དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

     རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཟླ་བ་ཐེངས་22པ་དང་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དུས་ཆེན་ཐེངས་དང་པོ་འཆར་ལ་ཉེ་བའི་སྐབས། ལྷ་ས་གྲོང་ཁྱེར་གྱིས་གུང་ཁྲན་ཏང་ཡོན་གྱི་མི་རིགས་མཐུན་སྒྲིལ་གྱི་གདོང་ལེན་བྱེད་སྒོའི་ཁྲོད་ཐོན་པའི་གུང་ཁྲན་ཏང་ཡོན་མི་རིགས་མཐུན་སྒྲིལ་གདོང་ལེན་བྱེད་སྒོའི་སྔོན་ཐོན་མཉམ་སྡེབ་11དང་སྔོན་ཐོན་མི་སྒེར་30ལ་གཟེངས་བསྟོད་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ནས་ལྷ་སའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ་གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ཁྲོད་མི་རིགས་མཐུན་སྒྲིལ་གྱི་གདོང་ལེན་བྱེད་སྒོ་སྤེལ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བཏོན་གནང་བའི “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔའི ”མཛུབ་ཁྲིད་དགོངས་དོན་ལག་ལེན་བསྟར་བ་དང་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་འདིང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཐོག་གནང་བའི་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་རབ་དང་རིམ་པ་ལག་ལེན་བསྟར་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་གཏོད་པའི་གོམ་པ་དངོས་སྤོས་པ་ཞིག ལྟེ་བའི་གྲོང་ཁྱེར་གྱི་གནས་བབ་ཨང་དང་པོ་ཡིན་པའི་ལྷ་ས་གྲོང་ཁྱེར་གྱི་ནུས་པ་གང་ལེགས་འདོན་པ་དང་མི་རིགས་མཐུན་སྒྲིལ་ཁྲོད་དཔེ་བཟང་ནུས་པ་འདོན་རྒྱུའི་ཤུགས་རྒྱག་ས་ནུས་ལྡན་ཞིག “འཐབ་ཇུས་ཆེན་པོ་ལྔ ”ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་བ་དང 《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག 》ལག་ལེན་གཏིང་ཟབ་བསྟར་ནས་མི་རིགས་མཐུན་སྒྲིལ་ཟླ་བའི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་རྒྱུའི་གཞི་རྟེན་གལ་ཆེན་ཞིག་བཅས་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།