དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་མིང་ཆི་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་12ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་སར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་ཀྲང་མིང་ཆི་བཅས་པ་དང་མཇལ་འཛོམས་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་མིང་ཅུན། ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་ཝང་རུའེ་ལེན་བཅས་མཇལ་འཛོམས་ནང་ཞུགས་པ་རེད།

        ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲང་མིང་ཆི་ཡིས་བོད་དུ་ལས་བཟོར་འཚམས་འདྲི་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་རྒྱ་ཆེའི་ལས་བཟོ་དང་མི་རིགས་ཁག་གི་མང་ཚོགས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

        ཁྲེན་ཆོན་གོས་བཟོ་ཚོགས་ཀྱི་ལས་དོན་ནི་ཏང་དང་སྲིད་གཞུང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་ཏང་དང་སྲིད་གཞུང་གིས་བཟོ་པ་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུ་ཞིག་རེད། ང་ཚོས་བློ་གཅིག་སེམས་གཅིག་ངང་བཟོ་པའི་གྲལ་རིམ་ལ་བརྟེན་པའི་བྱེད་ཕྱོགས་སྔར་བས་མཐའ་འཁྱོངས་ཀྱིས་བཟོ་ཚོགས་ཀྱི་གནས་བབ་དང་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལས་བཟོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁྲོད་ཀྱི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོའི་གལ་ཆེའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་ད་ཐེངས་ཀྱི་ལྟ་སྐུལ་དང་ཞིབ་བཤེར་དེ་གོ་སྐབས་སུ་བརྩིས་ཏེ་བྱ་ཐབས་ཤུགས་ཆེར་གཏོང་བ་དང་། ཤུགས་སྣོན་རྒྱག་ཤུགས་ཆེ་རུ་གཏོང་བ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་ཀྱི་ཐོག་ནས་བོད་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་རྣམ་པ་གསར་པ་ཞིག་གཏོད་པར་སྐུལ་འདེད་བཏང་སྟེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཕྱིར་བདེ་འཇགས་འགན་ལེན་བརྟན་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁྲེན་ཆོན་གོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཚུད་པའི་ཀྲུང་དབྱང་གི་ལས་ཁུངས་དང་རྒྱལ་ཁབ་པུའུ་ཨུད་ཀྱི་རྒྱབ་སྐྱོར་ཤུགས་ཆེན། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་སྣེ་འཁྲིད་དེ་ཕྱར་བ་གྲུ་འདེགས་དང་གསར་འབྱེད་ཡར་བརྩོན་གྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་ནུས་ལྡན་བཏང་སྟེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བར་ང་ཚོར་སེམས་ཤུགས་ཡོད་ལ་ཡིད་ཆེས་ཀྱང་ཡོད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྔར་བཞིན་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཀྲང་མིང་ཆིས་ད་ཐེངས་བོད་དུ་ཁེ་ལས་ཀྱི་ལས་བཟོ་དང་ངལ་རྩོལ་དཔེ་བཟང་ལ་འཚམས་འདྲི་ཞུ་བ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་པར་ཡོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་སྟབས་བདེ་གནང་ཞིང་། ཁོང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་བཟོ་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཀྲང་མིང་ཆིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་ཏན་བྱེད་པ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དམངས་འཚོ་ལེགས་སུ་ནུས་ལྡན་གཏོང་བ་བཅས་ཀྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པར་ཞིབ་འཇུག་བྱས་ནས་བཟོས་པས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བོད་ཀྱི་བཟོ་ཚོགས་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་མི་རིགས་ཁག་གི་ལས་བཟོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་བར་སྔར་བས་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།