དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་སྔར་བས་གཏིང་ཟབ་དང་།ཞིབ་ཚགས།ཏན་ཏིག་ཡག་པོ་བཅས་བསྒྲུབས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་ 10ཚེས་10 ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་ཚོགས་འདུ་འཚོགས་ཏེ་དུས་མཚམས་གོང་མའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྙན་ཞུ་གསན་པ་དང་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་དང་། ཧའོ་ཕུང་། ཝུའུ་དབྱིང་ཅེ། དབྱང་ཅིན་ཧྲན། ཅིན་ཧྲུའུ་པོ། མགོན་པོ་བཀྲ་ཤིས། ཆིན་དབྱི་ཀྲི ཆེ་དགྲ་ལྷ། ལེའང་ཐན་ཀེང་བཅས་ཕེབས་ཡོད་པ་རེད།

        ཁྲེན་ཆོན་གོས་མིག་སྔར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད་པས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་ཆེ་ལ་ལས་འགན་གཟི་བརྗིད་ཆེན་པོ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་སྔར་བས་ཆེ་རུ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག ཡག་པོ་བཅས་བསྒྲུབས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

        གཅིག་ནས་ལྷོད་གཡེང་སྣང་མེད་ཀྱི་བསམ་བློ་ཁྱད་བསད་བྱེད་དགོས་ཤིང་། གཅིག་ནས་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་མཐོང་ཐུབ་པ་བྱེད་དགོས་ལ་དུས་མཚུངས་ང་ཚོར་འཕྲད་པའི་སྔར་བཞིན་ཛ་དྲག་དང་ཪྙོག་འཛིང་ཆེ་བའི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཡང་ཐུབ་པ་བྱས་ཐོག་ཁྱོན་ཡོངས་ཀྱི་འདུ་ཤེས་དང་། བདེ་འཇགས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་བ་དང་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ཏེ་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་ཡོང་བ་དང་བརྟན་ལྷིང་གི་རྩ་བ་དེ་དམ་བཟུང་གིས་ལྷོད་གཡེང་སྣང་མེད་ཀྱི་བསམ་བློ་ཁྱད་བསད་དང་ལྷོད་གཡེང་ཉོབ་མདངས་ཀྱི་བསམ་བློ་དོར་ནས་སེམས་ནུས་མི་ཉམས་པ་དང་། བྱ་ཐབས་སྤེལ་ཤུགས་མི་ཉམས་པ། ལས་དོན་ལ་གཡོ་འགུལ་མི་གཏོང་བ། འགན་འཁྲི་ལྷོད་གཡེང་མི་གཏོང་བ་བཅས་བྱས་ཏེ་ཞི་མཐུན་བརྟན་ལྷིང་འགན་ལེན་གྱི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པ་དང་། གཉིས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱེད་དགོས་ཤིང་། “ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་དང་བྱ་ཐབས་སྔོན་ལ་སྤྱོད་པའི ”བླང་བྱ་གཞིར་བཟུང་བློ་བརྟན་འགྱུར་མེད་དང་ཆད་ལུས་མེད་པའི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། དངོས་འཛིན་དངོས་སྒྲུབ་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ཐོག་འབད་བརྩོན་ལྷོད་མེད་བྱེད་པ་དང་བཀོད་སྒྲིག་བྱས་པའི་ལས་དོན་ཁག་དང་གཏན་འཁེལ་བྱས་པའི་དམིགས་ཚད་ཁག་དམ་འཛིན་ནན་པོ་དང་མཐར་ཕྱིན་པ་བྱས་ནས་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ་དང་། ལྷུ་ཚིགས་རེ་རེ་བཞིན་དམ་འཛིན་ནན་པོ་བྱེད་པ། བྱ་བ་རེ་རེ་བཞིན་ཡག་པོ་སྒྲུབ་པ་བཅས་བྱས་ཐོག་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་དང་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་གནམ་རྒྱ་ས་ཪྙི་དངོས་སུ་བསྐྲུན་ནས “གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱེད་དགོས་པའི ”དམིགས་ཚད་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱེད་དགོས་པ།

        གསུམ་ནས་གཙོ་གནད་ལས་དོན་མངོན་གསལ་དོད་པོས་དམ་འཛིན་བྱེད་དགོས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་མིག་སྔར་ལས་འགན་ཁག་ལྔ་དོན་འཁྱོལ་ཡག་པོ་བྱེད་པ་དང་དུས་མཚུངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་གཙོ་གནད་ཐོག་དམ་འཛིན་བྱས་ནས་ཞིང་འབྲོག་ཁུལ་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་པ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་རྒྱ་ཆེའི་གྲྭ་བཙུན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱས་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་རྒྱལ་གཅེས་ཆོས་གཅེས་ཀྱི་རྒྱ་ཆེའི་གྲྭ་བཙུན་ཚོའི་སེམས་ནང་ཏན་ཏིག་ཚོར་བ་བྱེད་པ་དང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱས་ཐོག་དགོན་སྡེའི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྡེ་ཁུལ་དང་། ཞིང་འབྲོག་ཁུལ། དགོན་སྡེ་བཅས་སུ་དྲ་མིག་ཅན་གྱི་དོ་དམ་ཁྱབ་པ་བྱས་ནས་གྲིབ་ཆ་མེད་པ་དང་། སྲུབ་ཁ་མ་ལུས་པ། སྟོང་ཆ་མ་ལུས་པ་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱེད་པ། ཕྱོགས་མིའི་མི་འབོར་དང་གཙོ་གནད་མི་ཚོགས་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གནད་དོན་གང་ཡང་མི་ཐོན་པའི་འགན་ལེན་བྱེད་པ། གཙོ་གནད་ས་ཁུལ་དང་། གནས་གཙོ་བོ། “མཐའ་མཚམས་ས་མཚམས་དང་མཚོ་བོད་ལྕགས་ལམ་རྒྱུད ”བཅས་ལ་དོ་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཏེ་གནས་ཚུལ་གང་ཡང་མི་ལྷགས་པའི་འགན་ལེན་བྱེད་པ། རྐྱེན་མ་བྱུང་གོང་ལ་ཟློག་པ་བརྒྱབ་སྟེ་སྔ་ཙམ་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་བྱེད་པ་དང་། བརྟན་ལྷིང་གི་རྐྱེན་ངན་སྣ་ཚོགས་གྲལ་བཤེར་གཏིང་ཟབ་བྱས་ཏེ་སྔ་ཙམ་ཤེས་པ་དང་སྔ་ཙམ་སེལ་ཐུབ་པ། འཕྲལ་སྒྲུབ་སྔོན་ཇུས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཐོལ་བྱུང་དོན་རྐྱེན་ཐོན་ཚེ་འཕྲལ་དུ་ཁ་གཏད་གཅོག་པ་དང་འཕྲལ་ཐག་ཆོད་པོའི་སྒོ་ནས་ཐག་གཅོད་བྱ་རྒྱུ་འགན་ལེན་བཅས་བྱེད་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་གསར་དར་སྨྱན་སྦྱོར་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་། སྤྱི་པའི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་བྱེད་པ། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་གནས་ཚུལ་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་དགའ་སྤྲོ་འཆམ་མཐུན་དང་། མཐུན་སྒྲིལ་ཡར་ཐོན། ཞི་མཐུན་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པ།

        བཞི་ནས་རིམ་ཁག་འགོ་ཁྲིད་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས་ཤིང་། རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ཚན་ཁག་གིས་ནུས་ཤུགས་ཡོད་རྒུ་འདོན་པ་དང་ཆེད་འགན་ཆེད་འཁུར་གྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། རིམ་ཁག་ཁག་བགོས་འགན་གཙང་ལེན་མཁན་འགོ་ཁྲིད་བློ་མཐུན་ལས་གནས་ཐོག་གནས་པ་དང་འགན་འཁྲི་གཙང་སྒྲུབ་ཀྱིས་འཐབ་ས་དང་པོར་སྐྱོད་དེ་བརྟན་ལྷིང་ལས་དོན་ལ་མཛུབ་ཁྲིད་བྱས་ནས་ཁག་བགོས་འགན་གཙང་བླངས་པའི་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱེད་པ། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་བ་དང་པོ་ཡིན་པའི་རིམ་ཁག་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་ལས་གནས་བརྟན་སྲུང་བྱེད་པ་ལས་རང་དགར་ལས་གནས་ལས་བྲལ་མི་ཆོག་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཞོགས་འདེགས་དམ་ཟབ་དང་རང་འགན་གཙང་སྒྲུབ་ཀྱིས་དོ་དམ་དང་ཚོད་འཛིན་བྱ་རྒྱུ་མ་ལུས་པ་བྱས་ཐོག་བདེ་འཇགས་འགན་ལེན་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ནས་གནད་དོན་གང་ཡང་མི་ཐོན་པ་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས་པ།

        ལྔ་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་བདའ་འདེད་ནན་པོ་བྱེད་དགོས་ཤིང་། ལས་ཤོར་འགན་འཛོལ་གྱི་གྱོད་གཞི་རྩད་ཞིབ་ནན་པོ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་ཐད་གནད་དོན་ཐོན་རིགས་དེ་གར་གོ་གནས་མེད་པ་བཟོ་བ་དང་རྩད་ཞིབ་ནན་པོ་བྱེད་དགོས། ལྟ་ཞིབ་མངོན་མེད་བཅར་འདྲི་བྱེད་ཤུགས་ཆེ་རུ་བཏང་སྟེ་ལམ་ལུགས་ཅན་དང་རྒྱུན་ལྡན་ཅན་མཐའ་འཁྱོངས་ཀྱིས་མངོན་ཡོད་དང་མངོན་མེད་བཅར་འདྲི་ཟུང་འབྲེལ་དང་རྒྱུན་ལྡན་གྱི་ཞིབ་ཤེར་དང་གློ་བུར་དུ་ཞིབ་བཤེར་བྱ་རྒྱུ་ཟུང་འབྲེལ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ཁག་དངོས་འབྲེལ་དོན་འཁྱོལ་ཐུབ་རྒྱུ་འགན་ལེན་བྱེད་དགོས། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེར་འོས་དམ་འཛིན་གྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་འགན་འཁུར་མཁན་དང་། ལེགས་སྐྱེས་ཆེན་པོ་འབུལ་མཁན། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་མཁན་བཅས་ཀྱི་བློ་མཐུན་ལ་རྔ་རྡུང་དར་འཕྱར་ངང་གཟེངས་བསྟོད་དང་བྱ་དགའ་སྤྲོད་པ་དང་། དུས་ཐོག་ཏུ་གནས་སྤོར་དང་སྤྱོད་དགོས་པ་དང་ལས་གནས་མ་སྲུང་བ་དང་། འགན་འཁྲི་མི་འཁུར་བ། ལས་ཤོར་འགན་འཛོལ་བྱུང་བ། ལས་ཀ་དོན་འཁྱོལ་མི་བྱེད་པ། བྱ་ཐབས་དོན་འཁྱོལ་མ་བྱུང་བ་བཅས་ལ་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱས་ཏེ་ཡག་པོ་སྒྲུབ་མིན་མི་འདྲ་བ་དང་སྒྲུབ་མང་ཉུང་མི་འདྲ་བའི་ཕྱོགས་སྟོན་བཟང་པོ་ཞིག་འཛུགས་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།