དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་བོད་སྐྱོད་ལྟ་ཞིབ་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་7ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་ཀྱི “འཆལ་རྡུང་ལོག་སེལ ”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ལྟ་ཞིབ་ཚོགས་ཆུང་བཅུ་པའི་བོད་སྐྱོད་ལྟ་ཞིབ་ལས་ཀའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་ཀྱི “འཆལ་རྡུང་ལོག་སེལ ”ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏུང་ཡུན་ཧུའུ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ཉེ་ཆར་རྒྱལ་ཡོངས་ཀྱི “འཆལ་རྡུང་ལོག་སེལ ”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་རྒྱལ་ཡོངས་སུ་ལྟ་ཞིབ་ལས་དོན་སྤེལ་བ་དང་ལྟ་ཞིབ་ཚོགས་ཆུང་བཅུ་པས་མངོན་མེད་བརྟག་དཔྱད་དང་སྟབས་བསྟུན་འཐེན་བཤེར་བྱེད་པ་སོགས་ཀྱི་བྱེད་སྟངས་ཐོག་རང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི “འཆལ་རྡུང་ལོག་སེལ ”གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ཚུལ་ཐད་ལྟ་ཞིབ་བྱས་པ་རེད། ཕྱོགས་ཡོངས་ནས་ཞིབ་བཤེར་དང་ཚོད་སྐོར་གཏིང་ཟབ་བྱས་པ་བརྒྱུད་ལྟ་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས “འཆལ་རྡུང་ལོག་སེལ ”ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་འགོ་ཁྲིད་བྱེད་ནུས་ལྡན་པ་དང “འཆལ་རྡུང་ལོག་སེལ ”གྱི་ཆེད་དོན་བྱ་སྤྱོད་སྤེལ་ཤུགས་ཆེ་བ་དང་། ལས་ཆོད་ཆེ་བ། བཀྲག་མདངས་འཚེར་ས་ཡོད་པ། སྒྲིལ་ཤུགས་ལྡན་པ། གསར་གཏོད་ལྡན་པ་བཅས་ཡིན་ཞིང་། བོད་དུ་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཛ་དྲག་པའི་གནས་ཚུལ་འོག་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་དངོས་གནས་ལས་སླ་པོ་ཞིག་མིན་པའི་ངོས་འཛིན་བྱས་པ་དང་ལྟ་ཞིབ་ཚོགས་ཆུང་གིས་ད་དུང་གོམ་སྟབས་རྗེས་མའི་ལས་དོན་གཏིང་ཟབ་ངང་ཡག་པོ་སྤེལ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་པ་རེད།

        ཏུང་ཡུན་ཧུའུ་ཡིས་བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི “འཆལ་རྡུང་ལོག་སེལ ”གཞུང་དོན་ཁང་གིས་རང་ལྗོངས་ཀྱི “འཆལ་རྡུང་ལོག་སེལ ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དམིགས་བསལ་གྱི་ཐུགས་འཁུར་གནང་གི་ཡོད་ལ་ད་ཐེངས་ལྟ་ཞིབ་ཚོགས་ཆུང་བོད་དུ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བར་ཕེབས་ནས་ངེད་ཚོའི་ལས་དོན་ཐད་སླར་ཡང་མཛུབ་ཁྲིད་དང་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས “འཆལ་རྡུང་ལོག་སེལ ”ལས་ཀར་མཐོང་ཆེན་བྱས་ཏེ་དེ་ནི “བོད་རང་བཙན ”ལ་ངོ་རྒོལ་དང་། ཁ་ཕྲལ་ལ་ངོ་རྒོལ། སིམ་འཛུལ་ལ་ངོ་རྒོལ་བཅས་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱེད་ཀྱི་ཡོད། ཧྲུའུ་ཅི་ཁྲེན་ཆོན་གོ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་བླང་བྱ་ཁ་གསལ་བཏོན་གནང་ཡོད། རང་ལྗོངས་ཀྱི “འཆལ་རྡུང་ལོག་སེལ ”གཞུང་དོན་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི “འཆལ་རྡུང་ལོག་སེལ ”གྱི་ཆེད་དོན་བྱ་སྤྱོད་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་། ཆེད་དོན་ཚོགས་འདུ་འཚོགས་པ། ལས་ཀའི་ཇུས་གཞི་བཟོ་བ། སྒྲིག་འཛུགས་ཞིབ་ཚགས་བྱེད་པ། བཀོད་སྒྲིག་ཚགས་ཚུད་པོ་བྱེད་པ་བཅས་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བསྟན་གནང་བ་རེད།

        ཏུང་ཡུན་ཧུའུ་ཡིས་རང་ལྗོངས་ཀྱི “འཆལ་རྡུང་ལོག་སེལ ”གཞུང་དོན་ཁང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་ལྟ་ཞིབ་ཚོགས་ཆུང་གིས་བཏོན་པའི་བླང་བྱར་གོ་བ་ནན་ཏན་ལེན་པ་དང་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ་སྟེ། གཅིག་ནས་ཚད་མཐོའི་མཐོང་ཆེན་བྱས་ཏེ་རང་ལྗོངས་ཀྱི “འཆལ་རྡུང་ལོག་སེལ ”ལས་ཀར་འཕྲད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་ངོས་འཛིན་གང་ལེགས་ཀྱིས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། གཉིས་ནས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་འགག་རྩའི་ལྷུ་ཚིགས་དམ་འཛིན་བྱེད་པ་དང་། གྱོད་གཞི་ཆེ་མོ་དང་གྱོད་གཞི་འགངས་ཆེན་ཞིབ་བཤེར་ཐག་གཅོད་བྱེད་པ། “བོད་རང་བཙན ”གྱི་ལོག་སྤྱོད་དྲིལ་བསྒྲགས་ཀྱི་སིམ་འཛུལ་ལ་གཙོ་གནད་དུ་རྡུང་རྡེག་གཏོང་བ་བཅས་བྱེད་དགོས་པ། གསུམ་ནས་མཉམ་འགོག་དང་མཉམ་དུ་ཚོད་འཛིན་གཏིང་ཟབ་བྱས་ནས་མཉམ་འབྲེལ་དང་མཉམ་འགུལ་ལ་དོ་སྣང་ཆེན་པོ་བྱེད་པ་དང་མཐུན་སྦྱོར་ཆེན་པོ་དང་། མཉམ་འབྲེལ་ཆེན་པོ། བྱ་སྤྱོད་ཆེན་པོ་བཅས་ལག་བསྟར་བྱས་ཐོག་དྲིལ་བསྒྲགས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས་པ། བཞི་ནས་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ས་སྲུང་འགན་འཁྲི་ཡོད་པ་དང་། ས་སྲུང་འགན་འཁྲི་སྒྲུབ་པ། ལྷུ་ཚིགས་ཞན་ཆར་ཤུགས་སྣོན་རྒྱག་པ། བྱེད་ཐབས་ཤུགས་ཆེར་གཏོང་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི “འཆལ་རྡུང་ལོག་སེལ ”གྱི་ལས་ཀའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།