མི་འདེམས་བསྐོ་བྱེད་པའི་བརྒྱུད་རིམ་དེ་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། མི་སེམས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཞབས་འདེགས་ཞུ་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་རྒྱུར་སྣེ་ཁྲིད་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཞིག་ཏུ་འགྱུར་བ་བྱེད་དགོས།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་འདེམས་བསྐོ་བྱེད་པའི་བརྒྱུད་རིམ་ནི་བོད་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། ཏང་ཡོན་ཡོངས་ཀྱིས་ཏང་གཤིས་སློབ་གསོ་དང་ལེན་བྱེད་པ་དང་བསམ་བློའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཡིན། བོད་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞི་རིམ་ཏང་རྩ་འཛུགས་སྐྱོང་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་འཐུས་མི་འདེམས་བསྐོའི་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་དང་དེར་སྐུལ་འདེད་གཏོང་དགོས།

        བོད་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོའི་ཁྲོད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་5451དང་གཞི་རིམ་དུ་མངགས་པའི་ལས་བྱེད་པ་21000ལྷག་ཙམ་གྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལྟར་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་དམངས་འཚོར་ཕན་འདོགས་རྒྱུར་དམིགས་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཡོད། ལྷ་ས་དང་ཆབ་མདོས་འཐུས་མི་འོས་སྦྱོར་མིང་འདོན་དེ་ཏང་ཡོན་ལ་ཏང་གཤིས་སློབ་གསོ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་སློབ་གསོ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་འཐུས་མི་འོས་སྦྱོར་མིང་འདོན་བརྒྱུད་རིམ་དེ་ཏང་ཡོན་གྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་སློབ་གསོ་དང་ལེན་བྱེད་པ་དང་ཏང་གཤིས་འདུ་ཤེས་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བ་བྱས་ཤིང་སློབ་གསོ་ཐེབས་པའི་ཏང་ཡོན་མི་ཐེངས་ཁྲི་12ལྷག་ཙམ་ཟིན་པ་དང་། ནག་ཆུ་ས་ཁུལ་གྱིས་གཞོན་ནུ་ཏང་ཡོན་600ལྷག་ཙམ་དང་བླངས་པའི་ཞབས་ཞུ་རུ་ཁག་ཏུ་སྒྲིག་འཛུགས་ཀྱིས་ལྷ་ས་དང་ཁྲེང་ཏུའུ་སོགས་སུ་བསྐྱོད་དེ་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་རྒན་གྲས་རྣམས་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་འདེམས་བསྐོ་བྱེད་པའི་ལས་དོན་སྒྲོག་འགྲེལ་བྱེད་པ་དང་ཆབས་ཅིག་རང་ལའང་ཏང་གཤིས་འདུ་ཤེས་དང་ཏང་ཡོན་འདུ་ཤེས་གྱི་སློབ་གསོ་གཏིང་ཟབ་ཐེབས་ཡོད། ཉིང་ཁྲི་ས་ཁུལ་གྱིས་འོས་སྦྱོར་མིང་འདོན་གོ་སྐབས་སུ་བྱས་ཏེ་བོད་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྲོད “སྐར་ལྔའི ”གཞི་རིམ་ཏང་རྩ་འཛུགས་དང “སྐར་བཅུའི ”གུང་ཁྲན་ཏང་ཡོན་དཔྱད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་ནས་སྔོན་ཐོན་ཏང་ཡོན་རྩ་འཛུགས་50དང་ཕུལ་བྱུང་མི་སྒེར་100བདམས་ཏེ་རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་ཁག་དང་ཏང་ཡོན་ཚོས་སོ་སོའི་ལས་གནས་སུ་སྔོན་གཏོད་ལེགས་བརྩོན་བྱེད་རྒྱུའི་སྤྲོ་སེམས་སྔར་བས་ཆེ་རུ་བཏང་ཡོད། གཞིས་རྩེ་ས་ཁུལ་གྱིས་འོས་སྦྱོར་མིང་འདོན་དང་ཏང་ནང་གི་སྐུལ་སློང་ཐུགས་ཁུར་རོགས་སྐྱོར་ལས་དོན་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ཁུལ་གྱི་ཏང་ཡོན་དབུལ་པོར་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱེད་པའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་སྐུལ་སློང་གིས་ལྟེ་བ་བྱེད་པ་དང་། ཐུགས་ཁུར་གྱིས་དམིགས་ཡུལ་བྱེད་པ། རོགས་སྐྱོར་གྱིས་ཐབས་ལམ་བྱེད་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་གིས་བཙུགས་ཏེ་ཏང་ཡོན་2000ལྷག་ཙམ་ལ་རོགས་སྐྱོར་བྱས་ཡོད། ལྷོ་ཁ་དང་མངའ་རིས་ས་ཁུལ་གྱིས་འོས་སྦྱོར་མིང་འདོན་བྱེད་པའི་བརྒྱུད་རིམ་ཁྲོད་ཏང་ཡོན་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་རྒྱུར་དམིགས་ནས “ཏང་ཡོན་མང་ཚོགས་ཀྱི་དམངས་གཙོའི་དཔྱད་འདེམས་བྱེད་རེས ”བྱེད་སྒོ་ཐེངས་800ལྷག་ཙམ་སྤེལ་ནས་ཏང་ཡོན་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྐུལ་མ་ཤུགས་ཆེན་བཏང་ཡོད། བོད་ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་དགོས་པའི་བླང་བྱ་ལྟར་འགན་ལེན་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས་འགོ་ཁྲིད་བློ་མཐུན་གྱིས་ཏང་གི་སློབ་ཚན་འཁྲིད་རྒྱུའི་སྣེ་ཁྲིད་པ་དང་། ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱེད་པ། ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་བསྐྱར་སྦྱོང་བཅས་བྱས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཧུར་ཐག་སྤེལ་བར་ཏང་ཡོན་མི་4300ལྷག་ཙམ་ཞུགས་པ་དེས་ཏང་ཡོན་བསྡོམས་འབོར་གྱི་98%ཟིན་ཡོད། ལས་རིགས་ཁོངས་གཏོགས་ཁག་གིས་འཐུས་མི་འདེམས་བསྐོ་བྱེད་རྒྱུ་གོ་སྐབས་སུ་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད། བོད་ལྗོངས་ཡོངས་སུ་སྤྱི་དབང་མིན་པའི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་དང་སྤྱི་ཚོགས་རྩ་འཛུགས་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་སྔ་རྗེས་སུ་བཙུགས་ཏེ་ཁྱབ་ཁོངས་དེ་དག་གི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་འདེམས་བསྐོ་བྱེད་པའི་བརྒྱུད་རིམ་ནི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཞབས་འདེགས་ཞུ་བའི་བོད་ཀྱི་ཏང་གི་འཐུས་མིའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཡིན། བོད་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་གི་འཐུས་མིས་ཀྲུང་དབྱང་གིས་གསལ་སྟོན་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ” “འགན་ལེན་བཞི ”བཅས་ལ་དམིགས་པ་དང་། སྤུས་རྟགས་གཏོད་པའི་བསམ་ཕྱོགས་གཞིར་འཛིན་པ། སྲོལ་འཛུགས་ཐུབ་པ་དང་། གཞི་འཛུགས་ཐུབ་པ། སྐུལ་འདེད་གཏོང་ཐུབ་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་བཅས་ཀྱིས་བོད་ལྗོངས་ཡོངས་སུ་འཐུས་མི་ཚང་མ་ཕུལ་བྱུང་ཡིན་པ་དང་མི་ཚང་མས་སྔོན་ཐོན་པ་བྱེད་ཐབས་བྱེད་པའི་རྣམ་པ་གསོན་ཉམས་ལྡན་པ་ཞིག་ཆགས་པ་བྱས་ནས་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་རྒྱུར་ཤུགས་སྣོན་གྱིས་བོད་ཀྱི་མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་གསོན་ཤུགས་དང་སྒུལ་ཤུགས་སྣོན་དགོས།

        ——སྲིད་ཇུས་ཀྱི་སྒྲོག་འགྲེལ་པ་ཡག་པོ་ཞིག་བྱས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་རྒྱུ་དེ་གཙོ་གནད་དུ་བྱས་ནས་འཐུས་མི་སྒྲིག་འཛུགས་ཀྱིས་གྲོང་གསེབ་དང་། གྲོང་ཁྱེར་གྱི་སྡེ་ཁུལ། བཟོ་གཏེར་ཁེ་ལས་བཅས་སུ་བསྐྱོད་དེ་ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཞིང་ལས་ལ་ཤུགས་སྣོན་དང་མང་ཚོགས་ལ་ཕན་འདོགས་པའི་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་རྒྱ་ཆེའི་མང་ཚོགས་ཚོར་ཕན་པ་སུ་ལ་འདོགས་པ་དང་ཕན་པ་གང་ནས་བྱུང་བ་ཤེས་སུ་འཇུག་པ་དང་།

        ——ཕྱུག་འགྱུར་གྱི་དཔེ་སྟོན་པ་ཡག་པོ་ཞིག་བྱས་ཤིང་། རིམ་པ་དབྱེ་བ་དང་རིགས་དབྱེ་བའི་རྩ་དོན་གཞིར་བཟུང་རིམ་ཁག་ཏང་གི་འཐུས་མི་དང་ལྷག་པར་དུ་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོར་སྲིད་ཇུས་དང་། མ་དངུལ། ལག་རྩལ་བཅས་ཀྱི་རོགས་སྐྱོར་བྱས་ཏེ་འཐུས་མི་རྣམས་ས་གནས་དེ་གའི་ཕྱུག་འགྱུར་པ་དང་ཕྱུག་འགྱུར་སྣེ་ཁྲིད་འཇོན་ཐང་ཅན་དུ་འགྱུར་བ་བྱེད་པ་དང་། ཏང་གི་འཐུས་མིའི་དགེ་མཚན་ལྡན་ཤུགས་དང་འབོད་སྐུལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ཤུགས་ཆེ་རུ་བཏང་ཡོད། གཞི་རིམ་གྱི་འཐུས་མི་ཚོར་བརྟག་དཔྱད་མཐིལ་རྟོགས་བྱས་པ་བརྒྱུད་བོད་ལྗོངས་ཡོངས་ཀྱིས་ལོ་3གྱི་དུས་ཚོད་སྤྱད་དེ་གྲོང་གསེབ་ཏུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་མཁན་གྱི་རིམ་ཁག་འཐུས་མི་2000ཕྱུག་འགྱུར “སྣེ་ཁྲིད་པར ”འགྱུར་རྒྱུའི་གསོ་སྐྱོང་བྱ་རྩིས་ཡོད་པ་རེད།

        ——རྩོད་གཞི་འདུམ་འགྲིག་པ་ཡག་པོ་ཞིག་བྱས་ཤིང་། འཐུས་མིའི་སྲིད་ཇུས་དང་ཐོབ་ཐང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རང་ཉིད་གནས་སའི་ས་ཁུལ་གྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལས་དོན་ཡག་པོ་བསྒྲུབས་ཡོད། ན་ནིང་ཟླ་11ནས་བཟུང་བོད་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་གི་འཐུས་མི་ཚོས་ཤང (གྲོང་རྡལ )370ལྷག་ཙམ་དང་གྲོང་ཚོ (གྲོང་ལྷན )1780ལྷག་ཙམ་དུ་འདྲི་རྩད་བྱེད་པར་བསྐྱོད་ནས་བསམ་འཆར་དང་གྲོས་འགོ་ཁག་22000ལྷག་ཙམ་བསྡུ་ལེན་བྱས་ཡོད། ཕྱོགས་སྡོམ་ལེགས་སྒྲིག་དང་། ལས་བགོས་ཁག་བགོས། འགན་འཁྲི་དོན་འཁྱོལ་བཅས་བྱས་པ་བརྒྱུད་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་1800ལྷག་ཙམ་བསལ་བས་སྤྱི་ཚོགས་ཀྱི་འགལ་ཟླའི “གནོན་ཤུགས་གཅོག་བྱེད ”ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད་པ་རེད།

        ——ཆ་འཕྲིན་བསྡུ་རུབ་བྱེད་མཁན་ཡག་པོ་ཞིག་བྱས་ཤིང་། རིམ་ཁག་ཏང་གི་འཐུས་མི་ཚོས་དམངས་འདོད་ཐབས་ལམ་ཤར་བགྲོད་ཐུབ་པ་བྱ་རྒྱུར་སྣང་ཆེན་གྱིས་མང་ཚོགས་ཚོས་ཏང་ཨུད་དང་སྲིད་གཞུང་ལ་བཏོན་པའི་གྲོས་འགོ་དང་བདེ་སྡུག་ཞུས་པ་བསྡུ་རུབ་དང་ལྡོག་བརྡ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས་ཏང་དང་མང་ཚོགས་དབར “སེམས་སྦྲེལ་ཟམ་པ ”ཞིག་བསྐྲུན་པ་དང་། ཕྱུག་འགྱུར་ཆ་འཕྲིན་བསྡུ་རུབ་དང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་པ་བརྒྱུད་ས་གནས་དེ་གའི་མང་ཚོགས་ཚོར་འབབ་འཕར་ཕྱུག་འགྱུར་ཡོང་བའི་མྱུར་ལམ་ཞིག་བཟོས་ཡོད། མིག་སྔའི་བར་མང་ཚོགས་ལ་ཁྱོན་ཆ་འཕྲིན་ཁག་5400ཙམ་མཁོ་འདོན་བྱས་པ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་འཕྲོ་མི་ཐེངས་7200ལ་ངལ་ནུས་ཕྱིར་གཏོང་བྱས་ཡོད། འདི་ལོའི་ལོ་སྟོད་དུ་བོད་ལྗོངས་ཡོངས་སུ་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་287.21བྱུང་བ་དེ་ན་ནིང་གི་དུས་མཚུངས་ལས་11.3%འཕར་བ་དང་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་བསྲིང་བརྟན་ལྷིང་བྱུང་ནས་ལྗོངས་ཏང་ཨུད་ཀྱིས་བཏོན་པའི “གནས་ཚུལ་ཆེ་འབྲིང་ཆུང་གསུམ་མི་ཐོན་པའི ”དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་བོད་རང་ལྗོངས་ཀྱི་འཐུས་མི་ཚོས་ཏང་ཡོངས་ཀྱི་མངགས་བཅོལ་གལ་ཆེན་དང་མི་དམངས་ཀྱི་རེ་འདུན་ཕྲག་ཐོག་ཏུ་ཁུར་ཞིང་། ཁོང་ཚོས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི “མུ་མཐུད་ཤུགས་རྒྱག་ས་ལྔའི ”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་མཛུབ་སྟོན་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱི་བློ་གྲོས་སྟོབས་ཤུགས་དེ་བས་ཡག་པའི་སྒོ་ནས་གཅིག་ཏུ་བསྡུ་བ། ཀྲུང་དབྱང་གིས་གསལ་སྟོན་གནང་བའི “ལྟེ་བ་གཅིག ”དང “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ཀྱི་ལས་ཀའི་དམིགས་ཚད་ལ་དམ་པོར་དམིགས་པ་བཅས་ཀྱི་ཁར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ཕུལ་བྱུང་གྲུབ་འབྲས་གཏོད་པ་དང་བློ་གཅིག་སེམས་གཅིག་གིས་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་རྣམ་པ་ཡག་པོ་ཞིག་ཆགས་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།