དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • “དོན་གནད་ལྔ་ཡི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ”དེ་བས་ཆེ་བའི་འཕེལ་རྒྱས་ཡོང་བ་བྱེད་དགོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཁྲེན་ཧྥེ་ཡུས་ཀྱིས།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གིས་ཁ་གསལ་བཏོན་པའི “ལྟེ་བ་གཅིག ”དང “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ནས་སྐབས་རིམ་བྱུང་གི་ཏང་ཨུད་དང་སྲིང་གཞུང་གིས་ལས་ཀའི་རྨང་གཞི་ཡག་པོ་ཞིག་བཏིང་བའི་འོག་དངོས་འཛིན་དངོས་སྒྲུབ་དང་གསར་འབྱེད་ཡར་ཐོན་གྱིས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་འཕེལ་ཕྱོགས་བཟང་པོ་ཞིག་ཆགས་ཡོད་པ་རེད།

        བོད་ཀྱིས་ཇི་ལྟར་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་མཛུབ་ཁྲིད་འོག་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་སྐོར་འདི་ག་ཚགས་པར་གྱི་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོར་ཆེད་དོན་བཅར་འདྲི་ཞུས་པ་ཡིན།

        མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ།

        གསར་འགོད་པ། བོད་ཀྱིས་ཇི་ལྟར་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས་སམ།

        ཁྲེན་ཆོན་གོ ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། བོད་ཀྱི་དཔལ་འབྱོར་དེ་བས་ལེགས་པ་དང་། མྱུར་པོ། ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན། གཅིག་ནས་ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་རྒྱུ་དང་། གཉིས་ནས་ཁ་གཏད་རོགས་སྐྱོར་གྱི་ལེགས་ཆ་ཡག་པོ་སྤྱོད་རྒྱུ། གསུམ་ནས་རྒྱལ་ཁབ་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ། བཞི་ནས་འགྲིམ་འགྲུལ་དང་། ནུས་རྒྱུ ཆུ་བེད། འཕྲིན་གཏོང་། རིག་གནས། ཡུལ་སྐོར་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། ལྔ་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་། གཏེར་ཁ། ནུས་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན། ཡུལ་སྐོར། རིག་གནས། མི་རིགས་ཀྱི་ལག་ཤེས་བཟོ་ལས་བཅས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། དྲུག་ནས་དམངས་གཉེར་དཔལ་འབྱོར་བློ་བདེ་དང་། གློད་པ། ལྷུག་གཏོང་། བློ་ཁོག་ཆེན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ། བདུན་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་། བརྒྱད་ནས་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་རྫོང་ཁོངས་དཔལ་འབྱོར་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།

        དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ།

        གསར་འགོད་པ། བོད་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་གཏོང་བྱེད་པའི་ཐད་བྱ་ཐབས་གང་དང་གང་སྤྱད་ཡོད་དམ།

        ཁྲེན་ཆོན་གོ ང་ཚོས་དམངས་འཚོ་འགན་ལེན་དང་ལེགས་གཏོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་དོན་ཐམས་ཅད་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཤིང་། གཅིག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་དང་། གཉིས་ནས་ལས་ཞུགས་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་ཆེར་བཏང་བ། གསུམ་ནས་ཟོག་གོང་བརྟན་པོ་ཡོང་བ་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། བཞི་ནས་སྤྱི་ཚོགས་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ། ལྔ་ནས་སྨན་བཅོས་འཕྲོད་བསྟེན་ལ་དམ་འཛིན་ཡག་པོ་བྱས་པ། དྲུག་ནས་སློབ་གསོ་གོང་འཕེལ་ཤུགས་ཆེན་བཏང་བ། བདུན་ནས་དབུལ་སྐྱོར་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་པ། བརྒྱད་ནས་གེགས་འགོག་དང་། གནོད་འཚེ་ཉུང་གཏོང་། གེགས་སེལ་བཅས་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་བཅས་ཡིན།

        སྣོད་བཅུད་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ།

        གསར་འགོད་པ། བོད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐད་བྱ་ཐབས་གང་དང་གང་སྤྱད་ཡོད་དམ།

        ཁྲེན་ཆོན་གོ ང་ཚོས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་གནས་བབ་མངོན་གསལ་དོད་པོའི་ཐོག་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་མགྱོགས་པོ་བྱས་པ་དང་། གཙང་ཆེན་དང་ཆུ་བོ་ཆེན་པོའི་ཆུ་འགོ་ཁུལ་དང་། རྩྭ་ཐང་། འདམ་ར། རང་བྱུང་ནགས་ཚལ་བཅས་དང་དེ་བཞིན་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུར་དམ་འཛིན་ཧུར་ཐག་བྱས་པ། ས་ཆུ་ཤོར་བ་དང་། ས་ཆ་དང་རྩྭ་ར་བྱེ་འགྱུར་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པ། སྦགས་བཙོག་འགོག་བཅོས་བྱེད་ཤུགས་བཅས་ལ་ཤུགས་སྣོན་བརྒྱབ་པ། ནགས་ཚལ་དང་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོབ་ཀྱི་བྱ་དགའི་ལམ་སྲོལ་དང་སྣོད་བཅུད་ཕན་འབྲས་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་བ་བཅས་བྱས་ཡོད། འདི་ལོ་ཤར་ཚུན་ལྗོངས་ཡོངས་སུ་ཤིང་འཛུགས་ནགས་གསོ་སྤྱི་ཆིང་ཁྲི་3.4བྱས་པ་དང་། སྐྱས་སྤོས་རྩྭ་གསོ་སྤྱི་ཆིང་ཁྲི་18བྱས་པ། བྱེ་འགྱུར་ས་ཆ་སྤྱི་ཆིང་ཁྲི་1.7ལ་བཅོས་སྒྲིག་བྱས་པ་བཅས་བྱས་ཐོག་སྦགས་བཙོག་དངོས་རྫས་གཙོ་བོ་ཕྱིར་འབུད་བྱེད་ཚད་དེ་རྒྱལ་ཁབ་ཀྱི་ཞིབ་གཏན་འཁེལ་བའི་ཁྱབ་ཁོངས་ནང་ཚོད་འཛིན་བྱས་ཡོད།

        སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ།

        གསར་འགོད་པ། ན་ནིང་ནས་བཟུང་རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་གསར་གཏོད་རང་བཞིན་གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་ཡོད། ཁྱེད་ཀྱིས་དེའི་ཐད་ཀྱི་གནས་ཚུལ་ངོ་སྤྲོད་རགས་ཙམ་གནང་དང་།

        ཁྲེན་ཆོན་གོ སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་ནི་བོད་ལ་མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པ་དང་མི་རིགས་ཁག་གི་མི་དམངས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་པའི་གཞི་རྩའི་འགན་ལེན་ཡིན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས “དུས་འགོའི་ལས་ཀ་ཡག་པོ་བསྒྲུབས་ནས་རང་འགུལ་དམག་ཡག་པོ་ཞིག་རྒྱག་པའི ”མཛུབ་སྟོན་གལ་ཆེན་ལ་གཞིགས་ནས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་པ་དང་། སྔ་ཙམ་དམ་འཛིན་དང་། ཆུང་ངུ་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཙུགས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ཁོང་དུ་ནན་པོ་ཆུད་པ་བཅས་བྱས་ཏེ་འགག་གནད་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་ཧྲིལ་པོ་རྒྱུན་མཐུད་བརྟན་ལྷིང་བྱུང་ཡོད།

        “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ།

        གསར་འགོད་པ། ཇི་ལྟར་བྱས་ནས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”ཇི་སྲིད་བར་འོད་སྟོང་འཕྲོ་བ་བྱེད་དམ།

        ཁྲེན་ཆོན་གོ སྲོལ་རྒྱུན་རྒྱུན་འཛིན་དང་དུས་བསྟུན་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”རྒྱུན་ཆད་མེད་པར་འོད་སྟོང་འཕྲོ་བ་བྱས་ཏེ་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་སྟེ། གཅིག་ནས་ཕུགས་བསམ་དང་ཡིད་ཆེས་བརྟན་པོ་ཡོང་བ་བྱ་རྒྱུ་དང་། གཉིས་ནས་འགོ་ཁྲིད་ཚན་ཁག་གཅིག་སྡུད་སྐབས་བརྗེ་བྱ་རྒྱུར་དམ་འཛིན་བྱ་རྒྱུ། གསུམ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་ཡག་པོ་འདེམས་རྒྱུ། བཞི་ནས་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ། ལྔ་ནས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། དྲུག་ནས་ཏང་གི་དྭངས་གཙང་རང་བཞིན་གྱི་འཛུཌ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།