དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ངོས་འཛིན་མཐོར་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་10ཚེས་7ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་མིག་སྔའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་བཀོད་སྒྲིག་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཧའོ་ཕུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་སྔར་བས་གཅིག་གྱུར་དང་། ངོས་འཛིན་མཐོ་རུ་གཏོང་བ། ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

        བློ་བཟང་རྒྱལ་མཚན་དང་། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

        འབྲེལ་ཡོད་ཕྱོགས་ཁག་གི་སྙན་སེང་གསན་རྗེས་ཧའོ་ཕུང་གིས་ཉེ་བའི་དུས་ཚོད་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ལ་ཆེད་འགན་འཁུར་མཁན་གྱི་གཅིག་གྱུར་བཀོད་འདོམས་འོག་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་རང་འགན་ནན་སྒྲུབ་དང་བསྟུད་མར་འབད་འཐབ་བྱས་པས་རྒྱལ་སྟོན་དང་བརྒྱད་པའི་བཅོ་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱུང་ཡོད། རང་ཉིད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ཚབ་ཞུས་ནས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་རྒྱ་ཆེའི་ལས་རེས་དཔོན་དམག་དང་། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། གཞི་རིམ་ལས་བྱེད་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཧའོ་ཕུང་གིས་མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་སྤྱི་ཡོངས་ནས་བརྟན་ལྷིང་ཡོད་མོད། འོན་ཀྱང་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་སྔར་བཞིན་གནས་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་ཉེར་ཡོད་པས་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ལས་དོན་དེ་བས་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་པོ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་བསམ་བློ་སྔར་བས་གཅིག་གྱུར་ཡོང་བ་བྱེད་པ་དང་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཐོག་ཧྲུའུ་ཅི་ཁྲེན་ཆོན་གོའི “དོགས་ཟོན་ཆེར་བསྐྱེད་དང་། ལས་གནས་བརྟན་སྲུང་། བྱེད་ཐབས་དོན་འཁྱོལ། འགན་འཁྲིར་ཤུགས་སྣོན ”བཅས་ཀྱི་ལས་ཀའི་བླང་བྱར་ཏན་ཏིག་གཞིགས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་བ་དང་། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏན་ཏིག་ཏིག་དང་ཞིབ་ཅིང་ཕྲ་བའི་ངང་སྒྲུབ་པ་བཅས་བྱས་ཏེ་ཀྲུང་དབྱང་གི་རེ་འདུན་དང་། ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་ཟབ་མོ། མི་རིགས་ཁག་གི་མི་དམངས་ཀྱི་འདུན་པ་བཅས་ཆུད་ཟོས་སུ་གཏན་ནས་མི་བཏང་བར་བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

        མིག་སྔའི་བར་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་ཐད་ཧའོ་ཕུང་གིས་ས་ཁུལ་དང་གྲོང་ཁྱེར་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་བཅས་ལ་གནས་ཚུལ་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ལྷག་པའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་དམིགས་ནས་འགན་འཁྲིར་ཤུགས་སྣོན་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་ཏན་ཏིག་ནུས་ལྡན་ངང་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱེད་དགོས་པ་དང་། སྤྱི་ཚོགས་ཧྲིལ་པོར་དོ་དམ་ཚོད་འཛིན་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་གནས་ཚུལ་མི་ལྷག་པའི་འགན་ལེན་བྱ་རྒྱུ་རྩ་དོན་དུ་བྱས་ཏེ་གྲོང་ཁྱེར་དྲ་བ་ཅན་གྱི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་མཉམ་དུ་ལས་རེས་དང་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས་པ། རྡུང་རྡེག་དང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དང་ཉེས་དོན་ཉེས་གསོག་ཚབས་ཆེན་ལ་རྡུང་རྡེག་ཚ་ནན་བཏང་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་མེད་པ་བཟོ་དགོས་པ། གྲྭ་བཙུན་ལ་ཞབས་འདེགས་དང་དོ་དམ་བྱེད་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་པ་དང་། དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། དད་ལྡན་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས་པ། བརྟན་ལྷིང་མེད་པའི་གནད་དོན་གལ་ཆེན་གྲལ་བཤེར་དང་ཐག་གཅོད་གཏིང་ཟབ་བྱེད་པ་དང་། མངོན་གསལ་དོད་པའི་འགལ་ཟླ་དང་རྩོད་གླེང་འདུམ་འགྲིག་དང་ཐག་གཅོད་བྱེད་མཁས་པོ་བྱེད་པ། མང་ཚོགས་ཆེད་བྱ་བ་དངོས་མང་ཙམ་བསྒྲུབས་པ་དང་དཀའ་གནད་སེལ་བ་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པ། ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། འགྲིམ་འགྲུལ་གཞུང་ལམ་དང་། མེ་ཟོན་བདེ་འཇགས། གཙོ་གནད་ལས་གྲྭའི་ལས་ཡུལ། ཡུལ་སྐོར་ཁྲོམ་ར་བཅས་ལ་ཁྲིམས་འཛིན་དང་ལྟ་སྐུལ་བྱེད་པའི་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ། བདེ་འཇགས་ལྟ་སྐུལ་དོ་དམ་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་བཅས་བྱས་ཏེ་སྤྱི་པའི་བདེ་འཇགས་དོན་རྐྱེན་ཚབས་ཆེན་ཐོན་རྒྱུ་བཀག་འགོག་ནན་པོ་བྱེད་དགོས་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་སྔར་བས་ནན་དུ་གཏོང་བ་དང་། རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གཙོ་བོས་འགན་འཁྲི་ཨང་དང་པོའི་འདུ་ཤེས་བརྟན་པོ་འཛུགས་པ། རྒྱ་ཆེའི་ལས་རེས་དཔོན་དམག་དང་། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་ཀྱིས་འཐབ་ས་དང་པོ་བརྟན་སྲུང་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་ཏན་ངང་བསྒྲུབས་པ་བཅས་བྱས་ཏེ་ཕྱོགས་གཅིག་དུས་བདེ་དང་སྤྱི་ཡོངས་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་དང་ཆབས་ཅིག་མི་སྣ་ལས་གནས་ཐོག་ཡོད་མིན་དང་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་འཕྲལ་ཞིབ་དང་མངོན་བཤེར་ལྐོག་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཤིན་ཏུ་ནན་པའི་སྒྲིག་ཁྲིམས་ཀྱི་ཐོག་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྔོན་གཏན་འཁེལ་བའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལི་ཀྲའོ་དང་། སུང་ཅིང་ཡོན། དབྱང་ཧྲོང་ཅུས། ཀུའོ་དབྱི་ལི། ཀའོ་དབན་ཧའེ། ཁྱུང་སྲས་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།