དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཀྱི་2012ལོའི་ནོར་སྲིད་སྔོན་རྩིས་གཏོང་ཡོང་ལ་འགྱུར་བ་བྱུང་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཐོག་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་ཨད་ཅུན་ཐའོ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་གནང་བའི 《བོད་རང་སྐྱོང་ལྗོངས་ཀྱི་2012ལོའི་ནོར་སྲིད་སྔོན་རྩིས་གཏོང་ཡོང་ལ་འགྱུར་བ་བྱུང་ཚུལ་སྐོར་གྱི་སྙན་ཞུ 》ལ་གྲོས་ཞིབ་གནང་བ་དང་སྦྲགས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་ཞིབ་བཤེར་བསམ་འཆར་གཞིར་བཟུང་སྙན་ཞུ་འདིར་མོས་མཐུན་གནང་རྒྱུ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་བཏོན་པའི་གསར་འཕར་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་དང་སྲིད་གཞུང་གི་བུན་འཛིན་བེད་སྤྱོད་འཆར་གཞིར་ཆོག་མཆན་སྤྲོད་རྒྱུ་ཡིན།

        རང་སྐྱོང་ལྗོངས་ཀྱི་སྤྱི་སྤྱོད་ནོར་སྲིད་སྔོན་རྩིས་ཀྱི་སྤྱིའི་ནོར་ཤུགས་དེ་ལོ་འགོའི་སྒོར་དུང་ཕྱུར་666དང་ཁྲི་7747.5ཡིན་པ་ནས་སྒོར་དུང་ཕྱུར་941དང་ཁྲི་3138.3ལ་འགྱུར་བ་གཏོང་རྒྱུ་དང་ཐེབས་རྩའི་སྔོན་རྩིས་ལོ་འགོའི་སྒོར་དུང་ཕྱུར་20དང་ཁྲི་201ཡིན་པ་ནས་སྒོར་དུང་ཕྱུར་32དང་ཁྲི་3821.2ལ་འགྱུར་བ་གཏོང་རྒྱུའི་ཆོད་དོན་འཇོག་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།