ཟླ་9ཚེས་8་ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་དང་། ཀྲུང་དབྱང་མཉམ་འབྲེལ་ཚོགས་འདུའི་གཞུང་ལས་ཁང་གི་ཀྲུའུ་རེན། རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ཝང་ཞུའེ་ཅུན་གྱིས་སྣེ་འཁྲིད་པའི་ལས་དོན་ཚོགས་ཆུང་ལ་ཡིག་བསྐུར་ངོ་བཅར་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་རྒྱལ་མཚན་ཕེབས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་གསུང་བཤད་གནང་བ་རེད།
ཡིག་བསྐུར་ངོ་བཅར་ལས་དོན་སྐོར་གྱི་གནས་ཚུལ་གྱི་སྙན་ཞུ་ནན་ཏན་ངང་གསན་རྗེས་ཝང་ཞུའེ་ཅུན་གྱིས་གོམ་སྟབས་རྗེས་མའི་ཡིག་བསྐུར་ངོ་བཅར་ལས་དོན་དེ་འགོ་ཁྲིད་ལས་བྱེད་པས་ངོ་བཅར་དང་ལེན་བྱེད་པ་དང་། ཐག་གཅོད་བྱ་རྒྱུ་ཡིན་པའི་གྱོད་གཞི་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱེད་པ། འགལ་བ་དང་རྩོད་གཞི་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ནས་ཚུགས་པ་དང་གཙོ་གནད་མངོན་གསལ་དུ་བཞག་སྟེ་ཡིག་བསྐུར་ངོ་བཅར་གྱི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཧུར་ཐག་བཏང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་སྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཁོང་གིས་ད་དུང་རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་ལྷ་སའི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཆེ་དགྲ་ལྷས་དྲུང་ཆེ་གཞོན་པ་ཝང་ཞུའེ་ཅུན་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་དྲུང་ཆེ་གཞོན་པ་ཝང་ཞུའེ་ཅུན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་གྲུབ་འབྲས་ཐོབ་པའི་བྱེད་སྟངས་དང་དཔེ་མཚོན་གྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་ངོ་བཅར་དང་ལེན་བྱེད་པའི་ལས་དོན་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ། ཡིག་བསྐུར་ངོ་བཅར་གྱི་གནད་དོན་འབྱུང་ཁུངས་ནས་འགོག་ཟོན་བྱ་རྒྱུར་སྒོ་ཀུན་ནས་སྐུལ་འདེད་གཏོང་བ། འགལ་བ་དང་རྩོད་གཞི་གྲལ་བཤེར་ལས་དོན་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ། ཡིག་བསྐུར་ངོ་བཅར་གྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པར་སྒོ་ཀུན་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཡིག་བསྐུར་ངོ་བཅར་ལས་དོན་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཁྲིམས་ལུགས་ཅན་བཅས་སུ་འགྱུར་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་སྐྲུན་ཕྱིར་སྔར་ལས་ལྷག་པའི་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།