དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • གཏིང་ཟབ་པའི་གནད་དོན་ཐག་གཅོད་བྱེད་པར་དེ་བས་ཆེ་བའི་ཚད་བརྒལ་ཡོང་རྒྱུའི་འབད་འབུངས་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་8ཚེས་28ཉིན་ལྗོངས་ཡོངས་ཀྱི་ཉེས་དོན་ཉེས་གསོག་ཚབས་ཆེན་ལ་རྡུང་རྡེག་གཏོང་བ་དང་སྤྱི་ཚོགས་བདེ་འཇགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་རྡུང་རྡེག་དང་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱ་ཐབས་གཙོ་བོ་སྤེལ་རེས་བྱས་པ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི། ཐིང་ཀྲང་བཅས་ཡིན་པའི་ལི་ཀྲའོ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

        ཏེང་ཞའོ་ཀང་གིས་རྡུང་རྡེག་དང་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་ཐུབ་ཕྱིར་ཞི་མཐུན་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་པའི་གཙོ་དོན་དེར་དམ་པོར་དམིགས་ནས་གཙོ་གནད་མངོན་གསལ་དོད་པ་དང་རང་འགུལ་ངང་ཕར་རྒོལ་བྱས་ཏེ་གྱོད་དོན་རྩད་གཅོད་དང་། བྲོས་བྱོལ་པ་རྗེས་འདེད་གཏོང་བ། བདེ་འཇགས་བཅོས་སྐྱོང་བྱེད་པ། གསང་བའི་སྒྲིག་འཛུགས་དང་ཁྲིམས་འགལ་གྱི་རྩ་འཛུགས་ལ་རྡུང་རྡེག་གཏོང་བ། མཐའ་མཚམས་དོ་དམ་དང་ཚོད་འཛིན་བྱེད་པ། འགལ་ཟླའི་རྩོད་གཞི་གྲལ་བཤེར་དང་སེལ་བ་སོགས་ཀྱི་ཐད་དམག་འཐབ་ཀྱི་གྲུབ་འབྲས་ཆེན་པོ་ཁག་གཅིག་ཐོབ་ནས་དཔའ་ཉམས་དང་། ཟིལ་ཤུགས། ཕན་འབྲས་བཅས་ཐོན་པས་སྤྱི་བདེ་པུའུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད་ལ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་དང་རྒྱབ་སྐྱོར་ཆེན་པོའང་ཐོབ་ཡོད་ཅེས་གསུངས།

        ཏེང་ཞའོ་ཀང་གིས་རང་ལྗོངས་ཀྱི་རྡུང་རྡེག་དང་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མཇུག་སྒྲིལ་བར་ནར་འགྱངས་གཏོང་རྒྱུ་ཡིན་པ་དེ་ཀྲུང་དབྱང་གི་དགོངས་དོན་དང་མཐུན་ལ་རང་ལྗོངས་ཀྱི་དོན་དངོས་དང་ཡང་འཚམས་པ་མ་ཟད། ལྗོངས་ཏང་ཨུད་ཀྱིས་རང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཐུགས་གྲ་ལེགས་འགྲིག་ངང་འཚོག་ཐུབ་པར་བསུ་བ་ཞུ་བའི་འགྱུར་མེད་གྱི་ཆོད་སེམས་གང་ལེགས་མངོན་ཡོད་ཅེས་དང་། ཁོང་གིས་ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་ཁག་ལ་བསམ་བློའི་ངོས་འཛིན་ངེས་པར་དུ་སླར་ཡང་མཐོ་རུ་གཏོང་དགོས་པ་དང་། དམིགས་ཚད་ལས་འགན་ངེས་པར་དུ་སླར་ཡང་གསལ་པོ་བཟོ་དགོས་པ། ལས་ཀའི་གཙོ་གནད་ངེས་པར་དུ་སླར་ཡང་མངོན་གསལ་དོད་དུ་གཏོང་དགོས་པ། བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ངེས་པར་དུ་སླར་ཡང་དོན་འཁྱོལ་བྱེད་དགོས་པ། འགོ་ཁྲིད་ཀྱི་འགན་འཁྲི་ངེས་པར་དུ་དེ་བས་ནན་དུ་གཏོང་དགོས་པ། ལྟ་སྐུལ་ཞིབ་བཤེར་ངེས་པར་དུ་དེ་བས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་བྱེད་པ་དང་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་གཏིང་ཟབ་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཚད་བརྒལ་ཡོང་བའི་འབད་འབུངས་བྱེད་དགོས། མྱུལ་ཞིབ་དང་གྱོད་གཞི་རྩད་གཅོད་བྱེད་པའི་ཐད་མུ་མཐུད་ཤུགས་རྒྱག་དགོས་པ་དང་། “གྱོད་གཞི་ངེས་པར་དུ་རྩད་ཆོད་པའི ”རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ། ཉེན་རྟོག་རིགས་མང་པོས་མཉམ་འབྲེལ་མྱུལ་ཞིབ་དང་ཚོད་འཛིན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རིགས་ཁག་གི་སྟོབས་ཤུགས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ་ཉེས་དོན་གྱི་གྱོད་གཞི་ཚབས་ཆེན་མྱུལ་ཞིབ་དང་རྩད་གཅོད་མགྱོགས་པོ་བྱས་ནས་རྡུང་རྡེག་ནན་པོ་གཏོང་དགོས། ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། ཁྱོན་ཡོངས་སྟངས་འཛིན་གྱི་བསམ་བློ་བརྟན་པོ་བཙུགས་ཏེ་ཕྱར་བ་གྲུ་འདེགས་དང་། ཤུགས་སྒྲིལ་རོགས་ལས། གཞོགས་འདེགས་དམ་ཚགས་བཅས་བྱས་ཏེ་མཉམ་ཤུགས་སྟོབས་ཆེན་ཞིག་ཆགས་པ་བྱེད་དགོས། ལམ་ལུགས་ཅན་དང་རྒྱུན་གཏན་ཅན་རྒྱུན་འཁྱོངས་བྱེད་པ་དང་། ངོས་ལྐོག་གཉིས་ཀྱི་ཐོག་ནས་མྱུལ་ཞིབ་བྱ་རྒྱུ་ཟུང་འབྲེལ་བྱེད་དགོས་པ། ནམ་རྒྱུན་ཞིབ་བཤེར་དང་འཕྲལ་དུ་ཞིབ་བཤེར་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ་ས་གནས་ཁག་དང་ཚན་པ་ཁག་གི་མི་སྣ་ལས་གནས་ཐོག་ཡོད་མེད་དང་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱེད་མིན་སོགས་ཀྱི་གནས་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་སྤྱི་ཚོགས་ཀྱི་གནས་ཚུལ་ཧྲིལ་པོ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ལི་ཀྲའོ་ཡིས་གསང་བའི་སྒྲིག་འཛུགས་དང་ཁྲིམས་འགལ་གྱི་རྩ་འཛུགས་ལ་རྡུང་རྡེག་དང་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས་རྡུང་རྡེག་དང་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཕྲ་གནང་བ་དང་ཁོང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་དོན་དུ་སྤྱི་བདེ་ལས་ཁུངས་ཀྱིས་དེ་བས་སྐྱེ་སྟོབས་འབར་བ་དང་། སྙིང་རུས་དེ་བས་ཆེ་བའི་ལས་ཀའི་སྤྱོད་ཚུལ། དེ་བས་ཏན་ཏིག་གི་ལས་ཀ་བྱེད་པ་བཅས་ལ་བརྟེན་ནས་ཆེད་དོན་བྱེད་སྒོ་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་རྒྱུར་སྒོ་ཀུན་ནས་སྐུལ་འདེད་བཏང་སྟེ་ཟིལ་གྱིས་གནོན་པ་དང་། དུས་བདེ། ཞི་མཐུན་བཅས་ཐུབ་པ་བྱ་རྒྱུ་འགན་ལེན་བྱས་ནས “མི་ཐོན་པ་གསུམ ”གྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པའི་རེ་བ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།