དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་སྤྱི་ཚོགས་ཀྱི་ཡིག་སྤྱོད་ཚད་ལྡན་ཡིན་མིན་ལ་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་13་ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་རིམ་པ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ཞིབ་བཤེར་ཚོགས་ཆུང་གི་སྣེ་འཁྲིད་ནས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དང་འཁར་རྔ་ཤར་ལམ་སོགས་ལམ་བུར་སྤྱི་ཚོགས་ཀྱི་ཡིག་སྤྱོད་ཚད་ལྡན་ཡིན་མིན་ལ་ཞིབ་བཤེར་གནང་བར་ཕེབས་པ་རེད།

        ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་སྤྱི་ཚོགས་ཀྱི་ཡིག་སྤྱོད་ཚད་ལྡན་ཡོང་བ་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་གཏོད་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཞིག་ཡིན་པའི་རང་ལྗོངས་འདི་ཉིད་ཀྱི་སྤྱི་ཚོགས་ཀྱི་ཡིག་སྤྱོད་ཚད་ལྡན་ཡོང་བ་བྱེད་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

        ཞིབ་བཤེར་གནང་རིང་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་གཞུང་ལམ་ཐོག་གི་འཕྲེད་འགེལ་ཡི་གེ་དང་། ཚོང་ཁང་གི་སྒོ་བྱང་། ལམ་བུའི་མཚོན་རྟགས་སོགས་ཡིག་སྤྱོད་ལ་གཟིགས་ཞིབ་ཞིབ་ཕྲ་གནང་ནས་ཡིག་སྤྱོད་ཚད་ལྡན་མིན་པ་དང་ཡིག་སྒྱུར་ནོར་བ་སོགས་ཀྱི་གནད་དོན་རིམ་བཞིན་བཏོན་གནང་བ་མ་ཟད་འབྲེལ་ཡོད་སྡེ་ཚན་དང་ཚན་པས་འཕྲལ་མར་ལེགས་བཅོས་བྱེད་དགོས་པའི་བླང་བྱའང་བཏོན་གནང་བ་རེད། ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་སྤྱི་ཚོགས་ཀྱི་ཡིག་སྤྱོད་ཚད་ལྡན་ཡོང་བ་བྱ་རྒྱུའི་ལས་དོན་དེ་ཏང་གི་མི་རིགས་སྲིད་ཇུས་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་འབྲེལ་བ་ཡོད་པ་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བྱ་གཞག་འཕེལ་རྒྱས་གཏོང་བ་དང་འབྲེལ་བ་ཡོད་པ་དེ་ཐོག་ནས་གྲོང་ཁྱེར་གྱི་ཤེས་དཔལ་དང་སྤྱི་ཚོགས་ཡར་ཐོན་གྱི་ཆུ་ཚད་མངོན་ཡོད། རང་སྐྱོང་ལྗོངས་ཀྱིས་ད་ལོ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་སྤྱི་ཚོགས་ཀྱི་ཡིག་སྤྱོད་ཚད་ལྡན་ཡིན་མིན་ཞིབ་བཤེར་དང་ལེགས་བཅོས་བྱ་རྒྱུའི་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཀྱི་ཡིག་སྤྱོད་ཁོར་ཡུག་ལེགས་སུ་དང་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།