དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • སྒྲིག་འཛུགས་ནན་ཏན་དང་བཀོད་སྒྲིག་ཞིབ་ཚགས་ཀྱིས་འདེམས་བསྡུའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་8་ཉིན་གྱི་སྔ་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལེའང་ཐེན་ཀེང་གིས་རང་ལྗོངས་ཀྱི་ཕུལ་བྱུང་གྲོང་ཚོ (ཡུལ་མི་ཨུ་ལྷན )ཏང་ཀྲི་པུའི་ཧྲུའུ་ཅིའི་ཁྲོད་ནས་ཤང་གྲོང་གཞུང་ལས་པ་འདེམས་བསྡུའི་རྒྱུགས་ལེན་ལ་སྐོར་གཟིགས་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་རྒྱུགས་རར་ལེའང་ཐེན་ཀེང་དང་བཅས་པས་རྒྱུགས་རའི་བཀོད་སྒྲིག་དང་། རྒྱུགས་རའི་ལྟ་སྐུལ་དགེ་རྒན་བཀོད་སྒྲིག དེ་བཞིན་སློབ་མའི་ཟ་སྡོད་སོགས་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། རྒྱུགས་ལེན་སྒྲིག་འཛུགས་བཀོད་སྒྲིག་གི་འབྲེལ་ཡོད་གནས་ཚུལ་ལ་བཀའ་འདྲི་ཞིབ་ཚགས་གནང་བ་མ་ཟད་རྒྱུགས་རའི་འགན་ཁུར་བློ་མཐུན་གྱི་གནས་ཚུལ་སྙན་སེང་ལ་ནན་ཏན་ངང་གསན་པ་རེད།

        ལེའང་ཐེན་ཀེང་གིས་རྒྱུགས་རའི་ལས་དོན་མི་སྣར་རྒྱུགས་རའི་སྒྲིག་ལམ་ལག་བསྟར་ནན་པོ་བྱས་ཏེ་རྒྱུགས་རའི་ལྟ་སྐུལ་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས་ད་ཐེངས་ཀྱི་འདེམས་བསྡུ་རྒྱུགས་ལེན་དེ་ཡོངས་བསྒྲགས་དང་། དྲང་གཞག འདྲ་མཉམ་བཅས་ཡོང་བའི་འགན་ལེན་བྱ་དགོས། དེ་དང་ཆབས་ཅིག་རྒྱུགས་སྤྲོད་སློབ་མར་སེམས་ཁུར་དང་བྱམས་སྐྱོང་བྱེད་པ་དང་སེམས་རྩ་འཁོལ་པོས་ཞབས་འདེགས་ཡག་པོ་ཞུ་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་ལྗོངས་ཡོངས་ཀྱི་ཕུལ་བྱུང་གྲོང་ཚོ (ཡུལ་མི་ཨུ་ལྷན )ཏང་ཀྲི་པུའི་ཧྲུའུ་ཅིའི་ཁྲོད་ནས་ཤང་གྲོང་གཞུང་ལས་པ་འདེམས་བསྡུའི་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་ཀྱིས་སྒྲིག་འཛུགས་ནན་ཏན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཐོག་འདེམས་བསྡུའི་དུས་མཇུག་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཕུལ་བྱུང་གྲོང་ཚོ (ཡུལ་མི་ཨུ་ལྷན )ཏང་ཀྲི་པུའི་ཧྲུའུ་ཅིའི་ཁྲོད་ནས་ཤང་གྲོང་གཞུང་ལས་པ་འདེམས་བསྡུའི་ལས་དོན་གྱིས་སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་སྔོན་ལ་འཇོག་པའི་མི་སྤྱོད་ཚད་གཞི་མཐའ་འཁྱོངས་དང་། དྲང་གཞག་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་མཐའ་འཁྱོངས། དམངས་གཙོའི་འོས་སྦྱོར་དང་། རྩ་འཛུགས་ཀྱི་དཔྱད་ཞིབ། མངོན་གསལ་ཡོངས་བསྒྲགས། རྒྱུགས་ལེན་བསྡུ་སྤྱོད་དང་ལས་བགོ་སོགས་གོ་རིམ་ལྟར་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།