དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        འདི་ལོ་ནི་རང་རྒྱལ་གྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་ཕྱི་གཏོད་ཀྱི་གལ་ཆེའི་ལོ་ཞིག་ཡིན། ཏང་ཡོན་ཁྲི་8000ལྷག་ཙམ་ཡོད་པའི་ཀྲུང་གོ་གུང་ཁྲན་ཏང་གིས་ཟླ་11ཚེས་8ཉིན་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོག་རྒྱུ་ཡིན་ཞིང་། ཏང་གི་བླང་བྱ་དང་མཐུན་པ་དང་རྒྱ་ཆེའི་ཏང་ཡོན་གྱིས་བརྩི་བཀུར་ཐོབ་པའི་ཏང་གི་འཐུས་མི་གདམ་རྒྱུ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཡག་པོ་འཚོག་རྒྱུའི་ངོས་ནས་བརྗོད་ན་གལ་ཧ་ཅང་ཆེན་པོ་ཞིག་རེད།

        ཟླ་6ཚེས་27ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་ཚོགས་འདུར་ཞུགས་མཁན་འཐུས་མི་311ཚང་མས་མོས་མཐུན་གྱི་འདེམས་ཤོག་འཕངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་28བདམས་ཐོན་བྱུང་ཡོད།

        བརྔམ་བརྗིད་ལྡན་པའི་འདེམས་ཤོག་རེ་རེ་བཞིན་དང་འདེམས་ཚད “100%”ཡི་ཐོག་ནས་བོད་ཀྱི་གུང་ཁྲན་ཏང་ཡོན་ཁྲི་22.5ཡི་ཐུན་མོང་གི་འདུན་པ་གང་ལེགས་མཚོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་300ཡིས་རིམ་ཁག་ཏང་རྩ་འཛུགས་ལ་ཡིད་ཆེས་ཆེན་པོ་དང་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་ལུགས་གང་ལེགས་མཚོན་པ། བོད་ཀྱི་ཏང་ཡོན་དང་རིམ་ཁག་ཏང་རྩ་འཛུགས་ཀྱིས་འཐུས་མིར་ཁས་ལེན་དང་རེ་བ་ཆེན་པོ་བཅོལ་ལུགས་གང་ལེགས་མཚོན་ཡོད།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་འཐུས་མི་འདེམས་པའི་བརྒྱུད་རིམ་ནི་ཏང་གི་སྒྲིག་ཡིག་ལག་བསྟར་ནན་པོ་བྱེད་པ་དང་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དང་། ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་མཚོན་བྱེད་རང་བཞིན་གྱི་གཅིག་སྡུད་མཚོན་ཚུལ་ཞིག དེ་སྔའི་ཞིང་བྲན་གྱིས་རང་ཐག་རང་གཅོད་བྱེད་པའི་མཚོན་ཚུལ་དངོས་ཤིག་བཅས་ཡིན།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་བོད་ཀྱི་འཐུས་མི་འདེམས་པའི་ལས་དོན་དེ་2011ལོའི་ཟླ་བ་བཅུ་གཉིས་པ་ནས་སྤེལ་འགོ་ཚུགས་ཤིང་། གྲོས་བསྡུར་དང་འོས་སྦྱོར་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་གོ་རིམ་ལ་ནན་པོར་གཞིགས་ཏེ་ལས་དོན་སྤེལ་ཐོག་རིམ་བཞིན་གདམ་གསེས་དང་ཞིབ་དཔྱད་དང་དཔྱད་ཞིབ་བྱས་པ་བརྒྱུད་ཐོག་མའི་གདམ་བྱའི་འོས་མི་གཏན་འཁེལ་བྱས་པ་དང་གོ་རིམ་ཚང་མ་ནན་ལ་ཚད་ལྡན་ཞིག་བྱུང་ཡོད། གཞི་རིམ་གྱི་འཐབ་ས་དང་པོ་ནས་ཡིན་པའི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་སྟོབས་རྒྱལ་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་བོད་ཀྱི་འཐུས་མི་འདེམས་པའི་ལས་དོན་ནང་བོད་ཀྱི་ཏང་ཡོན་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་བློ་གྲོས་འདུས་ཡོད།

        སྟོབས་རྒྱལ་ནི་བོད་ལྗོངས་གཞིས་རྩེ་ས་ཁུལ་གངས་ལྷ་མེ་ཏོག་བཟོ་ལས་ཚོང་དོན་ཀུང་སིའི་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་། སྤྱི་ཁྱབ་ཅིང་ལི། དཔལ་འབྱོར་མཁས་ཅན་བཅས་ཡིན། ཁོང་གི་སྣེ་ཁྲིད་འོག་གངས་ལྷ་མེ་ཏོག་བཟོ་ལས་ཚོང་དོན་ཀུང་སི་དེ་དཀའ་ངལ་ཤིན་ཏུ་ཆེ་བའི་ཁེ་ལས་ཤིག་ནས་བོད་ཀྱི་ཨར་ལས་ཁྲོམ་རའི་གྲགས་ཅན་ཁེ་ལས་ཤིག་ཏུ་གྱུར་ཏེ་རྒྱུ་ནོར་སྒོར་ཁྲི་506ནས་སྒོར་དུང་ཕྱུར་གཅིག་ལྷག་ཙམ་བར་མང་དུ་ཕྱིན་པ་དང་ལས་བཟོའི་ལོ་རེའི་ཡོང་འབབ་ལྡབ་17ཙམ་འཕར་ཡོད་པ་རེད།

        བོད་ཀྱིས་འཐུས་མིའི་ཆ་རྐྱེན་དེ་འཐུས་མི་ལེགས་འདེམས་ཀྱི “འགག་སྒོ་ཨང་དང་པོར ”བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཚད་གཞི་དང་ཆ་རྐྱེན་ནན་དུ་གཏོང་བ་དང་། གཙོ་གནད་ནང་དོན་མངོན་གསལ་དོད་པོ་ཡོང་བ་བྱེད་པ། བརྟག་དཔྱད་དང་ཞིབ་དཔྱད་ནན་ཏན་བྱེད་པ། ཆབ་སྲིད་ཀྱི་སྔོན་ཐོན་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱེད་པ། འཐུས་མིའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ཀུན་སྤྱོད་དང་སྤྱོད་ཚུལ་ལེགས་པ། ལས་ཀའི་ལས་རྗེས་མངོན་གསལ་དོད་པ། ཏང་ཡོན་དང་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་ཁས་ལེན་པ་བཅས་ཀྱི་ཏང་ཡོན་དེ་དག་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིར་བདམས་ཡོད།

        ལོ་རབས་80པའི་རྗེས་སུ་སྐྱེས་པའི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་བསོད་ནམས་གཡང་འཛོམས་ནི་བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པའི་རྫི་ཁྱི་འདུལ་མཁན་ཞིག་ཡིན། ཁོང་ལ་སྔ་རྗེས་སུ་ཀོང་ཀྲོའུ་ཨོ་རྩལ་འགྲན་ཚོགས་ཀྱི་བདེ་འཇགས་བདེ་སྲུང་གི་སྔོན་ཐོན་མི་སྒེར་གྱི་དཔེ་དམག་དང་། བོད་ཀྱི་བུད་མེད་ལས་བྱེད་ཉེན་རྟོག་པ་ཕུལ་བྱུང་། བོད་ཀྱི་བུད་མེད་ལས་བྱེད་ཉེན་རྟོག་པ་ལེགས་ཤོས་བཅུ། གཞུང་ལས་པ་ཕུལ་བྱུང་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད། བསོད་ནམས་གཡང་འཛོམས་ཀྱིས་རང་ཉིད་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིར་བདམས་ཐོན་བྱུང་བ་དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འཐབ་ས་དང་པོའི་ཏང་ཡོན་ལ་ཐུགས་ཁུར་དང་མཐོང་ཆེན་གནང་ལུགས་མཚོན་ཡོད་ཅེས་བརྗོད་པ་རེད།

        ཀྲུང་དབྱང་གིས་བཏོན་གནང་བའི་འཐུས་མིའི་གྲུབ་ཆའི་བསྡུར་གྲངས་ཀྱི་བླང་བྱ་གཞིར་བཟུང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལས་ཀའི་ཇུས་གཞི་བཟོ་སྐབས་ཚན་པ་ཁག་གིས་འོས་སྦྱོར་གོང་ཞུ་བྱས་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོའི་ཏང་ཡོན་སོགས་འཐུས་མིའི་འོས་མིའི་གྲངས་འབོར་དང་གྲུབ་ཆའི་བསྡུར་གྲངས་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད། འཐུས་མི (ཀྲུང་དབྱང་གིས་མིང་བཏོན་གནང་བའི་འཐུས་མི་ཚུད་མེད )27ཁྲོད་ནས་ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོའི་ཏང་ཡོན་10ཡོད་པ་དེས་37.04%བཟུང་ཡོད་པས་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་བསྡུར་གྲངས་ལས་བརྒྱ་ཆའི་གྲངས་5ཡིས་མཐོ་བ་ཡོད་ལ་ལས་ཀའི་ཁྱབ་ཁོངས་ནང་དཔལ་འབྱོར་དང་། ཚན་རྩལ། སྲིད་ཁྲིམས། སློབ་གསོ། རིག་གནས། འཕྲོད་བསྟེན། ལུས་རྩལ། སྤྱི་ཚོགས་དོ་དམ་སོགས་ཚུད་ཡོད། ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོའི་འཐུས་མི་ཚང་མར་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་གཟེངས་བསྟོད་དང་བྱ་དགའ་ཐོབ་མྱོང་ཡོད་པ་དང་། བཟོ་པའི་ཏང་ཡོན་གྱི་འཐུས་མི་ཚོགས་ཆེན་བཅུ་བདུན་པའི་སྐབས་འཐུས་མི་གཅིག་ཡིན་པ་ནས་འཐུས་མི་གསུམ་བར་མང་དུ་བཏང་བ། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་བོད་ལྗོངས་ཐད་གཏོགས་ཚང་མའི་འཐུས་མི་ཡོད། ཐོག་མའི་འོས་སྦྱོར་བྱ་ཡུལ་ཡིན་ནའང་འདྲ་ཡང་ན་མཐའ་མཇུག་ཏུ་བདམས་པའི་འཐུས་མི་གང་ཞིག་ཡིན་རུང་ཚང་མར་རྒྱ་ཁྱབ་ཀྱི་མཚོན་བྱེད་རང་བཞིན་ལྡན་ཡོད།

        གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ཞུགས་ཚད་མཐོ་བ་ནི་ཚོགས་ཆེན་བཅོ་བརྒྱད་པའི་རང་ལྗོངས་ཀྱི་འཐུས་མི་འདེམས་པའི་མངོན་གསལ་དོད་པའི་བཀྲག་མདངས་འཚེར་ས་ཞིག་ཡིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འཐུས་མིའི་ཆབ་སྲིད་དང་། བྱང་ཚད་། གྲུབ་ཆ་བཅས་ཀྱི་འགག་སྒོ་ནན་སྲུང་བྱས་ནས་ཀྲུང་དབྱང་གིས་བཏོན་གནང་བའི་ཆ་རྐྱེན་དང་བླང་བྱ་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པས་འོས་སྦྱོར་ཚན་པ་ཁག་གིས་ཏང་གི་སྒྲིག་ཡིག་ལ་ནན་པོར་གཞིགས་ནས་ལས་དོན་བསྒྲུབས་པ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་འཐུས་མི་འདེམས་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་རྒྱ་ཆེའི་ཏང་ཡོན་གྱི་ཆབ་སྲིད་ཀྱི་སྤྲོ་སེམས་ནན་ཏན་ངང་འཕེལ་བ་བྱས་ཡོད།

        སྒྲིག་ཁྲིམས་ནན་པོ་དང་དར་སྲོལ་བཟང་པོ་འགན་ལེན་བྱ་ཆེད་བོད་རང་སྐྱོང་ལྗོངས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་འོས་སྦྱོར་མིང་འདོན་ལས་དོན་གྱི་སྒྲིག་ཁྲིམས་གསལ་ཤེས་གཱ་ཁྲི་2ལྷག་ཙམ་པར་བརྒྱབ་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཚང་མར་སྤྲད་ཡོད། དེ་དང་དུས་མཚུངས “12371”གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ལག་ཐོགས་ཁ་པར་གྱི་ཆ་འཕྲིན་མ་ལག་གི་ལས་སྟེགས་སྤྱད་དེ་འདེམས་བསྐོའི་སྒྲིག་ཁྲིམས་ནན་པོ་ཡོང་བ་བྱེད་པའི་དྲིལ་བསྒྲགས་འཕྲིན་ཐུང་37བཏང་བ་མ་ཟད། ད་དུང་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་དང་ཟུང་འབྲེལ་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་མང་ཚོགས་ཀྱི་གླེང་ཕྱོགས་འཚོལ་བསྡུ་དང་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་ཡོན་མང་ཚོགས་ཀྱི་བསམ་བློའི་གནས་ཚུལ་དང་འོས་སྦྱོར་མིང་འདོན་གྱི་སྒྲིག་ཁྲིམས་ལག་བསྟར་བྱས་ཚུལ་འཕྲལ་དུ་ཤེས་རྟོགས་བྱས་ཡོད། བསྡོམས་རྩིས་ཐོག་ནས་མངོན་པར། འགོ་ཁྲིད་ལས་བྱེད་པས་འོས་སྦྱོར་མིང་འདོན་གྱི་སྒྲིག་ཁྲིམས་ཤེས་ཚད་99.38%ཟིན་ཡོད།

        ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་ཡོང་བ་བྱ་རྒྱུ་དེ་ནི་དམངས་གཙོ་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་དྲིལ་བསྒྲགས་སྡེ་ཚན་དང་མཉམ་དུ་དྲིལ་བསྒྲགས་ཇུས་གཞི་བཟོས་ནས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་འཐུས་མི་འདེམས་པའི་ལས་དོན་དྲིལ་བསྒྲགས་བྱས་ཏེ་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་འདེམས་པའི་ཆ་རྐྱེན་དང་། བླང་བྱ། གོ་རིམ་བཅས་ཏང་ཡོན་མང་ཚོགས་ལ་སྤྲད་པ་དང་འོས་སྦྱོར་མིང་འདོན་ལས་དོན་གྱི་བརྒྱུད་རིམ་ཏང་ཡོན་མང་ཚོགས་ཀྱིས་ཤེས་པ་བྱས་ཡོད། འོས་སྦྱོར་ཚན་པ་ཁག་གིས་དྲིལ་བསྒྲགས་གནད་བསྡུས་ཁྲི་7ལྷག་ཙམ་པར་འགྲེམས་བྱས་ནས་སྡོད་གནས་ཁ་ཐོར་དང་། འཛོམས་དཀའ་བ། གཞུང་ལམ་ཤར་གཏོང་མི་ཐུབ་པ་བཅས་ཀྱི་ས་ཆར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དང་། གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ། སློབ་ཆེན་ཐོན་པའི་གྲོང་དཔོན་བཅས་སྒྲིག་འཛུགས་བྱས་ཏེ་ཁྱིམ་ཚང་རེ་རེ་བཞིན་ལ་དྲིལ་བསྒྲགས་བྱས་ཡོད། གཞུང་དོན་སྒྲུབ་པར་ཕྱིན་པ་དང་། འཁོར་ཤག་ཏུ་ཕྱིན་པ། སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པ། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བཅས་ཁྲོད་ཀྱི་ཏང་ཡོན་ལ་གློག་འཕྲིན་དང་། བཪྙན་སྐྱེལ། ཁ་པར་རྒྱག་པ། འཕྲིན་ཡིག་བསྐུར་བ། ཆེད་མི་མངགས་ནས་བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁོང་ཚོ་འོས་སྦྱོར་གྱི་ལས་དོན་ནང་ཞུགས་རྒྱུར་སྒྲིག་འཛུགས་བྱས་ཡོད། ལྷ་ས་དང་། ཆབ་མདོ། ནག་ཆུ་བཅས་ཀྱིས “གཤམ་དུ་སློབ་སྦྱོང་གི་བྱེད་སྒོ ”སྤེལ་བ་དང་། གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི་བཅས་ཀྱིས་འོད་སྡེར་སྤྲོད་པ། མངའ་རིས་ས་ཁུལ་གྱིས་དམངས་ཁྲོད་ཀྱི་གླུ་གར་འཁྲབ་གཏོང་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་བྱས་པས་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་འདེམས་བསྐོའི་ནང་ཞུགས་པའི་སྤྲོ་སེམས་ནུས་ལྡན་ངང་འཕེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།