དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • མགོན་པོ་བཀྲ་ཤིས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་འཚམས་འདྲི་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་བཀའ་མངགས་ལྟར་ཟླ་10ཚེས་4ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་ལྷོ་ཁ་ས་ཁུལ་ཟངས་རི་རྫོང་རོང་ཤང་དུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་དང་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

        “རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་ཟངས་རི་རྫོང་རོང་ཤང་དུ་མངགས་གཏོང་བྱས་པའི་ལས་དོན་རུ་ཁག་བཞི་པོས་སྦ་ནག་དང་། རྩྭ་པ། ནུབ་ཁ། འཕྲིན་པ་བཅས་གྲོང་ཚོ་བཞིའི་གཞོན་ནུ་57གྱི་ལས་ཞུགས་ཐག་གཅོད་བྱས་པ་དང་སྦ་ནག་གྲོང་ཚོ་དང་འཕྲིན་པ་གྲོང་ཚོའི་བོད་བྱ་གསོ་ཚགས་དཔེ་སྟོན་དུད་ཚང་35ལ་རོགས་སྐྱོར་བྱས་ཏེ་དཔལ་འབྱོར་གྱི་ཕན་འབྲས་ཐོན་འགོ་ཚུགས་ཡོད། གསར་དུ་ཉོས་པའི་མཉམ་འབྲེལ་རྔ་བསྡུ་འཕྲུལ་འཁོར་གྱིས་སྟོན་བསྡུའི་སྐབས་སུའང་ནུས་པ་གལ་ཆེན་བཏོན་ཡོད ”ཞེས་པ་སོགས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྙན་ཞུ་གསན་པ་དང་རུ་མིའི་སྡོད་ཁང་ནང་བཀལ་བའི “མང་ཚོགས་ཀྱི་བདེ་སྡུག་རྟོགས། མང་ཚོགས་ལ་ཁེ་ཕན་སྒྲུབ ”ཅེས་པའི་མང་ཚོགས་ཀྱིས་ཕུལ་བའི་གོས་དར་གཟིགས་སྐབས་མགོན་པོ་བཀྲ་ཤིས་དགྱེས་ཚོར་ཆེན་པོ་བྱུང་བ་དང་འབྲེལ་གྲོང་ཚོར་བཅའ་སྡོད་ལས་དོན་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

        མགོན་པོ་བཀྲ་ཤིས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིར་ངེས་པར་དུ་ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་མུ་མཐུད་རྒྱ་ཁྱབ་ཏུ་གཏོང་བ་དང་ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་ཤུགས་ཆེན་བྱས་ཏེ་མང་ཚོགས་ཚོས་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པ་ཤེས་སུ་འཇུག་པ་དང་མི་རིགས་ཁག་གི་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་དང་གདེང་ཚོད་བརྟན་དུ་གཏོང་བའི་སློབ་གསོ་གཏོང་དགོས། དེ་དང་ཕྱོགས་མཚུངས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་ཉེར་ཡོད་པས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དང་རྒྱ་ཆེའི་གཞི་རིམ་ལས་བྱེད་པས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལྟར་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་སེམས་པའི་ཐོག་ནས་སྤྱི་ཚོགས་བརྟན་ལྷིང་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་ཆེད་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གྲོལ་རྗེས་ད་དུང་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུའི་བླང་བྱ་བཏོན་གནང་བ་རེད། ਍(པར་ངོས་དང་པོར་མཐུད ) བཟོ་ལས་ཀྱི་ཐོན་སྐྱེད་མ་ལག་རིམ་བཞིན་འཐུས་ཚང་དུ་ཕྱིན་པ། མིག་སྔར་ལྗོངས་ཡོངས་སུ་དགེ་མཚན་ལྡན་པའི་གཏེར་ཁའི་ཐོན་ལས་དང་། བཟོ་སྐྲུན་རྒྱུ་ཆའི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་དང་བོད་སྨན་བཅས་ཀྱིས་གཙོ་བོ་བྱེད་པའི་གློག་ནུས་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས། བཟའ་བཅའ་ལས་སྣོན་སོགས་ཚུད་པའི་བཟོ་ལས་ཀྱི་གཙོ་བོ་བྱས་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་བཟོ་ལས་ཐོན་སྐྱེད་མ་ལག་ཅིག་རགས་ཙམ་ཆགས་ཡོད་པ་རེད།

        ཡུལ་སྐོར་ལས་རིགས་ཡར་སྔོན་ཟླ་ལྟར་འཕེལ་རྒྱས་འགྲོ་བ། རང་སྐྱོང་ལྗོངས་ཀྱིས་ཡུལ་སྐོར་དང་རིག་གནས་དང་སྣོད་བཅུད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས “རི་མཐོ་དང་། གངས་ལྗོངས། ཉི་འོད། བོད་ཀྱི་རིག་གནས ”བཅས་ཀྱི་བརྗོད་བྱ་གཙོ་བོ་མངོན་གསལ་དུ་ཐོན་པ་བྱས་ཏེ་ཡུལ་སྐོར་ཀྱི་བར་མཐོངས་བཀོད་པ་ལེགས་སུ་གཏོང་བ་དང་ཡུལ་སྐོར་གྱི་བར་ཁྱམས་ནུས་པ་འཐུས་ཚང་དུ་བཏང་ནས་སྤུས་དག་གི་ཡུལ་སྐོར་ལམ་ཐིག་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་པ་དང་འབྲེལ་ཡོད་ཀྱི་ཐོན་ལས་དང་ཞབས་ཞུ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་བཏང་ནས་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་ཡུལ་སྐོར་ཐོན་རྫས་ཀྱི་མ་ལག་དང་། ཡུལ་སྐོར་ཐོན་ལས་ཀྱི་མ་ལག ཡུལ་སྐོར་ཁྲོམ་རའི་མ་ལག ཡུལ་སྐོར་ཚད་ལྡན་ཅན་གྱི་མ་ལག་བཅས་ཆགས་པ་བྱེད་པ། རིག་གནས་ཀྱི་མྱོང་ཚོར་དང་། སྣོད་བཅུད་ཡུལ་སྐོར། གུང་གསེང་དགའ་གཏོང་། དམིགས་བསལ་ཅན་གྱི་ཡུལ་སྐོར་སོགས་རྣམ་པ་འགྱུར་བའི་ཡུལ་སྐོར་ཐོན་རྫས་དང་དེ་བཞིན་དགུན་དུས་ཀྱི་ཡུལ་སྐོར་ཐོན་རྫས་གསར་སྤེལ་གཏིང་ཟབ་བྱས་ཐོག་གྲོང་གསེབ་ཀྱི་ཡུལ་སྐོར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་བ། ཁྲོམ་ར་ཅན་དང་། ཐོན་ལས་ཅན། སྤྱི་ཚོགས་ཅན་བཅས་ཀྱི་འཕེལ་ཕྱོགས་མཐའ་འཁྱོངས་ཀྱིས་སྲོལ་རྒྱུན་གྱི་ཞབས་ཞུའི་ལས་རིགས་ནུས་ཤུགས་ཡོད་རྒུས་སྒྱུར་བཅོས་དང་གོང་མཐོར་བཏང་ནས་གསར་དར་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ཁྲོམ་རའི་འཁོར་རྒྱུག་མ་ལག་འཛུགས་སྐུན་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་བྱེད་ཚད་མང་དུ་བཏང་ཁར་ཞབས་ཞུའི་ལས་རིགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་རིམ་སྤོར་སོགས་ཀྱི་བྱ་ཐབས་རབ་དང་རིམ་པར་སྒོ་ཀུན་ནས་སྐུལ་འདེད་བཏང་ཐོག་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལས་རིགས་ཀྱིས་ཐོན་ལས་གསུམ་པ་དང་ཐ་ན་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནུས་པ་ཉིན་རེ་བཞིན་ཆེ་རུ་གཏོང་བར་སྣེ་ཁྲིད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།