དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་སུ“9·16”དུས་བདེའི་བོད་ལྗོངས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

    ཟླ་9ཚེས་16ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་ཕྱོགས་བསྡུས་བཅོས་སྐྱོང་ཁོངས་མིའི་ཚན་པ་70ལྷག་ཙམ་གྱིས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་གྱི་རྐང་ཐང་ཁྲོམ་གཞུང་དུ་ནང་དོན་ཕུན་སུམ་ཚོགས་པའི “9·16དུས་བདེའི་བོད་ལྗོངས་དྲིལ་བསྒྲགས་ཉིན་མོའི ”བྱེད་སྒོ་སྤེལ་ནས་འགྲེམས་པང་འཛུགས་པ་དང་། དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ་འགྲེམས་སྤེལ་བྱེད་པ། བློ་འདྲི་དང་ལེན་བྱེད་པ། དམངས་ཕན་ཞབས་ཞུ་བྱེད་པ་སོགས་བྱེད་སྟངས་སྣ་ཚོགས་ལ་བརྟེན་ཏེ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཧའོ་ཕུང་ཆེད་མངགས་དྲིལ་བསྒྲགས་བྱེད་ཡུལ་ཁག་ཏུ་ཕེབས་ནས་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བ་དང་འབྲེལ་ལས་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་རྒྱལ་མཚན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་སོགས་རང་སྐྱོང་ལྗོངས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱི་འགོ་ཁྲིད་ཞིབ་བཤེར་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

        ཧའོ་ཕུང་སོགས་འགོ་ཁྲིད་ཀྱིས་དྲིལ་བསྒྲགས་བྱེད་ཡུལ་རེར་སླེབས་རིམ་བཞིན་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་འབྲེལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཚུལ་ཤེས་རྟོགས་ནན་ཏན་གནང་ཞིང་། ཧའོ་ཕུང་གིས་དུས་བདེའི་བོད་ལྗོངས་གཏོད་པའི་བྱེད་སྒོ་ནི་རང་ལྗོངས་ཀྱི་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་གི་གལ་ཆེའི་བྱེད་ཐབས་ཤིག་ཡིན་པ་དང་། དུས་བདེའི་བོད་ལྗོངས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་དུས་བདེའི་བོད་ལྗོངས་གཏོད་པའི་ནང་དོན་གལ་ཆེན་ཞིག་དང་དུས་བདེའི་བོད་ལྗོངས་གཏོད་པའི་བྱེད་སྒོའི་ནང་རྒྱ་ཁྱབ་ངང་ཞུགས་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས་ལྗོངས་ཡོངས་ཀྱི་རིམ་ཁག་ཕྱོགས་བསྡུས་བཅོས་སྐྱོང་ཁོངས་མིའི་ཚན་པས་ཚད་མཐོའི་མཐོང་ཆེན་གྱིས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ད་རེས་ཀྱི་དྲིལ་བསྒྲགས་བྱེད་སྒོ་དེ་དུས་བབ་གསར་པའི་འོག་རང་ལྗོངས་ཀྱིས་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་དང་དེ་བཞིན་དུས་བདེ་གཏོད་པའི་བྱེད་སྒོར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ནན་ཏན་ངང་དམ་འཛིན་ཡག་པོ་དང་དམ་འཛིན་དངོས་བྱེད་དགོས་པ་དང་། རྒྱལ་ཡོངས་ཀྱི་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཚོགས་འདུའི་དགོངས་དོན་དང་དེ་བཞིན་ཞི་བདེའི་བོད་ལྗོངས་གཏོད་རྒྱུའི་བྱེད་སྒོའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་གཞིར་བཟུང་རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་བར་ཐོབ་པའི་གྲུབ་འབྲས་གསར་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། རང་ལྗོངས་ཀྱི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་བྱེད་ཐབས་གསར་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། རང་ལྗོངས་ཀྱི་དུས་བདེ་གཏོད་དེ་ཐོབ་པའི་གྲུབ་འབྲས་གསར་པ་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ནས་རང་ལྗོངས་ཀྱི་ས་ཁུལ་ཁག་དང་ལས་རིགས་ཁག་གི་དུས་བདེ་གཏོད་པའི་བྱེད་སྒོར་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དེ་བཞིན་དུས་བདེའི་བོད་ལྗོངས་གཏོད་པའི་བྱེད་སྒོ་གཞི་རིམ་དང་། མང་ཚོགས། མི་སེམས་བཅས་ལ་དངོས་འབྲེལ་གཏིང་ཟབ་ཟུག་པ་བྱས་ནས་དྲིལ་བསྒྲགས་བྱེད་སྒོར་དངོས་ཕན་ཐོབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། 2005ལོར “9·16དུས་བདེའི་བོད་ལྗོངས་དྲིལ་བསྒྲགས་ཉིན་མོའི ”བྱེད་སྒོ་སྤེལ་ཚུན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་རང་ལྗོངས་ཀྱི་ས་ཁུལ (གྲོང་ཁྱེར )དང་རྫོང་ཁག་གི་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་དང་དེའི་ཁོངས་མིའི་ཚན་པས་དུས་བཀག་ནང་དྲིལ་བསྒྲགས་ཁུལ་འཛུགས་པ་དང་། ཤེས་བྱའི་འགྲན་བསྡུར་གཉེར་བ། སྐོར་སྐྱོད་དྲིལ་བསྒྲགས་རླངས་འཁོར་སྒྲིག་འཛུགས་བྱེད་པ། སྤྱི་ཕན་འཕྲིན་ཐུང་གཏོང་བ་སོགས་མང་ཚོགས་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་བར་གྲུབ་འབྲས་ལེགས་པོ་ཐོབ་ཅིང་། མིག་སྔར་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་དུས་བདེ་སྐྲུན་པའི་ནང་ཞུགས་པའི་སྤྲོ་སེམས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་གཞི་རིམ་གྱི་དུས་བདེ་སྐྲུན་པའི་ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པ་སྟེ་ལྗོངས་ཡོངས་སུ་རྫོང་29ལ་རང་སྐྱོང་ལྗོངས་རིམ་པའི་དུས་བདེའི་རྫོང་གི་མཚན་སྙན་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།