དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • 《གངས་ལྗོངས་ཀྱི་བསྟོད་གླུ》ཞེས་པ་ལྷ་སར་གཟབ་རྒྱས་ངང་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་23ཉིན་གྱི་དགོང་མོ་བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི་བཪྙན་འཕྲིན་རིག་རྩལ་མཚན་ཚོགས 《གངས་ལྗོངས་ཀྱི་བསྟོད་གླུ 》ཞེས་པ་དེ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི 《དགའ་སྤྲོའི་ངང་གླུ་ལེན་གར་འཁྲབ་བྱེད 》ཅེས་པའི་གླུ་གར་ཆེ་གྲས་འཁྲབ་སྟོན་བྱེད་པའི་གནས་ཚུལ་ཡིན་པ།

        ཟླ་9ཚེས་23ཉིན་གྱི་དགོང་མོ་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི་བཪྙན་འཕྲིན་རིག་རྩལ་མཚན་ཚོགས 《གངས་ལྗོངས་ཀྱི་བསྟོད་གླུ 》ཞེས་པ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེ་སོགས་ཀྱིས་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོ་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་པ་རེད།

        མཚན་ཚོགས་འགོ་མ་ཚུགས་གོང་ཁྲེན་ཆོན་གོ་དང་། བྱམས་པ་ཕུན་ཚོགས། པད་མ་འཕྲིན་ལས། ཧའོ་ཕུང་། ཝུའུ་དབྱིང་ཅེ། རྡོ་ཐོགས། པད་མ་རྣམ་རྒྱལ། ཝང་རུའེ་ལེན་སོགས་ཀྱིས་མཚན་ཚོགས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་ལིན་ཡོན་དང་། ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གྲགས་ཅན་གཞས་མ་ཚེ་བརྟན་སྒྲོལ་མ་སོགས་འཁྲབ་སྟོན་པ་དང་ལས་བཟོའི་འཐུས་མི་ཚོར་བྱམས་

        བརྩེའི་ངང་མཇལ་འཕྲད་གནང་བ་རེད། ཁྲེན་ཆོན་གོས་མཚན་ཚོགས་དེ་གཉེར་ཕྱིར་འཁྲབ་སྟོན་པ་དང་ལས་བཟོ་ཡོངས་ཀྱིས་ངལ་བ་ཁྱད་བསད་དང་ཉིན་མཚན་མེད་པར་ལས་དོན་འབད་སྒྲུབ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཚང་མས་དུས་ཐུང་ནང་ཚད་གཞི་དང་། སྤུས་ཚད་། ཆུ་ཚད་བཅས་མཐོ་པོའི་སྒོ་ནས་གྲ་སྒྲིག་དང་ནང་སྦྱོང་གི་ལས་འགན་ཁག་ལེགས་པར་བསྒྲུབས་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁྲེན་ཆོན་གོས 《གངས་ལྗོངས་ཀྱི་བསྟོད་གླུ 》ཞེས་པ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་བློ་མཐུན་ལི་ཁྲང་ཁྲུན་བོད་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་སྐུ་ངོ་མས་བཀོད་སྒྲིག་གནང་བ་ཞིག་ཡིན་པ་དེ་ཐོག་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བོད་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ་མ་ཟད། དེ་ཐོག་ནས་ད་དུང་བློ་མཐུན་ལི་ཁྲང་ཁྲུན་གྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་བརྩེ་བ་ཟབ་མོ་འཆང་ལུགས་ཀྱང་གང་ལེགས་མཚོན་གྱི་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་61སོང་རིང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མངོན་པར་བྱ་རྒྱུ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱེད་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་བསམ་པའི་ཉམས་འགྱུར་མངོན་པར་བྱ་རྒྱུ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཐོག་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་བསམ་པའི་བརྗིད་ཉམས་མངོན་པར་བྱ་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན 《གངས་ལྗོངས་ཀྱི་བསྟོད་གླུ 》ཞེས་པ་དེར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།

        འཁྲབ་སྟོན་པ་དང་ལས་བཟོ་ཡོངས་ལ་ཡང་འབད་བསྐྱར་འབད་དང་ཡག་ཐོག་ཡག་བརྩེགས་ཀྱིས་མཚན་ཚོགས་དེ་ནང་དོན་གཏིང་ཟབ་པ་དང་། སྒྱུ་རྩལ་རྩེར་སོན་པ། བཟོ་རྩལ་སྤུས་ལེགས། མི་རིགས་ཀྱི་ཁྱད་ཆོས་མངོན་པ། དུས་རབས་ཀྱི་ཉམས་འགྱུར་ལྡན་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཚོའི་དགའ་བསུ་ཟབ་མོ་ཐོབ་པ་བཅས་ཀྱི་རྩེར་སོན་བརྩམས་ཆོས་ཤིག་ཏུ་འགྱུར་བ་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཧུའུ་ཅིན་ ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་བརྩེ་བ་ཟབ་མོ་འཆང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་ཀྱི་བཀའ་དྲིན་ཚད་མེད་དྲན་ལུགས་མཚོན་པར་བྱེད་པའི་ཐོག་ནས་རླབས་ཆེན་མེས་རྒྱལ་དབུ་བཪྙེས་ནས་ལོ་63འཁོར་བའི་འཁྲུངས་སྐར་ལ་ཕྱག་རྟགས་སུ་འབུལ་རྒྱུ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཕྱག་རྟགས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        མཚན་ཚོགས་དེ 《དགའ་སྤྲོའི་ངང་གླུ་ལེན་གར་འཁྲབ་བྱེད 》ཅེས་པའི་གླུ་གར་ཆེ་གྲས་ཀྱི་ཁྲོད་འགོ་ཚུགས་པ་དང་། མཚན་ཚོགས་ཧྲིལ་པོ 《དར་རྒྱས ·རྣམ་པ་གསར་པ 》ཞེས་པ་དང་། 《ལེགས་སྐྱེས ·མི་རིགས་ཀྱི་བརྩེ་སེམས 》《འཛུགས་སྐྲུན ·བདེ་སྐྱིད་ལྡན་པའི་ཕ་ཡུལ 》《དྲིན་ཚོར ·ཀྲུང་གོའི་སེམས་པ 》བཅས་ཁག་བཞི་ལ་ཕྱེ་ཡོད་པ་རེད།

        བརྗིད་ཉམས་ཤིན་ཏུ་ལྡན་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། སྐད་གསང་ཤིན་ཏུ་མཐོ་བ། ཞབས་བྲོ་འཁྲུག་ཆ་དོད་པ་བཅས་ཀྱི་མཚན་ཚོགས་དེ་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རླབས་ཆེན་མེས་རྒྱལ་ལ་སྙིང་དབུས་ནས་བསྟོད་གླུ་འབུལ་ལུགས་དང་སྨོན་འདུན་ཞུ་ལུགས་མཚོན་གྱི་ཡོད་པ་རེད།

        ངོ་མཚར་ཆེ་བའི་ལེ་ཚན་དེ་ལས་ཚོགས་རར་ཡོད་པའི་ལྟད་མོ་བ་ཚོ་དགའ་སྤྲོ་རབ་ཏུ་འཁོལ་ཞིང་། མཚན་ཚོགས་དེ་ནི 《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་ཕུལ 》ཞེས་པའི་གླུ་གར་ཆེ་གྲས་ཁྲོད་མཇུག་འགྲིལ་བའི་སྐབས་སུ་གར་སྟེགས་ཀྱི་སྟེང་ཤོད་ཚང་མ་ནས་ཐུན་མོང་གི་བསམ་པ་ཞིག་མཚོན་ཐབས་བྱས་པ་སྟེ། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་ཀྱི་ཐོག་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་ཡར་བརྩོན་གྱིས་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་བཅས་ཀྱི་གྲུབ་འབྲས་གསར་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཕྱག་རྟགས་སུ་འབུལ་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།