དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་ལྷ་ས་གྲོང་ཁྱེར་ར་མོ་ཆེ་སྡེ་ཁུལ་ཨུ་ལྷན་དུ་སྤྱི་ཚོགས་དོ་དམ་གསར་གཏོད་ལ་བརྟག་ཞིབ་དང་གཞི་རིམ་གྱི་མང་ཚོགས་ལ་གཟིགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འདི་ནི་ཁྲེན་ཆོན་གོས་ར་མོ་ཆེ་སྡེ་ཁུལ་ཨུ་ལྷན་གྱི་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ལས་དོན་སྒྲུབ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བའི་གནས་ཚུལ་ཡིན་པ།

        འདི་ནི་ཁྲེན་ཆོན་གོས་ལོ་ན་83ལ་སོན་པའི་ལས་འཁྱུར་ལས་བྱེད་པ་བསྟན་པ་བཟའ་ཚོ་གཉིས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པའི་གནས་ཚུལ་ཡིན་པ།

        ཟླ་10ཚེས་9ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ལྷ་ས་གྲོང་ཁྱེར་ར་མོ་ཆེ་སྡེ་ཁུལ་ཨུ་ལྷན་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་མ་ཟད་སྤྱི་ཚོགས་དོ་དམ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ཐད་བརྟག་ཞིབ་གནང་བ་རེད། ཁོང་གིས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་དྲ་མིག་ཅན་གྱི་དོ་དམ་དེ་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ནུས་ལྡན་གཞི་བརྟེན་དུ་ཏན་ཏིག་ངང་བརྩིས་ནས་གཞི་རིམ་སྤྱི་ཚོགས་ཀྱི་ཞབས་ཞུའི་དོ་དམ་ནུས་པ་ཆེ་རུ་ཤུགས་ཆེན་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཤུགས་ཏན་ཏིག་ངང་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཐིང་ཀྲང་ལི་ཀྲའོ་བརྟག་ཞིབ་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

        ར་མོ་ཆེ་སྡེ་ཁུལ་ཨུ་ལྷན་ནི་མི་གྲངས་3000ཙམ་ཡོད་པའི་སྡེ་ཁུལ་ཆེ་གྲས་ཤིག་རེད། སྡེ་ཁུལ་ཨུ་ལྷན་དུ་ཁྲེན་ཆོན་གོས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ས་ཚིགས་དང་སྡེ་ཁུལ་གྱི་ཞབས་ཞུའི་ས་ཚིགས་སུ་སྔ་རྗེས་སུ་ཕེབས་ཏེ་སྡེ་ཁུལ་གྱི་དྲ་མིག་ཅན་གྱི་དོ་དམ་ལས་དོན་སྒྲུབ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ར་མོ་ཆེ་སྡེ་ཁུལ་གྱིས་སྡེ་ཁུལ་གྱི “མི་སྣ་དང་། ས་ཆ། དངོས་པོ། གནས་ཚུལ། བྱ་བ། འགན་གཙང་བླངས་པའི་ལས་འགན ”སོགས་དོན་དངོས་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་སྡེ་ཁུལ་ཧྲིལ་པོ་དྲ་མིག་ཁག་གསུམ་ལ་དབྱེ་བ་དང “1+5+X”ཡི་རྩ་དོན་ལྟར་དྲ་མིག་གི་ལས་དོན་པ་བཀོད་སྒྲིག་བྱས་ཏེ་སྤྱི་ཚོགས་ཀྱི་དོ་དམ་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། ཁྲེན་ཆོན་གོས་བྱེད་སྟངས་དེ་རིགས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་ལྷ་སའི་ལག་ལེན་ཐོག་ནས་དྲ་མིག་ཅན་གྱི་དོ་དམ་ཁྱབ་གདལ་གཏོང་བ་ནི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ནུས་ལྡན་གཞི་རྟེན་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས “ཁྱོན་ཡོངས་ལ་དོ་དམ་བྱེད་པ་དང་ཞབས་འདེགས་གང་ལེགས་ཞུ་བའི ”རྩ་དོན་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་། གྲོང་གསེབ། དགོན་སྡེ་བཅས་སུ་དྲ་མིག་ཅན་གྱི་སྤྱི་ཚོགས་དོ་དམ་གྱི་ཞབས་ཞུ་ཡོངས་ཁྱབ་ངང་ལག་བསྟར་བྱེད་དགོས། ཐོན་ཁུངས་ཁག་བསྡུ་སྒྲིལ་བྱས་ནས་སྤྱི་ཚོགས་དོ་དམ་གྱི་ཕྱོགས་བསྡུས་ཆ་འཕྲིན་མ་ལག་འཛུགས་པ་དང་། སྤྱི་ཚོགས་ཀྱི་འགལ་བ་གྲལ་བཤེར་དང་བར་འདུམ་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་སྔ་ཙམ་རྟོགས་པ་དང་། སྔ་ཙམ་སེལ་བ། སྔ་ཙམ་ལན་འདེབས་བཅས་ཏན་ཏིག་ཐུབ་པ་བྱེད་པ་དང་ཉེ་འགྲམ་གྱི་བྱ་བ་དྲ་མིག་ནང་ནས་མངོན་ཐུབ་པ་དང་། བྱ་བ་ཆུང་གྲས་སྡེ་ཁུལ་ནས་ཐག་གཅོད་ཐུབ་པ། འགལ་བ་དང་རྩོད་གཞི་གོང་རིམ་ལ་རྩིས་མི་སྤྲོད་པ་བཅས་ཐུབ་པ་བྱས་ནས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

        ཡུལ་མི་ཨུ་ལྷན་གྱི་སྒོ་རའི་ནང་དཔུང་རྟགས་དམར་པོ་བཏགས་པའི “བཞི་སྲུང ”རུ་མི་འགའ་སྐོར་གཡེང་དུ་འགྲོ་རྩིས་བྱེད་བཞིན་ཡོད། ཁྲེན་ཆོན་གོས་ཁོང་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་ཚང་མས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཁོང་གིས་མཉམ་འགོག་མཉམ་བཅོས་ནི་སྤྱི་ཚོགས་དོ་དམ་གྱི་ཉམས་མྱོང་ཡག་པོ་ཞིག་ཡིན་པས་མང་ཚོགས་སྤྱི་ཚོགས་དོ་དམ་ནང་ཞུགས་པའི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མང་ཚོགས་ཞུགས་ཐབས་རྒྱ་ཆེར་གཏོང་བ། མང་ཚོགས་ཞུགས་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་དོ་དམ་ནང་མང་ཚོགས་ཞུགས་རྒྱུར་ཆ་རྐྱེན་ཧུར་ཐག་བསྐྲུན་ཏེ་སྤྱི་ཚོགས་དོ་དམ་ནང་མི་ཀུན་ཞུགས་པ་དང་མི་ཀུན་གྱིས་ཞི་མཐུན་སྤྱི་ཚོགས་ཐུན་མོང་ཐོག་མཉམ་སྤྱོད་བྱེད་པའི་རྣམ་པ་བཟང་པོ་ཞིག་ཏན་ཏིག་ངང་སྒྲུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

        དམངས་ཕན་ཞབས་ཞུའི་ཚོམས་ཆེན་ནང་ལས་དོན་མི་སྣ་རྣམས་ཀྱིས་བྲེལ་འཚུབ་ངང་ལས་ཀ་བྱེད་བཞིན་ཡོད་པ་དང་ཁྲེན་ཆོན་གོས་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་སྡེ་ཁུལ་དུ་དམངས་ཕན་ཞབས་ཞུའི་ལས་དོན་སྒྲུབ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པར་སྔོན་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་ཚོད་འཛིན་རྣམ་པའི་དོ་དམ་དེ་ཞབས་ཞུ་རྣམ་པའི་དོ་དམ་གྱི་ཕྱོགས་སུ་བསྒྱུར་ཐུབ་པ་བྱེད་དགོས། སྤྱི་ཚོགས་ཀྱི་ཞབས་ཞུ་དང་དོ་དམ་གྱི་ཕྱོགས་བསྡུས་སྟེགས་བུ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ལ་བྱ་བ་སྒྲུབ་སྐབས་སྟབས་བདེ་ཡོང་བ་བྱས་ཏེ་བདེ་སྡུག་ཞུ་སྐབས་དང་ལེན་བྱེད་པ་དང་། རོགས་རམ་བྱེད་དགོས་སྐབས་རོགས་རམ་བྱེད་པ། དཀའ་ངལ་འཕྲད་སྐབས་སེལ་རོགས་ཐུབ་པ་བཅས་བྱེད་དགོས། ཕྱོགས་མིར་ཞབས་འདེགས་ཞུ་བ་དང་། དམིགས་བསལ་མི་ཚོགས་ལ་ཞབས་འདེགས་ཞུ་བ། “རྩ་འཛུགས་གསར་པ་གཉིས ”ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ་དང་ཞི་མཐུན་གྱི་རྒྱུ་རྐྱེན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མང་དུ་གཏོང་དགོས་ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་ད་དུང་ར་མོ་ཆེ་སྡེ་ཁུལ་ཨུ་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་ལ་བྱམས་བརྩེའི་ངང་གཟིགས་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་བཅའ་སྡོད་ལས་དོན་རུ་ཁག་ལ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལས་འགན་ཁག་ལྔ་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་གྲུབ་བྱས་ཏེ་ཡུལ་མི་ཨུ་ལྷན་དང་གཞོགས་འདེགས་དམ་ཟབ་ཀྱིས་འཕེལ་རྒྱས་དང་བརྟན་ལྷིང་གི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་ཕྱིར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།