དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཏེང་ཞའོ་ཀང་གིས་མཚོ་བོད་ལྕགས་ལམ་ལམ་སྲུང་མཉམ་འགོག་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་6ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཞའོ་ཀང་གིས་རང་སྐྱོང་ལྗོངས་ལྕགས་ལམ་ལམ་སྲུང་གཞུང་དོན་ཁང་གི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་དང་འབྲེལ་ལྕགས་ལམ་སྲུང་མཁན་གྱི་ལས་བྱེད་པ་དང་ལས་བཟོར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

        ལྕགས་ལམ་ལམ་སྲུང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བའི་ལས་ཀའི་སྙན་སེང་གསན་རྗེས་ཏེང་ཞའོ་ཀང་གིས་ད་ཕན་ལོ་ཤས་རིང་ལྕགས་ལམ་ལམ་སྲུང་མཉམ་འགོག་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ལྕགས་ལམ་རྒྱུད་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། རིམ་ཁག་ལམ་སྲུང་རྩ་འཛུགས་བཅས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང། ལས་ཀའི་བྱེད་ཐབས་དང་འགན་འཁྲི་ཁག་སྒོ་ཀུན་ནས་དོན་འཁྱོལ་བྱེད་པ། གནས་བརྟན་པོ་སྲུང་ནས་ལས་དོན་གྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ་ལམ་སྲུང་མཉམ་འགོག་གི་ལས་དོན་ཁག་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྒོ་ཀུན་ནས་སྐུལ་མ་གཏོང་དགོས་པ་དང་། དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ་དང་སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་ཧྲིལ་པོས་ལམ་གཅེས་ལམ་སྲུང་དང་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་སྤྱི་ཚོགས་རྣམ་པ་ཧུར་ཐག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        ཏེང་ཞའོ་ཀང་གིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གཙོ་གནད་ས་ཁོངས་དང་དམིགས་ཚད་ལ་དམ་པོར་དམིགས་ཏེ་རིགས་ཁག་གི་བདེ་འཇགས་ཀྱི་སྔོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་དང་། ལྕགས་ལམ་རྒྱུད་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ། ལྕགས་ལམ་རྒྱུད་ཀྱི་སྤྱི་ཚོགས་བདེ་འཇགས་ཁོར་ཡུག་གཙང་བཟོ་བྱེད་པ་བཅས་བྱས་ཏེ་ལྕགས་ལམ་རྒྱུད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་རྒྱུ་འགན་ལེན་དང་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་བགྲོད་ཐུབ་རྒྱུ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།