དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་ཐའེ་དབན་གྱི་གཞོན་ནུ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལྟ་སྐོར་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་5ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གིས་ཐའེ་དབན་གྱི་གཞོན་ནུ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལྟ་སྐོར་འཚམས་འདྲི་ཚོགས་པ་དང་བཅས་པར་མཇལ་འཕྲད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་དབྱི་ཀྲི་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་པ་རེད།

        ཧའོ་ཕུང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཐའེ་དབན་གྱི་གཞོན་ནུ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལྟ་སྐོར་འཚམས་འདྲི་ཚོགས་པ་དང་ བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་སྦྲགས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད།

        ཧའོ་ཕུང་གིས་མིག་སྔར་བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད་ཅིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་མཐུན་སྒྲིལ་དང་སྣེ་འཁྲིད་བྱས་ནས་བློ་གཅིག་སེམས་གཅིག་དང་འབད་འཐབ་ཧུར་ཐག་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་བོད་ལྗོངས་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་། ཁོང་གིས་ཐའེ་དབན་གཞོན་ནུའི་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལྟ་སྐོར་འཚམས་འདྲི་ཚོགས་པ་དང་བཅས་པས་བོད་མི་དམངས་ཀྱི་སྤྲོ་སེམས་དང་བོད་དུ་སྡོད་རིང་གི་མཐོང་ཐོས་ཚང་མ་ཐའེ་དབན་དུ་འཁྱེར་ནས་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བ་ཚོར་དངོས་ཡོད་ཀྱི་བོད་ལྗོངས་ཤིག་ངོ་སྤྲོད་བྱས་ནས་ཕྱོགས་གཉིས་ཀའི་སྤེལ་རེས་དང་འགྲོ་འོང་ལ་སྔར་བས་སྐུལ་འདེད་གཏོང་བ་དང་རིག་གནས་དང་། ཡུལ་སྐོར། དཔལ་འབྱོར་ཚོང་དོན་སོགས་ཕྱོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བ་བྱེད་པའི་བྱ་བ་ཆེན་པོར་སྐུལ་འདེད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་པའི་རེ་བ་བཏོན་གནང་བ་རེད།

        ཐའེ་དབན་གཞོན་ནུའི་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་དཔོན་ཧོང་ཏེ་ཕུའུ་ཡིས་བོད་རང་སྐྱོང་ལྗོངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཐའེ་དབན་གཞོན་ནུའི་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས་ཁོང་གིས་ལྟ་སྐོར་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ཀྱིས་སྦྲེལ་ཟམ་གྱི་ནུས་པ་གང་ལེགས་འདོན་སྤེལ་བྱས་ནས་དངོས་ཡོད་ཀྱི་བོད་ལྗོངས་ཐའེ་དབན་གྱི་ལས་རིགས་ཁག་ལ་ངོ་སྤྲོད་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་སྦྲགས་ཕྱོགས་གཉིས་པོས་ད་ཐེངས་ཀྱི་འཚམས་འདྲི་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས་གཞོན་ནུའི་དབར་སྤེལ་རེས་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། མི་སྣ་འགྲོ་འོང་བྱེད་རྒྱུར་སྐུལ་འདེད་གཏོང་བ། ཕན་ཚུན་དབར་ཤེས་རྟོགས་བྱ་རྒྱུར་ཤུགས་སྣོན་བཅས་བརྒྱབ་ནས་ཐུན་མོང་ཐོག་ངོགས་གཉིས་ཀྱི་ཞི་བའི་འཕེལ་རྒྱས་ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུའི་རེ་བ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།