དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཀྱིས་ལིའུ་ཧྲུན་ཏ་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་20ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ལྷ་སར་རང་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་པའི་ཏ་ཐང་ཚོགས་པ་ཀུང་སིའི་ཏུང་ཧྲི་ཀྲང་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའུ་ཧྲུན་ཏ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་ལྷན་དུ་མཇལ་འཛོམས་གནང་བར་ཕེབས་ཡོད་པ་རེད།

        པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་པ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ཏེ་ལིའུ་ཧྲུན་ཏ་བཅས་པ་རང་ལྗོངས་སུ་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་ཏ་ཐང་ཚོགས་པ་ཀུང་སིས་དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁག་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས་པད་མ་འཕྲིན་ལས་ཀྱིས་ཏ་ཐང་ཚོགས་པ་ཀུང་སི་ནི་ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་ཆེ་གྲས་ཤིག་ཡིན་ལ་རྒྱལ་སྤྱིའི་གྲགས་ཅན་ནུས་རྒྱུ་ཀུང་སི་ཞིག་ཀྱང་ཡིན་པ་དེས་ལོ་མང་རིང་རང་ལྗོངས་ཀྱི་ནུས་རྒྱུ་གསར་སྤེལ་དང་འཛུགས་སྐྲུན་ཐད་དཀའ་བ་མང་པོ་སྤྱད་པ་དང་སེམས་ནུས་མང་པོ་བཏོན་ནས་རང་ལྗོངས་ཀྱི་ཆུ་གློག་ཐོན་ཁུངས་གསར་སྤེལ་ཆེད་དུ་ཕན་འབྲས་ལྡན་པའི་ལས་དོན་མང་པོ་བསྒྲུབས་ཡོད། ཀྲུང་གོའི་ཏ་ཐང་ཚོགས་པ་ཀུང་སིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། བོད་དུ་ཡོད་པའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། བོད་ཀྱི་ཆུ་གློག་གསར་སྤེལ་གྱི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་པ་བཅས་བྱས་ཏེ་བོད་ཀྱི “ནུབ་གློག་ཤར་སྐྱེལ ”རྒྱུན་མཐུད་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན་ཆེད་དུ་འདོན་འོས་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད། ཏ་ཐང་ཚོགས་པ་ཀུང་སིས་བོད་དུ་ཡོད་པའི་ཆུ་གློག་གསར་སྤེལ་དང་ནུས་རྒྱུ་འཛུགས་སྐྲུན་ཆེད་དུ་རང་སྐྱོང་ལྗོངས་ཀྱིས་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་དུས་བབ་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ལིའུ་ཧྲུན་ཏ་ཡིས་ཏ་ཐང་ཚོགས་པ་ཀུང་སིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་དམ་པོར་བརྟེན་པ་དང་། བོད་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”ནུས་རྒྱུ་འཕེལ་རྒྱས་འཆར་འགོད་དང་ཟུང་འབྲེལ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་སྤྱི་འདོམས་བྱེད་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་དང་ལས་དོན་ཏན་ཏིག་སྒྲུབ་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། ཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།