དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་འབྲས་སྤུངས་དགོན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་23ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་འབྲས་སྤུངས་དགོན་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཁྲེན་ཆོན་གོས་དགོན་སྡེའི་དགེ་འདུན་པར་ཕྱག་གཏོང་བའི་གནས་ཚུལ་ཡིན་པ།

        ཟླ་9ཚེས་23ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་འབྲས་སྤུངས་དགོན་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཁྲེན་ཆོན་གོས་དགོན་སྡེའི་དགེ་འདུན་པར་བྱམས་བརྩེའི་ངང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།

        ཟླ་9ཚེས་23ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་འབྲས་སྤུངས་དགོན་དུ་བརྟག་ཞིབ་གནང་ཞིང་ཁོང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ནན་ཏན་ངང་དོན་འཁྱོལ་བྱེད་པ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ལ་སེམས་ཁུར་བྱམས་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་དང་ཁོང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་ཚོས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཞི་མཐུན་བརྟན་ལྷིང་གི་ཁྱོན་ཡོངས་སྲུང་སྐྱོང་ཧུར་ཐག་བྱས་ཏེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་མ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་། རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་འགྱུར་མེད། ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་ཝང་རུའེ་ལན་བཅས་བརྟག་ཞིབ་ནང་ལྷན་དུ་ཕེབས་ཡོད་པ་རེད།

        འབྲས་སྤུངས་དགོན་ནི་བོད་བརྒྱུད་ནང་བསྟན་རི་བོ་དགེ་ལུགས་པའི་གདན་ས་ཆེ་ཤོས་ཡོད་པ་དང་ད་བར་ལོ་596གི་ལོ་རྒྱུས་ལྡན་ཡོད། འབྲས་སྤུངས་དགོན་གྱི་རྒྱལ་སྒོའི་ཕྱི་རོལ་དུ་ཁྲེན་ཆོན་གོས་རླངས་འཁོར་ནས་བབས་ཏེ་རང་འགུལ་ངང་བདེ་འཇགས་ཞིབ་བཤེར་དང་ལེན་དང་བདེ་འཇགས་ཞིབ་བཤེར་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་སྦྲགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལས་གནས་བརྟན་སྲུང་དང་ལས་ཀ་ཧུར་ཐག་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

        ཧྲུའུ་ཅི་ཁྲེན་ཆོན་གོ་ཕེབས་ཀྱི་ཡོད་པ་ཐོས་སྐབས་འབྲས་སྤུངས་དགོན་གྱི་དགེ་འདུན་པ་ཚོས་ལག་ཏུ་དཀར་གཙང་མཇལ་དར་ཁྱེར་ནས་ཚོགས་ཆེན་འདུ་ཁང་གི་མདུན་དུ་སྔ་ས་ནས་ཕེབས་སྒུག་ཞུས་ཤིང་། ཁྲེན་ཆོན་གོས་ཚང་མ་དང་མཇལ་དར་བསྒྲོན་རེས་གནང་བ་དང་རེ་རེ་བཞིན་ལ་ཕྱག་བཏང་གནང་ནས་དགོན་སྡེའི་གྲྭ་དམངས་ཡོངས་ལ་རྒྱལ་སྟོན་དང་བརྒྱད་པའི་བཅོ་ལྔའི་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་ཤིང་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ངག་དབང་ཆོས་འཛིན་གྱིས་ཁྲེན་ཆོན་གོ་ལ་ཕྱག་འདྲེན་ཞུས་ཏེ་འབྲས་སྤུངས་དགོན་གྱི་ལོ་རྒྱུས་དང་། གྲྭ་པའི་འཆད་ཉན། རིག་དངོས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་ཤིང་ཁྲེན་ཆོན་གོས་ཁོང་ལ་གྲྭ་བཙུན་ལ་སེགས་ཁུར་བྱམས་སྐྱོང་བྱེད་པའི་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱ་ཚུལ་ཐུགས་བརྩེ་ཆེན་པོས་མཁྱེན་རྟོགས་གནང་བས་ངག་དབང་ཆོས་འཛིན་གྱིས་སེམས་འགུལ་ཐེབས་བཞིན་དུ་ན་ནིང་ནས་བཟུང་དགོན་པར་བཅའ་སྡོད་ལས་བྱེད་པས “གཅིག་དྲུག ”གི་བྱེད་སྒོ་ཧུར་ཐག་སྤེལ་ནས་ང་ཚོར “ཡོད་པ་དགུའི ”འདུ་འགོད་ལག་ལེན་བསྟར་རོགས་བྱེད་པ་དང་། སྨན་བཅོས་དང་རྒན་གསོ་འགན་བཅོལ་ཡང་དོན་འཁྱོལ་བྱུང་བས་གྲྭ་པ་ཚོས་སེམས་ཀྱི་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད་ཅེས་ཞུས་པ་རེད། ཁྲེན་ཆོན་གོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ལྷག་ཙམ་གྱི་ལོ་རྒྱུས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཁོ་ནའི་འོག་གི་སྤྱི་ཚོགས་རིང་ལུགས་བོད་གསར་པར་གཞི་ནས་གྲྭ་བཙུན་ཚོའི་ཆོས་དད་རང་མོས་འགན་ལེན་གང་ཐུབ་ཡོང་བ་དང་ཁྲིམས་མཐུན་ཁེ་དབང་གཞི་ནས་སྲུང་སྐྱོང་ནུས་ལྡན་ཡོང་གི་ཡོད་པར་ར་འཕྲོད་ཡོང་གི་ཡོད། ཚང་མས་སྡོམ་སྲུང་ཁྲིམས་སྲུང་དང་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་ཏེ་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་ཕྱར་བ་གྲུ་འདེགས་ངང་བརྟན་ལྷིང་མཐུན་སྒྲིལ་དང་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོས་ད་དུང་འབྲས་སྤུངས་དགོན་གྱི་རིག་དངོས་སྲུང་སྐྱོབ་བྱས་ཚུལ་ལ་རྟོག་ཞིབ་གནང་བ་དང་ཚོགས་ཆེན་འདུ་ཁང་ནང་གི་ལྡེབས་རིས་ཉམས་གསོའི་ལས་གྲྭར་ད་དུང་མ་དངུལ་ཕྲན་བུ་མི་འདང་བའི་སྐོར་མཁྱེན་སྐབས་དེ་མུར་ཁྲེན་ཆོན་གོས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ལ་ཆེད་དངུལ་འཕར་མ་བརྒྱབ་ནས་དགོན་སྡེའི་ཉམས་གསོའི་ལས་གྲྭ་ལེགས་པར་བསྒྲུབས་ཏེ་རྩ་ཆེའི་ལོ་རྒྱུས་རིག་དངོས་དང་མི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་ནས་བསྐྲུན་པའི་འབྲས་སྤུངས་དགོན་རྒན་བཀུར་ཁང་དུ་གྲྭ་པ་རྒན་འཁོགས་ཚོར་རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྣང་ཡོད་པ་དངོས་འབྲེལ་མངོན་འགྱུར་བྱུང་ཡོད། རྒན་བཀུར་ཁང་གི་སྤང་གི་ཐོག་གྲྭ་པ་རྒན་འཁོགས་འགའ་ཞིག་བག་ཕེབས་ངང་ཉི་མ་བསྲོ་བ་དང་་དཔེ་ཆའི་སྐོར་གླེང་བཞིན་ཡོད། ཁྲེན་ཆོན་གོས་དེ་གར་ཕེབས་ནས་ཁོང་ཚོ་དང་བྱམས་རྩེའི་ངང་བཀའ་མོལ་གནང་ནས་ཁོང་ཚོའི་དཔེ་སྦྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་། གྲྭ་པ་རྒན་འཁོགས་ཚོས་ད་ལྟ་ཟླ་རེར་དུས་ཐོག་ཏུ་རྒན་གསོའི་འགྲོ་གྲོན་ལེན་རྒྱུ་ཡོད་པ་དང་ན་དུས་རྩིས་ཞུ་བྱེད་ཆོག་པས་རྒས་དུས་སེམས་ཁྲལ་མེད་སྟབས་གུང་ཁྲན་ཏང་གིས་དངོས་འབྲེལ་ང་ཚོར་བདེ་སྐྱིད་འཚོ་བ་གནང་བྱུང་ཞེས་ཞུས་པ་རེད། ཁྲེན་ཆོན་གོས་བརྟན་ལྷིང་མཐུན་སྒྲིལ་གྱི་རྣམ་པ་ཡོད་ཚེ་གཞི་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་བ་དང་མི་རིགས་ཁག་གི་མང་ཚོགས་དང་གྲྭ་བཙུན་ཚོའི་འཚོ་བ་གཞི་ནས་ཇེ་ཡག་ཏུ་འགྲོ་སྲིད། ཁྱེད་ཚོས་ན་གཞོན་དཔེ་སྦྱོང་བ་ཚོར་ལོ་རྒྱུས་དང་འཕོ་འགྱུར་མང་ཙམ་ཤོད་པ་དང་ཁོང་ཚོར་རྒྱལ་གཅེས་ཆོས་གཅེས་དང་། འཚོ་བར་གཅེས་སྤྲས། སྡོམ་སྲུང་ཁྲིམས་སྲུང་། ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལམ་བུའི་ཐོག་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་དགོས་པའི་ཁྲིད་སྟོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        བརྟག་ཞིབ་གནང་རིང་ཁྲེན་ཆོན་གོས་འབྲས་སྤུངས་དགོན་གྱི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་དང་འབྲས་སྤུངས་དགོན་གྱི་རྒྱ་ཆེའི་དགེ་འདུན་པ་ཚོས “རྒྱལ་གཅེས་ཆོས་གཅེས་དང་། སྡོམ་སྲུང་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན ”བཅས་སྐྱེས་ཆེན་དམ་པ་རིམ་བྱོན་ཚོའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱས་ཏེ་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་རྒྱུའི་ཐུགས་རེ་གནང་བ་སྟེ།

        གཅིག་ནས་མིག་དཔེ་བཟང་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་དགོས། རི་བོ་དགེ་ལུགས་པའི་གདན་ས་ཆེ་ཤོས་ཀྱི་འབོད་སྐུལ་དང་ཤུགས་རྐྱེན་ཐེབས་ནུས་འདོན་སྤེལ་གང་ལེགས་དང་སྣེ་ཁྲིད་ཀྱི་ནུས་པ་དང་། སྔོན་སྐྱོད་ཀྱི་ནུས་པ། མིག་དཔེའི་ནུས་པ། དཔེ་སྟོན་ནུས་པ་བཅས་འདོན་སྤེལ་ཡག་པོ་བྱས་ནས་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཏན་ཏན་ཏིག་ཏིག་ངང་ལེགས་པར་སྤེལ་ཐོག་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཆེ་རུ་བཏང་ནས་མེས་རྒྱལ་ཁ་ཕྲལ་གྱི་བྱ་སྤྱོད་ནང་མི་ཞུགས་པ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ནང་མི་ཞུགས་པར་མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་མ་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་ཡོང་རྒྱུར་སྐུལ་མ་གཏོང་ཆེད་མིག་དཔེ་དང་མངོན་སྐྱོད་བྱེད་དགོས།

        གཉིས་ནས་མཐུན་སྒྲིལ་ལ་བརྩི་མཐོང་ཡག་པོ་བྱེད་དགོས། “རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན ”རང་འགན་དུ་བརྩིས་ནས་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་པ་དང་སྔ་ཕྱི་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བསམ་བློའི་ཐད་གཅིག་སེམས་གཅིག་མཐུན་དང་། དམིགས་ཚད་ཐད་གཅིག་སེམས་གཅིག་བརྩོན། བྱ་སྤྱོད་ཐད་གཅིག་སེམས་གཅིག་གྱུར་བཅས་བྱེད་དགོས། “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོར་བཙུགས་ཏེ་མི་རིགས་ཁག་གི་སེར་སྐྱ་དད་ལྡན་མང་ཚོགས་ཚོར་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་མི་རིགས་ཁག་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བཅས་ལ་སྐུལ་མ་བཏང་སྟེ་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་ཡོང་བ་བྱེད་དགོས།

        གསུམ་ནི་ཞི་མཐུན་སྲུང་སྐྱོང་ཡག་པོ་བྱེད་དགོས། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་དང་། རྒྱུན་གཏན་གྱི་ཆོས་ཕྱོགས་བྱེད་སྒོ་ཁྲིམས་ལུགས་ལྟར་སྤེལ་བ། དགོན་སྡེ་ཞི་མཐུན་བརྟན་ལྷིང་མཐའ་འཁྱོངས་བཅས་བྱས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དབྱེ་མཚམས་གསལ་འབྱེད་མཐའ་གཅིག་ཏུ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དང་བློ་བརྟན་འགྱུར་མེད་ངང་འཐབ་རྩོད་བྱས་ཏེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རང་རྟོགས་ངང་སྲུང་སྐྱོང་བྱེད་པ་བཅས་བྱེད་དགོས།

        བཞི་ནི་ཐོས་བསམ་ལ་བརྩེ་གཅིག་ཏུ་གཞོལ་དགོས། ནང་རིག་པ་དང་ཀུན་སྤྱོད་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དད་སེམས་རྩ་བར་འཛིན་ནས་སྡོམ་པ་ཚུལ་བཞིན་སྲུང་བ་དང་། སྒོམ་སྒྲུབ་རྩེ་གཅིག་ཏུ་གཞོལ་ནས་ཤེས་རྒྱ་ཆེ་རུ་གཏོང་བ། ཐོས་པ་ཆེ་རུ་བཏང་ནས་སྤྱོད་བཟང་རང་གཅུན་བྱེད་པ་བཅས་བྱས་ནས་སྡོམ་ཁྲིམས་བསྟན་དོན་ནང་གི་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཡར་རྒྱས། མི་དམངས་བདེ་སྐྱིད་བཅས་ལ་ཕན་པའི་མཐུན་རྐྱེན་སྔོག་འདོན་དང་དར་སྤེལ་གཏོང་བ་དང་སྡོམ་ཁྲིམས་བསྟན་དོན་ཐད་དུས་རབས་གོང་འཕེལ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་དགོས་མཁོ་དང་འཚམས་པའི་འགྲེལ་བཤད་བརྒྱབ་སྟེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་མཐུན་སྒྲིལ་དང་། དམངས་གཙོ། ཕྱུག་པོ། ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་བཅས་རེད།

        བརྟག་ཞིབ་གནང་རིང་ཁྲེན་ཆོན་གོས་ད་དུང་འབྲས་སྤུངས་དགོན་དུ་བཅའ་སྡོད་ལས་བྱེད་པར་བྱམས་བརྩེའི་ངང་གཟིགས་པར་ཕེབས་ཏེ་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་ཁོང་ཚོར་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་མུ་མཐུད་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་རྒྱ་ཆེའི་གྲྭ་བཙུན་ལ་སེམས་ཁུར་བྱམས་སྐྱོང་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱས་ཏེ་དགོན་སྡེའི་ཞི་མཐུན་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་སྐུལ་མ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།