དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བློ་བཟང་རྒྱལ་མཚན་གྱིས་སྤྱི་ཚོགས་ཐོག་གི་གྲྭ་རྒྱུན་དང་གྲོང་ཆོག་ཆོས་པར་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབས་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་11ཉིན་གནས་ཚུལ་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཐོག་གི་གྲྭ་རྒྱུན་དང་གྲོང་ཆོག་ཆོས་པ་གཅིག་སྡུད་གཙང་བཤེར་དང་བཅོས་སྒྲིག་བྱེད་པའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྤྱི་ཚོགས་ཐོག་གི་གྲྭ་རྒྱུན་དང་གྲོང་ཆོག་ཆོས་པའི་ཞབས་ཞུ་དོ་དམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་འགྱུར་མེད་བཅས་ཚོགས་འདུར་ཕེབས་པ་རེད།

        ལྗོངས་ཡོངས་ཀྱི་ས་ཁུལ (གྲོང་ཁྱེར )བདུན་གྱི་གཅིག་སྡུད་གཙང་བཤེར་བཅོས་སྒྲིག་ལས་ཀའི་གནས་ཚུལ་སྙན་ཞུ་གསན་རྗེས་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ཐོག་གི་གྲྭ་རྒྱུན་དང་གྲོང་ཆོག་ཆོས་པའི་ཞབས་ཞུ་དོ་དམ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པའི་དམིགས་ཡུལ་གཙོ་བོ་ནི་ས་ཁུལ་ཁག་གི་དུས་མཚམས་གོང་མའི་ལས་དོན་སྤེལ་ཚུལ་ཉན་པ་དང་། ལས་དོན་སྤེལ་རིང་གནས་པའི་དཀའ་ངལ་དང་གནད་དོན་གཙོ་བོར་དབྱེ་ཞིབ་ནན་ཏན་བྱེད་པ། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་ཐོག་གི་གྲྭ་རྒྱུན་དང་གྲོང་ཆོག་ཆོས་པའི་ཞབས་ཞུ་དོ་དམ་ལས་དོན་ལ་ཕན་འབྲས་དངོས་ཐོབ་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྔ་ནུབ་ཀྱི་རང་ལྗོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།

        བློ་བཟང་རྒྱལ་མཚན་གྱིས་མཇུག་ཏུ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་གཞིར་བཟུང་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་རྒྱུར་མུ་མཐུད་དམ་འཛིན་བྱས་ཏེ་ལས་དོན་དེའི་སྔོན་དཔག་དམིགས་ཚད་བསྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། རང་སྐྱོང་ལྗོངས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ལྟ་སྐུལ་སློབ་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིབ་བཤེར་རྩིས་ལེན་ལས་དོན་ཡག་པོ་བསྒྲུབས་དགོས། ད་ཐེངས་སྤེལ་བའི་ལས་དོན་ཁྲོད་བསམ་བློའི་ཐོག་ནས་མཐོང་ཆེན་མི་བྱེད་པ་དང་། བྱ་ཐབས་ནུས་ལྡན་མེད་པ། ལས་དོན་དོན་འཁྱོལ་མི་བྱེད་པ་བཅས་ཀྱི་རྐྱེན་པས་གཞན་དབང་དུ་གྱུར་ནས་གནད་དོན་ཚབས་ཆེན་བཟོ་རིགས་ཏང་སྲིད་འགན་ཁུར་བ་གཙོ་བོ་དང་འབྲེལ་ཡོད་འགན་ཁུར་བའི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།