དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འདི་ནི་ཁྲེན་ཆོན་གོས་ལྷ་ས་གྲོང་ཁྱེར་ར་མོ་ཆེའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ལས་རེས་སྒྲུབ་མཁན་མི་དམངས་ཉེན་རྟོག་པ་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་དང་སྦྲགས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པར་དུས་ཆེན་གྱི་རྟེན་འབྲེལ་ཞུ་བའི་གནས་ཚུལ་ཡིན་པ།

        འདི་ནི་ཁྲེན་ཆོན་གོས་ར་མོ་ཆེའི་དགེ་འདུན་པ་དང་མཉམ་དུ་ཐུགས་སྣང་གཤིན་པོའི་ངང་བཀའ་མོལ་གནང་བའི་གནས་ཚུལ་ཡིན་པ།

        རྒྱལ་སྟོན་དུས་ཆེན་ལ་བསུ་བ་ཞུ་ཆེད་ཉིན་ཤས་བསྟུད་མར་ལྷ་ས་སྐྱེད་ཚལ་གྱི་བཟོ་པ་ཚོས་ལས་དོན་ཧུར་ཐག་བསྒྲུབས་ཏེ་མེ་ཏོག་ཁོག་མ་ཁྲི་6ལྷ་སའི་ཁྲོམ་གཞུང་གཙོ་བོ་དང་ཐང་ཆེན་ཐོག་བསྒྲིགས་ནས་གྲོང་མི་དང་ཡུལ་སྐོར་བར་སྤྲོ་སྣང་སྦྱིན་ཞིང་། འདི་ནི་མེ་ཏོག་གིས་བརྒྱན་པའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཡིན་པ།

        དགའ་སྤྲོའི་ངང་ནས་བརྒྱད་པའི་བཅོ་ལྔའི་དུས་ཆེན་གཏོང་། ཐུན་མོང་ཐོག་རྒྱལ་སྟོན་དུས་ཆེན་ལ་བསུ་བ་ཞུ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་བརྒྱད་པའི་བཅོ་ལྔའི་དུས་ཆེན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་63འཁོར་བའི་མཚམས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་ས་གྲོང་ཁྱེར་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་ལས་རེས་སྒྲུབ་མཁན་མི་དམངས་ཉེན་རྟོག་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་ལ་འཚམས་འདྲི་ཞུས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལང་ཡིའུ་ལེའང་དང་། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ལི་ཀྲའོ། བློ་བཟང་འགྱུར་མེད། ཝང་རུའེ་ལན་སོགས་ཀྱིས་མཉམ་དུ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་ཞུས་གནང་བ་རེད།

        ར་མོ་ཆེ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཁྲེན་ཆོན་གོས་སྡོད་བྱའི་མི་སྣ་དང་ཕྱག་བཏང་གནང་སྟེ་ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོའི་ཐོག་ལས་གནས་བརྟན་སྲུང་བྱེད་མཁན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་དངོས་ཞབས་དཔུང་སྡེ་བཅས་ལ་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་དང་བྱམས་བརྩེའི་འཚམས་འདྲི་ཞུས་གནང་ཞིང་། དུས་ཆེན་གྱི་སྡོད་བྱའི་བཀོད་སྒྲིག་དང་ལས་སྒྲུབ་དང་ལས་སྒྲུབ་གྲ་སྒྲིག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས་ཁྲེན་ཆོན་གོས་རྒྱལ་སྟོན་དང་བརྒྱད་པའི་བཅོ་ལྔའི་དུས་ཆེན་འཆར་ཉེའི་སྐབས་སུ་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་དང་གནས་མཇལ་ཞུ་མཁན་མང་ཚོགས་མང་དུ་འགྲོ་བས་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་དེ་བས་ལྕི་བས་བློ་མཐུན་ཚོས་ངལ་དུབ་ལ་མི་སྐྲག་པ་དང་བསྟུད་མར་དམག་འཐབ་བྱེད་པའི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། ཚང་མ་སྐུལ་སློང་དང་ནུས་ཤུགས་གང་ཡོད་འདོན་པ། སྔ་ཙམ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། མགྱོགས་མྱུར་དམ་འཛིན། དམ་འཛིན་ཡག་པོ་བཅས་མཐའ་འཁྱོངས་བྱེད་པ། ལས་ཀའི་བྱེད་ཐབས་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་བདེ་འཇགས་འཆམ་མཐུན་གྱི་རྒྱལ་སྟོན་དང་བརྒྱད་པའི་བཅོ་ལྔའི་དུས་ཆེན་ཞིག་གཏོང་རྒྱུ་འགན་ལེན་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་ཡུན་རིང་བརྟན་ལྷིང་དང་སྒོ་ཀུན་ནས་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ར་མོ་ཆེ་གཙུག་ལག་ཁང་ནང་ཡུལ་སྐོར་བ་དང་ཆོས་མཇལ་ཞུ་མཁན་མང་ཚོགས་མང་པོ་ཡོད་ཅིང་། ཁྲེན་ཆོན་གོས་ཚང་མ་དང་གླེང་མོལ་གནང་བ་དང་འབྲེལ་ཁོང་ཚོར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད། ཆོས་མཇལ་ཞུ་མཁན་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་གཡུ་སྒྲོན་གྱིས་ཧྲུའུ་ཅི་ཁྲེན་ཆོན་གོ་ངོ་ཤེས་ནས་སེམས་འགུལ་ཐེབས་བཞིན་དུ་ཧྲུའུ་ཅི་ཁྲེན་ཆོན་གོའི་ཕྱག་ནས་བཟུང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་ཕན་དང་བརྟན་ལྷིང་སྲུང་སྐྱོང་གི་སྲིད་ཇུས་བཟང་པོ་རབ་དང་རིམ་པ་བཏོན་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁྲེན་ཆོན་གོས་ང་ཚོའི་བོད་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དེ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་བཅས་ལས་བྱུང་བ་ཞིག་རེད། ང་ཚོས་ངེས་པར་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་བཟང་པོ་དང་དོན་དངོས་དེ་བས་མང་པོ་ཧུར་ཐག་བསྒྲུབས་ཏེ་ལྗོངས་ཡོངས་ཀྱི་མི་དམངས་ཚོས་ཐུན་མོང་ཐོག་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་ད་དུང་ར་མོ་ཆེ་གཙུག་ལག་ཁང་གི་རིག་དངོས་སྲུང་སྐྱོབ་དང་། དགོན་སྡེ་ཉམས་གསོ། དགེ་འདུན་པའི་འཚོ་བ་བཅས་དང་དེ་བཞིན་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་གྲྭ་དམངས་ལ་སྐུ་འགྱེད་གནང་ནས་ཁོང་ཚོས་རྒྱལ་གཅེས་ཆོས་གཅེས་བྱ་རྒྱུར་སྐུལ་ལྕག་གནང་སྟེ་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

        དགེ་འདུན་པ་འཇམ་དབྱངས་ཆོས་གྲགས་ཀྱི་གྲྭ་ཤག་ནང་ཁྲེན་ཆོན་གོས་ཁོང་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ཞིང་། འཇམ་དབྱངས་ཆོས་གྲགས་ཀྱིས་ཁྲེན་ཆོན་གོ་ཡི་ཕྱག་ནས་བཟུང་སྟེ་སེམས་འགུལ་ཐེབས་བཞིན་དུ་ད་ཆ་དགོན་སྡེའི “9+5”འདུ་འགོད་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་པ་དང་དགེ་འདུན་པ་ཚོའི་སྨན་བཅོས་དང་རྒན་གསོ་འགན་བཅོལ་ཡང་ཚང་མ་དོན་འཁྱོལ་བྱུང་། ཡུན་རིང་མ་སོང་གོང་ང་ཚོས་ད་དུང་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་ནང་ཞུགས་པ་ཡིན། འཚོ་བ་དེ་འདྲ་དེ་སྔ་བསམས་ཀྱང་མི་ཕོད་པ་ཞིག་རེད། ང་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོས་ངེས་པར་དུ་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ་དང་། ཐོས་རྒྱ་ཆེ་རུ་གཏོང་བ། ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱས་ཏེ་ཞི་མཐུན་དཔེ་བཟང་གི་དགོན་སྡེ་བརྩོན་ལེན་ཧུར་ཐག་བྱེད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཁྲེན་ཆོན་གོས་སྐུལ་ལྕག་དང་བཅས་ཁོང་ལ་ར་མོ་ཆེ་གཙུག་ལག་ཁང་གིས་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་རྒྱུར་ངེས་པར་དུ་སྣེ་ཁྲིད་བྱས་ཏེ་ཕྱི་ལོ་སླར་ཡང་རང་སྐྱོང་ལྗོངས་རིམ་པའི་ཞི་མཐུན་དཔེ་བཟང་གི་དགོན་སྡེར་འདེམས་རྒྱུར་བརྩོན་ལེན་བྱེད་དགོས། སྐབས་དེ་དུས་ངས་ཁྱེད་ཚོར་བྱ་དགའ་སྤྲོད་རྒྱུ་ཡིན་ཞེས་གསུངས་པ་རེད། ཁྲེན་ཆོན་གོས་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚང་མ་ནི་ང་ཚོའི་སྤྱི་དམངས་ཡག་པོ་དང་གྲོགས་པོ་ཡག་པོ་ཡིན། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་ཚོས་གཅེས་སྐྱོང་དེ་བས་མང་བ་ལོངས་སུ་སྤྱོད་ཐུབ་ངེས་རེད། ཚང་མས་བླ་མ་སྐྱེས་ཆེན་རིམ་བྱོན་གྱི “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན ”བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་སྔར་བས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱས་ཏེ་ནང་རིག་པ་དང་ཀུན་སྤྱོད་བློ་སྦྱོང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱས་ནས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོ་ཡིས་ད་དུང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་གཟིགས་པ་མ་ཟད། ད་དུང་ཁོང་ཚོར་འཚམས་འདྲིའི་དངོས་པོ་དང་དངུལ་ཡང་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ཡོངས་དང་དེ་བཞིན་ཁོང་ཚོའི་ནང་མིར་བྱམས་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། དེ་དང་ཕྱོགས་མཚུངས་ཁྱེད་ཚོས་གྲུབ་འབྲས་བཟང་པོ་དར་སྤེལ་དང་ཡར་འབད་བསྐྱར་འབད་བྱེད་པ་དང་། ཏང་དང་སྲིད་གཞུང་གི་མངགས་བཅོལ་གལ་ཆེན་སེམས་ནང་བརྟན་པོར་ངེས་པ། དགོན་སྡེར་མུ་མཐུད་སེམས་གནས་པ་དང་བློ་རྩེ་གཅིག་སྒྲིམ་ངང་ལས་དོན་སྒྲུབ་པ། རྒྱ་ཆེའི་གྲྭ་བཙུན་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞི་མཐུན་དཔེ་བཟང་གི་དགོན་སྡེ་ཧུར་ཐག་གཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དགོན་སྡེ་ཁག་གི་བརྟན་ལྷིང་དང་ཞི་མཐུན་དོ་དམ་བྱེད་པ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།

        ལྷ་སའི་ཀོན་ཏི་གེ་སར་ལྷ་ཁང་ནི་ད་ལྟ་རང་ལྗོངས་སུ་ཡོད་པའི་གཞི་ཁྱོན་ཆེ་ཤོས་དང་ཉར་ཚགས་ཡག་ཤོས་ཀྱི་ཀོན་ཏི་གེ་སར་ལྷ་ཁང་ཡིན་པ་དང་། དེ་ནི་1793ལོར་གོར་ཥས་བོད་ལ་བཙན་འཛུལ་བྱས་པར་འགོག་རྒོལ་བྱེད་པའི་དམག་འཐབ་ནང་ཞུགས་མཁན་རྒྱ་རིགས་དང་། བོད་རིགས། སོག་རིགས། མན་ཇུ་རིགས་བཅས་ཀྱི་དཔོན་དམག་ཚོས་དངུལ་སྲང་7000ཞལ་འདེབས་བརྒྱབ་ནས་བཞེངས་པ་ཞིག་རེད། བོད་རིགས་མི་དམངས་ཀྱིས་ཀོན་ཏིའི་གཟུགས་བཪྙན་དེ་བོད་མི་རིགས་ཀྱི་སྲོལ་རྒྱུན་ཁྲོད་ཀྱི་གེ་སར་རྒྱལ་པོ་དང་ལྟ་སྟངས་གཅིག་ཏུ་འཛིན་ཏེ་རྒྱའི་གེ་སར་ཞེས་བརྗོད་ཀྱི་ཡོད་པ་དང་དེ་དང་ཕྱོགས་མཚུངས་སུ་ཀོན་ཏི་ལྷ་ཁང་ལའང “གེ་སར་ལྷ་ཁང ”ཞེས་ཀྱང་བརྗོད་ཀྱི་ཡོད། ཁྲེན་ཆོན་གོ་ཡིས་ཡིད་གཟབ་ངང་འགྲེལ་བཤད་གསན་པ་དང་སྦྲགས་ཀོན་ཏི་གེ་སར་ལྷ་ཁང་ནང་གི་འགྲེམས་སྟོན་དངོས་པོ་དང་ཞོར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཀོན་ཏི་གེ་སར་ལྷ་ཁང་ནི་བོད་འདི་ཉིད་མེས་རྒྱལ་གྱི་ཁ་བྲལ་ཐབས་མེད་པའི་མངའ་ཁོངས་ས་ཆ་ཞིག་ཡིན་པའི་རྩོད་ཐབས་བྲལ་བའི་དཔང་རྟགས་མངོན་པ་ཞིག་དང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་ཐད་ཀར་དོ་དམ་བྱེད་པའི་དཔང་རྟགས་ཁུངས་བཙན་ཞིག བོད་རྒྱ་མི་རིགས་ཀྱི་རིག་གནས་འོ་ཆུ་འདྲེས་པ་ལྟ་བུའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་བཅས་ཡིན་པ་དང་དུས་མཚུངས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གལ་ཆེན་དཔང་རྟགས་ཤིག་ཀྱང་ཡིན། ཀོན་ཏི་གེ་སར་ལྷ་ཁང་སྲུང་སྐྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་འབྲེལ་དེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞིའི་གལ་ཆེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་དེ་བས་མང་བས་བོད་རྒྱ་མི་རིགས་དབར་གྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་སྲོལ་རྒྱུན་དང་བོད་འདི་ཉིད་སྔར་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་ཤེས་རྟོགས་ཐུབ་པ་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། བོད་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་བཅས་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།