དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • མེ་ཟོན་བདེ་འཇགས་ཀྱི་འདུ་འགོད་དེ་དངོས་ཡོད་དང་མཐུན་པ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་11ཉིན་གནས་ཚུལ་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བསྐྱོད་ནས་མེ་ཟོན་བདེ་འཇགས་ཀྱི་ལས་དོན་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་། ས་གནས་ས་ཐོག་ཏུ་གཞུང་ལས་ཚོགས་འདུ་འཚོགས་ནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་མེ་ཟོན་བདེ་འཇགས་འདུ་འགོད་ཀྱི་དོན་ཚན་ལ་ཆེད་དོན་ཞིབ་འཇུག་བྱས་པ་རེད།

        ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ལྷ་ས་གྲོང་ཁྱེར་དང་འབྲེལ་ཡོད་ཚན་པ་ཁག་ལ་སྤྱི་ཡོངས་ནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་མེ་ཟོན་བདེ་འཇགས་ཀྱི་འདུ་འགོད་ལ་མཐོང་ཆེན་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་འདུ་འགོད་ཀྱིས་རིག་དངོས་སྲུང་སྐྱོང་ལས་དོན་གྱི་སྤྱིའི་བླང་བྱར་བརྩི་སྲུང་མཐའ་འཁྱོངས་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་མེ་ཟོན་བདེ་འཇགས་ཀྱི་འདུ་འགོད་དང་གྲོང་ཁུལ་ཪྙིང་པའི་མེ་ཟོན་བདེ་འཇགས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་བསམ་གཞིག་གཏོང་བ་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱ་རྒྱུ་མཐའ་འཁྱོངས། ཇུས་གཞི་ཁ་ཤས་ཕྱོགས་བསྡུས་ཞིབ་འཇུག་དང་གནས་ཚུལ་མང་པོར་ཕྱོགས་བསྡུས་དབྱེ་ཞིབ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་རིག་དངོས་ལ་ཤུགས་རྐྱེན་མི་ཐེབས་པ་དང་འདུ་འགོད་ལག་བསྟར་གྱི་ཕན་འབྲས་བཟང་ཤོས་ཀྱི་ཇུས་གཞི་བདམས་ནས་མེ་ཟོན་བདེ་འཇགས་ཀྱི་འདུ་འགོད་དེ་དངོས་ཡོད་དང་མཐུན་པ་དང་ཕན་འབྲས་འདོན་རྒྱུར་འགན་ལེན་བྱ་དགོས། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རིག་དངོས་བཀོད་པའི་དངོས་ཡོད་གནས་ཚུལ་ལྟར་རྣམ་གྲངས་ཇུས་འགོད་ཀྱི་ཇུས་གཞི་སྔར་བས་ཉམས་གསོ་དང་འཐུས་ཚང་དུ་གཏོང་བ་དང་ལས་གྲྭ་འཛུགས་སྐྲུན་གང་མགྱོགས་བྱ་དགོས་ཞེས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།