དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོར་ཡོད་པའི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་19ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭར་ཕེབས་ནས་གསོ་སྦྱོང་ནང་ཞུགས་མཁན་རང་ལྗོངས་ཀྱི་ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོར་ཡོད་པའི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་ཚོ་དང་བཞུགས་མོལ་གནང་ཞིང་། ཁོང་གིས་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་ཚོར་མཚན་སྙན་གཅེས་འཛིན་དང་རང་འགན་གཙང་སྒྲུབ་ཀྱིས་ཚོགས་ཆེན་ལ་ཞུགས་རིང་རང་ལྗོངས་དང་ལྷག་པར་དུ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བྱུང་བའི་འགྱུར་ལྡོག་གསར་པ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ་དང་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོའི་བསམ་པའི་ཉམས་འགྱུར་ཡག་པོ་གང་ལེགས་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        བཞུགས་མོལ་ཚོགས་འདུའི་ཐོག་ཉི་མ་བཀྲ་ཤིས་དང་། ཨ་མེ། ལྷག་པ། བསོད་ནམས་གཡང་འཛོམས། ཅིན་ཅན་སོགས་རང་ལྗོངས་ཀྱི་གཞི་རིམ་ནས་ཕེབས་པའི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་ཚོས་སྔ་རྗེས་སུ་གཏམ་བཤད་གནང་བ་དང་རང་རང་སོ་སོའི་ལས་གནས་དང་ཟུང་འབྲེལ་གྱིས་རང་ལྗོངས་ཀྱི་གཞི་རིམ་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པ་དང་འགྱུར་ལྡོག་གསར་པ་ལྷུག་པོར་གླེང་བ་རེད།

        ཚང་མའི་གཏམ་བཤད་གསན་རྗེས་ཧའོ་ཕུང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་ཁྱེད་རྣམས་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིར་བདམས་ཐོན་བྱུང་བར་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཏང་གི་སློབ་གྲྭར་ཁྱེད་ཚོ་སློབ་སྦྱོང་བྱེད་པར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནི་རང་རེའི་ཏང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་དང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བའི་འགག་སྒྲོལ་དུས་སྐབས་སུ་སྐོང་ཚོགས་བྱ་རྒྱུའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་དང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་དང་འཚོ་བའི་ཁྲོད་ཀྱི་དོན་ཆེན་གལ་ཆེན་ཞིག་རེད། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་མུ་མཐུད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན། ཚོགས་ཆེན་དེར་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

        ཧའོ་ཕུང་གིས་ཏང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་རྒྱུ་ནི་བླ་ན་མེད་པའི་མཚན་སྙན་ཞིག་རེད། འདི་གར་བཞུགས་པའི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་ཡོངས་རྫོགས་ནི་རང་ལྗོངས་ཀྱི་ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོ་ནས་ཕེབས་པ་ཞིག་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གཞི་རིམ་ཏང་ཡོན་ཚོས་རིམ་པ་བཞིན་འོས་སྦྱོར་དང་རིམ་པ་བཞིན་འདེམས་སྒྲུག་བརྒྱབ་ནས་ཐོན་པ་ཞིག ལྗོངས་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་མི་སྣ་བཅས་རེད། སྲ་ཞིང་བརྟན་པའི་ཕུགས་བསམ་དང་དད་སེམས་ལྡན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ཡང་དག་པ། ཀུན་སྤྱོད་ཡག་པ། ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པ། འགན་འཁྲིའི་ནུས་པ་ཆེ་བ་བཅས་ཀྱི་ཁྱེད་ཚོས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ཁྲི་20ལྷག་ཙམ་གྱི་བསམ་འདུན་མཚོན་པར་གནང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་གྱི་རེ་བ་དང་མངགས་བཅོལ་གལ་ཆེན་ཕྲག་ཐོག་ཏུ་ཁུར་ཡོད། དེར་བརྟེན་བློ་མཐུན་ཚོས་མཚན་སྙན་དང་གོ་སྐབས་གཅེས་འཛིན་བྱེད་པའི་ཁར་རང་ཉིད་ཀྱི་བླ་ན་མེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་བསམ་པའི་ཉམས་འགྱུར་ཡག་པོའི་ཐོག་ནས་ཚོགས་འདུར་ཞུགས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཧའོ་ཕུང་གིས་གསོ་སྦྱོང་ནང་ཞུགས་མཁན་གཞི་རིམ་གྱི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་ཚོར་ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་དམ་པོར་བཟུང་སྟེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། བསམ་བློའི་ངོས་འཛིན་གོང་མཐོར་གཏོང་བ། སློབ་སྦྱོང་གི་འདུ་ཤེས་ཆེ་རུ་གཏོང་བ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་རྒྱུ་དང་ཏང་གི་འཐུས་མིའི་ལས་འགན་གཙང་མར་སྒྲུབ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།