དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་147པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་19ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་147པ་འཚོགས་པ་རེད།

         བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་2012ལོའི་ནོར་སྲིད་སྔོན་རྩིས་གཏོང་ཡོང་གི་འགྱུར་ལྡོག་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུ་གསན་པ་དང་སྦྲགས་བོད་རང་སྐྱོང་ལྗོངས་ཀྱི་2012ལོའི་ནོར་སྲིད་སྔོན་རྩིས་གཏོང་ཡོང་གི་འགྱུར་ལྡོག་གནས་ཚུལ་སྐོར་གྱི་གཏན་འབེབས ﹙འཆར་ཟིན ﹚ལ་ཞིབ་འཇུག་བྱས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་བཅུ་པའི་ཐོག་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་མོས་མཐུན་བྱུང་བ་རེད།

        ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱིས 〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་བཅའ་ཁྲིམས 〉ལག་བསྟར་བྱེད་ཐབས ﹙དག་བཅོས་འཆར་ཟིན་གྱི་མ་ཡིག་ཞུ་དག་བྱེད་ཐེངས་གཉིས་པ ﹚》བཟོ་བཅོས་གནས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གསན་པ་རེད།

        ཚོགས་འདུའི་ཐོག་ཀོང་ཀྲོའུ་དང་། ཧུའུ་ནན། ཅང་སུའུ་བཅས་ཞིང་ཆེན་གསུམ་དུ་བསྐྱོད་དེ་ཁྲིམས་འཛུགས་བརྟག་ཞིབ་བྱེད་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་དེ་བཞིན 《བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་ཐོན་ཁུངས་སྲོལ་ཡིག ﹙འཆར་ཟིན ﹚བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུའང 》གསན་པ་རེད།

        ཚོགས་འདུའི་ཐོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས 》དང 《བོད་རང་སྐྱོང་ལྗོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག 》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་གསན་པ་རེད།

        ཚོགས་འདུའི་ཐོག་226རྣམ་གྲངས་བརྟག་ཞིབ་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བརྟག་ཞིབ་ཚོགས་ཆུང་གི་སྙན་ཞུ་གསན་པ་དང་སྦྲགས་བརྟག་ཞིབ་ཚོགས་ཆུང་གི་བློ་མཐུན་ཚོའི་སྤྱོད་ཚུལ་ལེགས་པ་དང་། ལས་ཀ་ཏན་ཏིག་སྒྲུབ་པ། བརྟག་ཞིབ་གནས་ཚུལ་ཞིབ་ཕྲ་ཡིན་ལ་འཐུས་སྒོ་ཚང་བ། གནད་དོན་གོང་ཞུ་བྱེད་ཚུལ་དོན་དངོས་དང་མཐུན་ལ་ཡང་དག་པ། བསམ་འཆར་དང་གྲོས་འགོ་བཏོན་ཚུལ་ཚན་རིག་དང་ལུགས་མཐུན་ཡིན་པ་བཅས་རེད་ཅེས་ངོས་འཛིན་བྱས་པ་རེད།

        ཚོགས་འདུའི་ཐོག་ད་དུང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཐོག་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུ་ཡིན་པའི་འབྲེལ་ཡོད་མི་དོན་བསྐོ་འཐེན་སྐོར་གྱི་དོན་ཚན་ལའང་ཞིབ་བཤེར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།