དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཞིབ་བཤེར་གནས་ཚུལ་བརྡ་ཁྱབ་དང་སྙན་སེང་ཞུ་བའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་24ཉིན་གྱི་སྔ་དྲོ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཞིབ་བཤེར་གནས་ཚུལ་བརྡ་ཁྱབ་དང་སྙན་སེང་ཞུ་བའི་ཚོགས་འདུ་ལྷ་སར་འཚོགས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ཞིབ་བཤེར་གཞུང་ལས་ཁང་གི་ཀྲུའུ་རེན་རེན་ཧྲུའུ་པེན་ཚོགས་འདུར་ཕེབས་པ་རེད། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཅིན་ཧྲེ་ཤུན་གྱིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་2012ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་འཆར་གཞི་ལག་བསྟར་བྱས་ཚུལ་དང་བོད་ཀྱི་ཞིབ་བཤེར་ལས་དོན་སྐོར་གྱི་སྙན་ཞུ་གནང་བ་རེད།

        ཝུའུ་དབྱིང་ཅེ་ཡིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ ཀྲུའུ་ཞི་པད་མ་འཕྲིན་ལས་བཅས་ཀྱི་ཚབ་ཞུས་ཏེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ཞིབ་བཤེར་གཞུང་ལས་ཁང་དང་བཅས་པ་རང་ལྗོངས་སུ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ཞིབ་བཤེར་གཞུང་ལས་ཁང་གིས་དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་དམིགས་བསལ་གྱི་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ཡང་ངོ་སྤྲོད་བསྡུས་པོ་ཞིག་ཞུས་པ་རེད།

        ཝུའུ་དབྱིང་ཅེ་ཡིས་རང་ལྗོངས་ཀྱིས་ཀྲུང་དབྱང་གི་མ་འཇོག་རྣམ་གྲངས་འཛུགས་སྐྲུན་དང་དོ་དམ་ལ་ད་བར་ཚད་མཐོའི་མཐོང་ཆེན་བྱས་ཡོད། མིག་སྔར་རང་ལྗོངས་ཀྱི་ཀྲུང་དབྱང་གི་མ་འཇོག་རྣམ་གྲངས་འཛུགས་སྐྲུན་དོ་དམ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྐུལ་ཁྲིད་ཀྱི་ནུས་པ་འབུར་དུ་ཐོན་པ། དམིགས་ཚད་ལས་འགན་ཁག་ལེགས་གྲུབ་ཡག་པོ་བྱུང་ཡོད། ཡིན་ནའང་བོད་ཀྱི་གནས་ཚུལ་གཞན་དང་མི་འདྲ་བའི་དབང་གིས་རང་ལྗོངས་ཀྱི་ལས་གྲྭ་འཛུགས་སྐྲུན་དོ་དམ་གྱི་ཆུ་ཚད་ཐད་ཐག་གཅོད་མ་བྱུང་བའི་གནད་དོན་འགའ་ཞིག་ཡོད་ཅེས་བསྟན་གནང་བ་རེད། ད་རེས་ཞིབ་བཤེར་ཚོགས་ཆུང་གིས་ཚོགས་ཆུང་ལྔ་རུ་བགོས་ཏེ་རང་ལྗོངས་ཀྱི་གཞི་རིམ་དང་རྣམ་གྲངས་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་པོར་ཞིབ་བཤེར་གཏིང་ཟབ་པོ་དང་ཞིབ་ཚགས་པོ་གནང་བ་དང་། ཤེས་རྟོགས་བྱུང་བའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་བ། ཕྱོགས་བསྡུས་གནས་ཚུལ་ལ་དོན་དངོས་དང་མཐུན་པའི་སྒོ་ནས་གདེང་འཇོག་གནང་ཡོད། ཞིབ་བཤེར་ཚོགས་ཆུང་གིས་གནས་ཚུལ་བརྡ་ཁྱབ་གནང་བ་དེ་བདེན་པ་བདེན་ཐུབ་ཡིན་པ་དང་། བཏོན་གནང་བའི་བཅོས་སྒྲིག་གྲོས་འགོ་དེ་གནད་ལ་འཁེལ་བ། དེར་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ཡོད། བོད་ཀྱི་སླད་ཕྱིན་གྱི་རྣམ་གྲངས་འཛུགས་སྐྲུན་དོ་དམ་ལས་དོན་ངོས་ནས་བརྗོད་ན་བརྡ་ཁྱབ་དེ་ནི་སྐུལ་སྤེལ་དང་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཡིན་ཞེས་མཛུབ་སྟོན་གནང་བ་རེད།

        མཇུག་ཏུ་ཝུའུ་དབྱིང་ཅེས་རྒྱལ་ཁབ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ཞིབ་བཤེར་ཚོགས་ཆུང་གིས་སྔར་རྒྱུན་བཞིན་བོད་ལ་དམིགས་བསལ་གྱི་ཐུགས་ཁུར་དང་། རྒྱབ་སྐྱོར། ལྟ་རྟོག་བཅས་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་དུས་མཚུངས་སུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ཞིབ་བཤེར་ཚོགས་ཆུང་གིས་ནང་སའི་ཇུས་འགོད་ཆེ་རིགས་བྱེད་མཁན་བློ་འདྲི་ཚན་པར་རང་ལྗོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་རོགས་སྐྱོར་བྱ་རྒྱུའི་འབོད་སྐུལ་དང་མཐུན་སྦྱོར་གནང་རོགས་དང་། རང་ལྗོངས་ལ་བློ་འདྲི་སྒྲིག་གཞིའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རོགས། ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་དང་ཆུ་ཚད་མཐོ་རུ་གཏོང་རོགས་བཅས་གནང་ནས་བོད་ཀྱིས་2020ལོར་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱ་ཕྱིར་ཆེས་སྲ་ཞིང་བརྟན་པའི་འགན་ལེན་གནང་རྒྱུའི་རེ་བའང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།