དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཀུང་ཕུའུ་ཀོང་གིས་དུས་ཆེན་གོང་ལྷ་སའི་འབྲུ་སྣུམ་ཁྲོམ་རར་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རྒྱ་ཆེའི་མང་ཚོགས་རྣམས་བརྒྱད་པའི་བཅོ་ལྔའི་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་དགའ་སྤྲོའི་ངང་གཏོང་ཐུབ་རྒྱུ་འགན་ལེན་བྱེད་ཆེད་གོང་ཚེས་ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཕུའུ་ཀོང་གིས་རང་སྐྱོང་ལྗོངས་འབྲུ་རིགས་དང་། བཟོ་ཚོང་། ཟོག་གོང་། སྤུས་ཚད་ལག་རྩལ་ལྟ་སྐུལ་སོགས་སྡེ་ཚན་གྱི་འགན་འཁུར་བའི་སྣེ་འཁྲིད་དེ་ལྷ་ས་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་འབྲུ་སྣུམ་སྡེབ་ཚོང་ཁང་དང་དེ་བཞིན་རྒྱལ་ཁབ་འབྲུ་རིགས་གྲབས་གསོག་མཛོད་ཁང་སོགས་སུ་ཕེབས་ནས་ལྷ་ས་གྲོང་ཁྱེར་གྱི་དུས་ཆེན་གོང་གི་འབྲུ་སྣུམ་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་དང་རིན་གོང་གི་ཆུ་ཚད་སོགས་ལ་ཞིབ་བཤེར་གནང་བ་རེད།

        ལྷ་སའི་གྲོང་ཁྱེར་ནུབ་འདབས་ཀྱི་པའེ་དབྱི་སྒོ་རྩིས་ཚོང་ཁང་དུ་ཀུང་ཕུའུ་ཀོང་གིས་འབྲས་སིལ་མའི་སྤུས་ཚད་ལ་གཟིགས་ཞིབ་ནན་ཏན་གནང་ནས་སྒོ་རྩིས་ཚོང་ཁང་གི་འགན་འཁུར་བར་སྒོ་རྩིས་ཚོང་ཁང་གི་འབྲུ་སྣུམ་འཐེན་ས་དང་། དངོས་ཟོག་གྲ་སྒྲིག་གནས་ཚུལ། སྤུས་ཚད་ཀྱི་འགག་སྒོ་སོགས་ཀྱི་གནད་དོན་བཀའ་འདྲི་གནང་ཞིང་། སྒོ་རྩིས་ཚོང་ཁང་གི་འབྲུ་སྣུམ་འཐེན་ས་ཁུངས་བཙན་པ་དང་། དངོས་ཟོག་གྲ་སྒྲིག་འདང་ངེས་ཡོད་པ། སྤུས་ཚད་འགན་ལེན་ཡོད་པ། རིན་གོང་བརྟན་པོ་ཡོད་པ་བཅས་མཁྱེན་རྗེས་ཀུང་ཕུའུ་ཀོང་དགྱེས་ཚོར་ཆེན་པོ་བྱུང་བ་དང་དེའི་ཐད་ཁས་ལེན་གང་ལེགས་གནང་བ་མ་ཟད། སྒོ་རྩིས་ཚོང་ཁང་ལ་མུ་མཐུད་རིན་གོང་བརྟན་པོ་དང་སྤུས་འབོར་གཉིས་ལྡན་ངང་དུས་ཆེན་རིང་གི་ཁྲོམ་རའི་འབྲུ་སྣུམ་མཁོ་སྤྲོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།