དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཀྱིས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་བཅོ་ལྔ་པ་གཙོ་སྐྱོང་གནང་ནས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་2012ལོའི་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་བཅོ་ལྔ་པ་གཙོ་སྐྱོང་གནང་ནས 《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ཕྱོགས་བསྡུས་རང་བཞིན་ལས་དོན་གྱི་ལག་བསྟར་འཆར་གཞི 》སོགས་ལ་གྲོས་ཞིབ་བྱས་པ་དང་རྩ་དོན་ཐོག་གྲོས་འཆམ་ཡང་བྱུང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། རྡོ་རྗེ་ཚེ་རིང་། བདེ་སྐྱིད། སྐལ་བཟང་ཚེ་རིང་། ཏུང་མིང་ཅུན་བཅས། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཅིན་ཧྲི་ཞུན། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་བཅས་ཚོགས་འདུར་ཞུགས་པ་རེད། ཚོགས་འདུའི་ཐོག 《“ལོ་ལྔ་ཚན་བཅུ་གཉིས་པའི ”ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ཕྱོགས་བསྡུས་རང་བཞིན་ལས་དོན་གྱི་ལག་བསྟར་འཆར་གཞི་པར་འགྲེམས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོའི 》དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་ལས་དོན་ལ་སྔར་བས་སྐུལ་མ་གཏོང་བ། ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཛའ་མཐུན་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་མ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་འགན་ལེན་བྱ་ཕྱིར་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས 《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ཕྱོགས་བསྡུས་རང་བཞིན་ལས་དོན་གྱི་ལག་བསྟར་འཆར་གཞི 》བཟོ་རྒྱུ་དེ་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བསྟན་པ་རེད།

        ཚོགས་འདུའི་ཐོག་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་སྤྱིའི་བླང་བྱ་ནི་ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཛའ་མཐུན་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བའི་དོན་ལ་བབ་ས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ནུས་རྒྱུ་ལུགས་མཐུན་ངང་བེད་སྤྱོད་གཏོང་བ་དང་ནུས་རྒྱུ་བེད་སྤྱོད་གཏོང་བའི་ལས་ཕྱོད་ཆེ་རུ་བཏང་ནས་སྦགས་བཙོག་ཕྱིར་འབུད་ཉུང་དུ་གཏོང་བ། འགན་འཁྲི་ཤུགས་ཆེར་གཏོང་བ་དང་། ཁྲིམས་ལུགས་འཐུས་ཚང་དུ་གཏོང་བ། སྲིད་ཇུས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྐུལ་གཏོང་དང་ཚོད་འཛིན་གྱི་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏོང་བ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཤུགས་ཆེན་བྱེད་པ་དང་ནུས་རྒྱུ་དང་ཁོར་ཡུག་གི་གདེང་འཇོག་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། གནད་ཆེའི་ཁྱབ་ཁོངས་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་ལས་དོན་ལ་མངོན་གསལ་དུ་དམ་འཛིན་ཡག་པོ་བྱེད་པ་དང་གནད་ཆེའི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་འདུ་འགོད་ལག་བསྟར་བྱེད་མགྱོགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་བོད་ཀྱི་སྣོད་བཅུད་ཁོར་ཡུག་བཟང་པོ་ཡོང་བའི་འགན་ལེན་བྱེད་པ་དང་ལྗོངས་ཡོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། ཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱ་ཕྱིར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་དེ་རེད་ཅེས་བསྟན་པ་རེད།

        ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ཕྱོགས་བསྡུས་རང་བཞིན་ལས་དོན་གྱི་ལག་བསྟར་འཆར་གཞིར 》གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་ནས་གྲོས་འཆམ་ཡང་བྱུང་བ་མ་ཟད་བཟོ་བཅོས་རྒྱག་པ་དང་འཐུས་ཚང་དུ་བཏང་རྗེས་གཤམ་སྤེལ་གྱིས་ལག་ལེན་བསྟར་རྒྱུའི་བླང་བྱ་བཏོན་པ་རེད།

        ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།