དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ཀྱི་ཅུས་ཀྲང་ཝང་ཞུའེ་ཅུན་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་8ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་སར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་དང་། ཀྲུང་དབྱང་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གི་ཀྲུའུ་རེན། རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ཝང་ཞུའེ་ཅུན་དང་རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཀའོ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

        ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་300ཡི་ཚབ་ཞུས་ནས་ཝང་ཞུའེ་ཅུན་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ཁག་ལ་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

        ཁྲེན་ཆོན་གོས་མིག་སྔར་བོད་ལ་སྤྱི་ཚོགས་ཧྲིལ་པོ་མུ་མཐུད་ཞི་མཐུན་བརྟན་ལྷིང་དང་། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་རྒྱུའི་ལས་འགན་ཆེན་པོ་གཉིས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ཚུད་པའི་རྒྱལ་ཁབ་པུའུ་ཨུད་ཀྱི་ཤུགས་ཆེའི་རོགས་སྐྱོར། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་བོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་ཐུབ་པའི་ང་ཚོར་ཆོད་སེམས་བརྟན་པོ་ཡོད་ལ་གདེང་ཚོད་ཀྱང་ཡོད། རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། ཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་བསྐྲུན་རྒྱུར་འགན་ལེན་ནུས་ལྡན་མཁོ་འདོན་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཝང་ཞུའེ་ཅུན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་དུས་བཀག་ཞིབ་འཇུག་དང་། དུས་བསྟུན་བཀོད་སྒྲིག དུས་ཐོག་མཛུབ་ཁྲིད། གནད་དོན་ཐག་གཅོད་བཅས་གནང་བས་ལྗོངས་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་བྱུང་ཡོད། རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་བོད་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ལྟ་བུའི་བོད་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་ཐུབ་པ་དང་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།