དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་ཚོགས་ཆུང་གིས་མཛོ་སྒང་རྫོང་དུ་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་9ཚེས་3ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་རྡོ་རྗེས་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་ཚོགས་ཆུང་གི་སྣེ་འཁྲིད་དེ་མཛོ་སྒང་རྫོང་དུ་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་སྦྲགས་མཛོ་སྒང་རྫོང་གི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྣམ་གྲངས་226ལག་ལེན་བསྟར་ཚུལ་སྐོར་གྱི་སྙན་སེང་ཡང་གསན་པ་རེད།

        རྡོ་རྗེས་སྣེ་འཁྲིད་པའི་ལས་དོན་ཚོགས་ཆུང་གིས་མཛོ་སྒང་རྫོང་གཞོན་ནུ་ལོ་ཆུང་བྱེད་སྒོ་ལྟེ་གནས་དང་རྫོང་ཞིབ་དཔྱོད་ཁང་མྱུལ་ཞིབ་ལག་རྩལ་ལས་སྒོ་ཁང་ཨར་ལས་བྱ་ཡུལ་དུ་བརྟག་ཞིབ་གནང་ཞིང་། ཨར་ལས་དང་། ལྟ་སྐུལ། རྣམ་གྲངས་འཛུགས་མཁན་བཅས་ཚན་པའི་སྙན་སེང་གསན་རྗེས་ལས་དོན་ཚོགས་ཆུང་གིས་འབྱུང་ཉེན་རྐྱེན་ངན་སེལ་བ་དང་། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཨར་ལས་མགྱོགས་སུ་གཏོང་བ་བཅས་ཀྱི་སྒོ་ནས་ཨར་ལས་ཀྱི་བདེ་འཇགས་དང་སྤུས་ཚད་འགན་ལེན་དགོས་པའི་བླང་བྱ་བཏོན་ཡོད།

        ལས་དོན་ཚོགས་ཆུང་གིས་མཛོ་སྒང་རྫོང་གི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྣམ་གྲངས་226ལག་ལེན་བསྟར་ཚུལ་སྙན་སེང་གསན་ཞིང་། ལོ་གཉིས་རིང་མཛོ་སྒང་རྫོང་གི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྣམ་གྲངས་226གི་འཛུགས་སྐྲུན་འཕེལ་རིམ་ལམ་ལྷོངས་བྱུང་བ་དང་། རྣམ་གྲངས་མཐུད་འཛུགས་དང་གསར་འཛུགས་དང་དེ་བཞིན་བྱེད་བཞིན་པའི་དུས་འགོའི་ལས་དོན་བཅས་ཁྱོན་རྣམ་གྲངས་73གྱི་ཁག་176ལ་སྒོར་ཁྲི་86550ལྷག་ཙམ་བཏང་ཡོད་པ་ལས་མ་འཇོག་སྒོར་ཁྲི་25900.88ཀྱི་ལས་འགན་བསྒྲུབས་ཟིན་པ་དེས་མ་འཇོག་བསྡོམས་འབོར་གྱི་30%བཟུང་ཡོད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་ཚོགས་ཆུང་དང་མཛོ་སྒང་རྫོང་གིས་ལས་གྲྭ་དོ་དམ་དང་། ལས་གྲྭའི་ས་སྤྱོད། ཁོར་ཡུག་སྲུང་སྐྱོང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་གནད་དོན་ཐད་ལའང་ཉམས་མྱོང་སྤེལ་རེས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།