དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཀྱིས་བོད་ལྗོངས་ཀྱི་སྤྱི་ཚོཌ་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོཌ་འདུ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་10ཚེས་16ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་ཚོགས་འདུའི་ཐོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ་དཔའ་ཉམས་དེ་བས་ཆེ་བ་དང་། ཉམས་སད་དེ་བས་ཐེག་ཐུབ་པའི་བྱ་ཐབས། དེ་བས་ཏན་ཏིག་གི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྔ་ནུབ་ཀྱི་བརྟན་སྲུང་འགག་སྒྲོལ་གྱི་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ་དང་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་དང་རྒྱུན་བསྲིང་གི་ཞི་མཐུན་བརྟན་ལྷིང་ཡོང་བའི་གྲུབ་འབྲས་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གིས་མིག་སྔའི་ལྗོངས་ཡོངས་ཀྱི་བརྟན་སྲུང་ལས་དོན་བཀོད་སྒྲིག་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་དང་། ཝུའུ་དབྱིང་ཅེ། དབྱང་ཅིན་ཧྲན། ཅིན་ཧྲུའུ་པོ། མགོན་པོ་བཀྲ་ཤིས། ཆིན་དབྱི་ཀྲི། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། ལེའང་ཐེན་ཀེང་བཅས་ཕེབས་པ་དང་བློ་བཟང་རྒྱལ་མཚན་སོག་རྫོང་གི་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ཡོད་པ་རེད།

        ཁྲེན་ཆོན་གོས་འདི་ལོ་ཤར་ཚུན་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་ཕྱོགས་བཅུའི་ཐད་ཀྱི་བརྟན་སྲུང་བྱ་ཐབས་ནན་ཏན་ངང་དོན་འཁྱོལ་བྱས་ཏེ་དམ་འཛིན་སྔ་ཙམ་བྱེད་པ་དང་ཆུང་ས་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་བརྟན་ལྷིང་སྲུང་སྐྱོང་དང་ཞི་མཐུན་ལ་སྐུལ་མ་བཏང་སྟེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་དང་རྒྱུན་བསྲིང་གི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་བཏོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད། དེང་སྐབས་རང་ལྗོངས་སུ་འཕྲད་པའི་བརྟན་སྲུང་དུས་བབ་ལ་དབྱེ་ཞིབ་ནན་པོ་གནང་རྗེས་ཁྲེན་ཆོན་གོས་རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྟན་ལྷིང་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོར་འཛུགས་པ་དང་དམག་འཐབ་ལ་བསུན་པའི་བསམ་ཚུལ་དང་བག་གཡེང་ལྷོད་གཡེང་གི་བསམ་བློ་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། བདེ་འཇགས་ཀྱི་འདུ་ཤེས། ཉམས་ཉེན་གྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་དེང་སྐབས་དང་ཕྱིན་ཆད་སྐབས་ཤིག་རིང་གི་ལས་འགན་ཨང་དང་པོ་དང་། ལས་ཀའི་སྲོག་ཤིང་། གལ་ཆེའི་ནང་གི་འགངས་ཆེར་བཅས་སུ་དངོས་འབྲེལ་བརྩིས་ནས་སྔ་ཕྱི་བར་གསུམ་དུ་སེམས་ནུས་མི་ཐོར་བ་དང་། སྟོབས་ཤུགས་མི་ཆགས་པ། ལས་ཀར་གཡོ་འགུལ་མི་ཐེབས་པ། འགན་འཁྲི་ལྷོད་གཡེང་དུ་མི་གཏོང་བ་བཅས་བྱས་ནས་ཚད་མཐོའི་དོགས་ཟོན་དང་ཉེན་བརྡ་ཡུན་རིང་བཏང་སྟེ་དགྲ་ཡའི་ཕྱོགས་གཏོགས་དང་ཁ་ཕྲལ་པར་གོ་སྐབས་རྩ་བ་ནས་མི་སྤྲོད་པ་དང་མི་སུ་འདྲ་ཞིག་ལའང་བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོར་གཏོར་བཤིག་གཏོང་དུ་མི་འཇུག་པར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་བསྲིང་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་མཛུབ་སྟོན་གལ་ཆེན་ལག་ལེན་བསྟར་ནས་མི་སེམས་འགུགས་པ་དང་རྩ་སྲ་རྨང་བརྟན་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས། ཕྱོགས་གཅིག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་ཕྱོགས་བཅུའི་ཐད་ཀྱི་བརྟན་སྲུང་བྱ་ཐབས་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱས་ཐོག་དམ་འཛིན་སྔ་ཙམ་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་བྱས་ཏེ་དུས་བབ་ལ་ཚོད་དཔག་ཪྙོག་འཛིང་ཆེ་ཙམ་བྱེད་པ་དང་། བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ལ་བསམ་གཞིག་དེ་བས་ཚང་ཙམ་བྱེད་པ། སྔོན་ཇུས་སྣ་ཚོགས་དེ་བས་ཞིབ་ཚགས་ཙམ་བཟོ་བ། ཁ་གཏད་གཅོག་པའི་བྱ་ཐབས་འཆར་འགོད་དེ་བས་ལེགས་ཙམ་བཅས་བྱས་ཏེ་སྔ་ས་ནས་ཤེས་པ་དང་སྔ་ས་ནས་ཐག་གཅོད་ཐུབ་པ་བྱས་ཐོག་བདེ་འཇགས་དང་བརྟན་ལྷིང་མ་ཡིན་པའི་རྒྱུ་རྐྱེན་སྣ་ཚོགས་འགོ་འབུས་མ་ཐག་མེད་པ་བཟོ་ཐུབ་པ་བྱེད་དགོས། ཕྱོགས་གཞན་ཞིག་ནས་ལས་ཀའི་སྤྱོད་ཚུལ་ལ་སྔར་བས་འགྱུར་ལྡོག་བཏང་སྟེ་དངོས་འཛིན་དངོས་སྒྲུབ་དང་དོན་འཁྱོལ་དམ་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕྱི་ཚུལ་ཙམ་དུ་ལུས་པ་དང་། སྟོང་གཏམ་ཤོད་པ། ཧ་རི་ཧུ་རི་བྱེད་པ། རིམ་པ་བཞིན་བཀོད་སྒྲིག་བྱས་ཀྱང་རིམ་པ་བཞིན་དོན་འཁྱོལ་མེད་པ་བཅས་ཀྱི་སྤྱོད་ཚུལ་ངན་པ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་བཀོད་སྒྲིག་བྱས་ཟིན་པའི་བརྟན་སྲུང་ལས་དོན་ཚང་མར་དམ་འཛིན་མཐར་ཕྱིན་པ་བྱེད་པ་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱས་ཏེ་སྲུབ་ཁ་མ་ལུས་པ་དང་། གྲིབ་ཆ་མེད་པ། སྟོང་ཆ་མ་ལུས་པ་བཅས་བྱེད་ཐུབ་པ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་ཅིག་བསྐྲུན་ནས་གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་། གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱ་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཁྲེན་ཆོན་གོས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྒོ་ཀུན་ནས་ལེགས་པར་སྒྲུབ་པ་དང་ཆབས་ཅིག་གཤམ་གསལ་ཕྱོགས་བརྒྱད་ཐད་ཀྱི་འགག་རྩའི་ལྷུ་ཚིག་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་འདི་ལྟ་སྟེ། གཅིག་ནས་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གྲོང་ཚོར (ཡུལ་མི་ཨུ་ཡོན་ལྷན་ཁང )བཅའ་སྡོད་ལས་བྱེད་པས་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱས་ནས་གཞི་རིམ་རྩ་འཛུགས་འཛུགས་པ་དང་སྟོབས་ཆེར་གཏོང་བ་དང་། ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོང་བ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་གཏོང་བ། མིག་མཐོང་ལག་ཟིན་གྱི་ལས་བཟང་སྒྲུབ་པ་བཅས་ཀྱི་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པ་དང་ཕྱོགས་མཚུངས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དམ་འཛིན་ཡག་པོ་བྱས་ནས་ཞིང་འབྲོག་ཁུལ་བདེ་འཇགས་བརྟན་ལྷིང་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་དགོན་སྡོད་ལས་བྱེད་པའི་ནུས་པར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དགོན་སྡོད་ལས་བྱེད་པ་གཅིག་ཀྱང་མ་ལུས་པ་ཚང་མ་ལས་གནས་ཐོག་ཡོད་པ་དང་ཉིན་མཚན་ཀུན་ཏུ་ལས་གནས་ཐོག་ཡོད་པ་བྱས་ཏེ་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་རྒྱ་ཆེའི་གྲྭ་བཙུན་ལ་སེམས་ཁུར་དང་བྱམས་སྐྱོང་བྱེད་པའི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱས་ཏེ་དགོན་སྡེའི་རྒྱལ་གཅེས་ཆོས་གཅེས་དང་སྡོམ་སྲུང་ཁྲིམས་སྲུང་གི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས་དགོན་སྡེའི་ཞི་བདེ་བརྟན་ལྷིང་འགན་ལེན་བྱེད་དགོས་པ། གསུམ་ནས་སྤྱི་ཚོགས་ཀྱི་དོ་དམ་ཚོད་འཛིན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དྲ་མིག་ཅན་གྱི་དོ་དམ་བྱ་ཐབས་དེ་སྡེ་ཁུལ་དང་། ཞིང་འབྲོག་ཁུལ། དགོན་སྡེ་བཅས་སུ་ཁྱབ་པར་བྱེད་དགོས་པ་དང་། དྲག་རྡུང་རྩ་བཅོས་ཀྱི་འཐབ་རྩོད་གཏིང་ཟབ་སྤེལ་ནས་དམངས་སྤྱོད་འབར་གས་དངོས་རྫས་དང་། དུག་ཤེད་ཆེ་བའི་རྫས་འགྱུར་ཐོན་རྫས། མེ་མདའ་དང་རྫས་མདེལ་བཅས་གཙང་བཤེར་དང་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འགལ་བ་དང་རྩོད་གཞི་ཞིབ་བཤེར་དང་འདུམ་སྒྲིག་ཐག་གཅོད་གཏིང་ཟབ་བྱེད་པ། འགྲོ་ལམ་འགྲིམ་འགྲུལ་དང་མེ་ཟོན་བདེ་འཇགས་སོགས་ཀྱི་མི་མངོན་པའི་རྐྱེན་ངན་ཞིབ་བཤེར་དང་རྩ་བཅོས་གཏིང་ཟབ་བྱས་ནས་སྤྱི་པའི་བདེ་འཇགས་ལས་འཛོལ་ཆེན་པོ་མི་ཐོན་པའི་འགན་ལེན་བྱེད་དགོས་པ། བཞི་ནས་གཙོ་གནད་མི་ཁྱུའི་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མི་གཅིག་ཀྱང་མི་ལུས་པ་དང་གནད་དོན་གཅིག་ཀྱང་མི་ཐོན་པའི་འགན་ལེན་བྱེད་དགོས་པ། ལྔ་ནས་གཙོ་གནད་ས་ཁུལ་དང་གཙོ་གནད་ཚན་པར་དོ་དམ་ཚོད་འཛིན་དང་ལྷ་ས་དང་། ཆབ་མདོ། ནག་ཆུ། གཞིས་རྩེ་སོགས་གཙོ་གནད་ས་ཁུལ་དང “མཐའ་མཚམས་གཉིས་དང་ལམ་རྒྱུད་གཅིག ”གི་ཐག་གཅོད་བྱེད་ནུས་དང་། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས། འཕྲལ་སྡོམ་སྒྲིག་ཆས་བཅས “དོན་འཁྱོལ་གསུམ ”བྱེད་ཐུབ་པ་བྱེད་པ། མི་སྣ་འདུ་འཛོམས་ཆེ་བའི་ཁུལ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་གི་བྱ་ཐབས་ཁག་ལ་ཤུགས་སྣོན་རྒྱག་དགོས་པ། གྲོང་རྡལ་གྱི་གཙོ་གནད་ས་ཁུལ་གྱི་བདེ་འཇགས་ཞིབ་བཤེར་གྱི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་སེལ་དགོས་པ། དྲུག་ནས་ཆ་འཕྲིན་གསང་འཕྲིན་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྣ་གསང་མིག་གསལ་དང་རང་འགུལ་ཚོད་འཛིན་ཐུབ་པ་བྱེད་དགོས་པ། བདུན་ནས་འཕྲལ་སྡོམ་ལམ་སྲོལ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཐོལ་བྱུང་དོན་རྐྱེན་འཕྲད་ཚེ་དེ་མ་ཉིད་དུ་ཁ་གཏད་མགྱོགས་མྱུར་གཅོག་པ་དང་བློ་ཐག་ཆོད་པོས་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས་པ། བརྒྱད་ནས་གླེང་ཕྱོགས་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གཏན་འཇགས་ཁ་པར་དང་། ལག་ཁྱེར་ཁ་པར། དྲ་སྦྲེལ། དཔོད་ཆུང་བཅས་ལ་མིང་ངོ་མ་འགོད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་དྲ་སྦྲེལ་དང་ལག་ཁྱེར་ཁ་པར་སོགས་གསར་དར་སྨྱན་སྦྱོར་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་གླེང་ཕྱོགས་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོ་ཞིག་འཛུགས་དགོས་པ་བཅས་དང་ཕྱོགས་མཚུངས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བ་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་དམིགས་ཏེ་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་འཆམ་མཐུན་དང་། མཐུན་སྒྲིལ་ཡར་ཐོན། ཞི་མཐུན་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་འགན་འཁྲིར་ཤུགས་སྣོན་བརྒྱབ་སྟེ་གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་། གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱ་རྒྱུ་འགན་ལེན་བྱེད་དགོས། ཏང་སྲིད་དང་དམག་ཉེན་དམངས་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་སྟེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཐོལ་བྱུང་གི་སྤྱི་པའི་བདེ་འཇགས་དོན་རྐྱེན་ཐག་གཅོད་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། ནུས་ཤུགས་གང་ཡོད་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ་རིམ་པ་ཁག་དང་སྡེ་ཚན་ཁག་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་ཚང་མ་ལས་གནས་ཐོག་ཡོད་པ་དང་། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་དང་། ས་ཁུལ (གྲོང་ཁྱེར )དུ་བཅའ་སྡོད་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཚོགས་ཆུང་། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་བཅས་དངོས་འཐབ་ཀྱི་རྣམ་པའི་ཐོག་གནས་དགོས་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་སྡེ་ཚན་མི་སྣ་བཅས་འཁོར་ཤག་དང་། གཞུང་དོན་དུ་འགྲོ་བ། ཕྱི་རྒྱལ་དུ་འགྲོ་རྒྱུ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པ་བཅས་ཀྱི་བྱེད་སྒོ་མཚམས་འཇོག་བྱེད་དགོས་པ། རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་ཡིས་ཞིང་ཆེན་ཅུན་རིམ་པའི (ས་གནས་ཧྲེ་རིམ་པ་དང་རྫོང་ཐོན་རིམ་པའི )འགོ་ཁྲིད་ཀྱིས་རེས་སྐོར་བྱས་ནས་སྡོད་བྱ་སྣེ་ཁྲིད་དང་མཉམ་སྡེབ་ཀྱིས་སྡོད་བྱ་སྣེ་ཁྲིད་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ་བཅས་བྱས་ཏེ་ཆུ་ཚོད་ཉེར་བཞི་འགོ་ཁྲིད་ཀྱི་སྡོད་བྱ་ཡོད་པ་དང་སྡོད་བྱ་སྣེ་ཁྲིད་བྱེད་མཁན་ཡོད་པ་བྱ་རྒྱུ་འགན་ལེན་བྱེད་དགོས། འགན་གཙང་འགན་འཁྲི་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་ས་གནས (གྲོང་ཁྱེར )འགན་གཙང་ལེན་པ་དང་། ས་གནས་རིམ་པའི་འགོ་ཁྲིད་ཀྱིས་རྫོང (གྲོང་ཁྱེར་དང་ཆུས )འགན་གཙང་ལེན་པ། རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཤང (གྲོང་རྡལ )འགན་གཙང་ལེན་པ། ཤང་རིམ་པའི་འགོ་ཁྲིད་ཀྱིས་གྲོང་ཚོ (གྲོང་ལྷན )འགན་གཙང་ལེན་པ་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱེད་པ་དང་འགན་གཙང་ལེན་མཁན་རིམ་ཁག་ལས་བྱེད་པ་ཚང་མ་གཤམ་དུ་སྐྱོད་ནས་གནས་སྡོད་བྱས་ཏེ་འཐབ་ཕྱོགས་དང་པོར་སྐྱོད་པ་དང་ཞིབ་བཤེར་མཛུབ་ཁྲིད་བྱེད་པ་དང་གནད་དོན་ཤེས་འཕྲལ་དུས་ཐོག་ཏུ་ཐག་གཅོད་བྱས་ནས་འགན་གཙང་ལེན་སའི་ཁུལ་གྱི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱེད་དགོས། གཏོགས་ཁོངས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་། ས་སྲུང་ཐད་འགན་འཁུར་བ་དང་ཕྱོགས་གཅིག་གི་བདེ་འཇགས་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རང་ཉིད་ཀྱི་སྒོ་ཡག་པོ་སྲུང་བ་དང་རང་ཉིད་ཀྱི་མིར་དོ་དམ་ཡག་པོ་བྱེད་པ། རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ལྷག་པར་དུ་རྫོང (གྲོང་ཁྱེར་དང་ཆུས )ཨུད་ཀྱི་ཧྲུའུ་ཅི་དང་རྫོང (གྲོང་ཁྱེར་དང་ཆུས )དཔོན་དང་བོད་སྐྱོར་ལས་བྱེད་པའམ་ཡང་ན་བོད་དུ་ཡོད་པའི་ལས་བྱེད་པ་གང་ཞིག་ཡིན་རུང་ཚང་མས་ཚད་མཐོའི་འགན་འཁུར་བ་དང་ལས་གནས་བརྟན་སྲུང་བྱེད་དགོས། རང་དགར་ལས་གནས་ལས་བྲལ་བའི་རྐྱེན་གྱིས་བརྟན་ལྷིང་སྲུང་སྐྱོང་ཐད་གནད་དོན་ཐོན་རིགས་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་ནན་དུ་བཏང་ནས་ལྟ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མངོན་གསལ་ཞིབ་བཤེར་དང་མངོན་མེད་ཞིབ་བཤེར་ཟུང་འབྲེལ་བྱ་རྒྱུ་དང་རྒྱུན་གཏན་ཞིབ་བཤེར་དང་གློ་བུར་ཞིབ་བཤེར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་རྒྱུན་གཏན་ཅན་དུ་འགྱུར་བ་བྱེད་དགོས། ལས་གནས་བརྟན་སྲུང་མི་བྱེད་མཁན་དང་། འགན་འཁྲི་མི་འཁུར་མཁན། འགན་ཤོར་ལས་འཛོལ། ལས་དོན་དོན་འཁྱོལ་མི་བྱེད་མཁན། བྱེད་ཐབས་དོན་འཁྱོལ་མི་བྱེད་མཁན། བརྟན་ལྷིང་སྲུང་སྐྱོང་ཐད་གནད་དོན་ཐོན་རིགས་དང་ཐོག་ས་གནས་དེ་རང་དུ་གོ་གནས་མེད་པ་བཟོ་བ་དང་དེ་རྗེས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་སྒྲིག་ཁྲིམས་ནན་པོའི་ཐོག་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་བཅས་ཀྱིས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་སྟེ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས། གཅིག་ནས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་མགྱོགས་མྱུར་བརྒྱུད་བསྒྲགས་བྱས་ཏེ་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་པ་མ་ཟད། བྱེད་ཐབས་སྣ་ཚོགས་སྤྱད་དེ་ནན་ཏན་ངང་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཐོག་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་བྱེད་ཐབས་ཞིབ་ཏུ་གཏོང་བ་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ་འགན་འཁུར་སྡེ་ཚན་དང་མཐུན་སྦྱོར་ཚན་པ་གཙོ་བོ་ཁ་གསལ་ཡོང་བ་བྱེད་པ་དང་། དུས་མཚམས་ཀྱི་བཀོད་སྒྲིག་ཞིབ་ཏུ་གཏོང་བ། ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དང་། སྤྱི་ཚོགས་ཀྱི་འགལ་ཟླ། སྤྱི་པའི་བདེ་འཇགས་སོགས་ཁྱབ་ཁོངས་ཐད་ཀྱི་ལུས་པའི་གནད་དོན་ཞིབ་བཤེར་དང་མི་འདང་ས་ཁ་གསབ་བྱེད་པའི་ལས་དོན་ནན་ཏན་ངང་སྤེལ་དགོས་པ་དང་འབྲེལ་རེ་རེ་བཞིན་ལག་བསྟར་དོན་འཁྱོལ་ཡོང་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས་པ། གསུམ་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་ཁ་གསལ་ཡོང་བ་བྱས་ཏེ་ས་གནས་ཁག་དང་སྡེ་ཚན་ཁག་གི་ཏང་སྲིད་འགོ་ཁྲིད་གཙོ་བོས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་བ་ཨང་དང་པོའི་ལས་འགན་ཏན་ཏིག་སྒྲུབ་པ། འགན་འཁྲི་མི་ཐོག་ཏུ་དོན་འཁྱོལ་ཐུབ་པ། རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གནད་དོན་མི་ཐོན་རྒྱུ་འགན་ལེན་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ལས་གནས་བརྟན་སྲུང་དང་ལས་འགན་གཙང་སྒྲུབ་བྱས་ཏེ་ལྗོངས་ཡོངས་སུ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་པ་དང་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བཅས་བྱེད་དགོས་ཞེས་གསུངས་པ་རེད།

        ཧའོ་ཕུང་གིས་མིག་སྔའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་བཀོད་སྒྲིག་གནང་སྐབས་ཚོགས་ཆེན་བཅོ་བརྒྱད་པ་འཚོག་རིང་གི་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱས་ཏེ་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་རྒྱུ་དེ་ནི་ཏང་ཀྲུང་དབྱང་གི་ཐུགས་རེ་ཟབ་མོ་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཆེན་པོ་ཞིག་ཡིན་པ་མ་ཟད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་དེ་བཞིན་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་བཅས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། མཐའ་དག་བརྟན་ལྷིང་ལ་བསྟུན་པ་དང་མཐའ་དག་བརྟན་ལྷིང་ལ་ཞབས་འདེགས་ཞུ་བ། ཕྱོགས་ཡོངས་སྐུལ་སློང་དང་མགྱོགས་མྱུར་བྱ་སྤྱོད་སྤེལ་བ། ནུས་ཤུགས་ཡོད་རྒུ་འདོན་པ་དང་དཀའ་གནད་འགག་སྒྲོལ་བྱེད་པ་བཅས་བྱས་ཏེ “གནད་དོན་གསུམ་མི་ཐོན་པ ”བྱ་རྒྱུ་འགན་ལེན་བྱས་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པ་བྱེད་དགོས། རིམ་པ་ཁག་གི་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་འགག་སྒྲོལ་དམག་འཐབ་ཀྱི་སྤྱིའི་བླང་བྱ་གནས་འཁེལ་ངང་སྟངས་འཛིན་ཐུབ་པ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མི་ཉམས་པ་དང་སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་མི་ཆག་པ་བྱས་ནས་འགག་སྒྲོལ་དམག་འཐབ་ལ་སྒོ་ཀུན་ནས་རྒྱལ་ཁ་ཐོབ་རྒྱུ་འགན་ལེན་བྱེད་པ་དང་། སྔ་ཙམ་དམ་འཛིན་དང་། ཆུང་བ་དམ་འཛིན། མགྱོགས་མྱུར་དམ་འཛིན། དམ་འཛིན་ཡག་པོ་བྱ་རྒྱུ་བཅས་ལ་གཞི་ཚུགས་ནས་འགག་རྩའི་ལྷུ་ཚིགས་དང་གཙོ་གནད་ཁྱབ་ཁོངས་འབུར་དུ་ཐོན་པ་བྱས་ཏེ་གནད་དོན་སྔ་ཙམ་མཐོང་བ་བྱེད་པ་དང་། སྔོན་དཔག་དང་བརྡར་ཤ་གནད་འཁེལ་ཐུབ་པ། ཚོར་སྣང་མགྱོགས་པ། བྱ་ཐབས་ནན་པ་བཅས་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རྩ་བའི་ཐོག་ནས་མེད་པ་བཟོ་བ། གྲལ་བཤེར་བཅོས་སྒྲིག་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་དང་ཟུང་འབྲེལ་དམ་ཟབ་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་སྤྱི་པའི་བདེ་འཇགས་སྲུང་སྐྱོང་ནན་ཏན་བྱེད་པ། རིམ་ཁག་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ལ་བརྟེན་པ་དང་མང་ཚོགས་སྐུལ་སློང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་སྔོན་འགོག་ཚོད་འཛིན་གྱི་དྲ་བ་ནན་དུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། དྲང་ཕྱོགས་ཀྱི་སློབ་གསོའི་ཁྲིད་སྟོན་འབུར་དུ་ཐོན་པ་བྱས་ཏེ་སྤྱི་ཚོགས་ཀྱི་གླེང་ཕྱོགས་གཙང་བཟོ་དང་གླེང་ཕྱོགས་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ནས་དགའ་སྤྲོ་འཆམ་མཐུན་དང་། མཐུན་སྒྲིལ་ཡར་ཐོན། ཞི་མཐུན་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་པ། འགན་འཁྲི་ཁ་གསལ་དང་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ནན་པོ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།