དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཏུང་ཡུན་ཧུའུ་ཡིས་བརྗོད་དོན་གཙོ་བོ་མངོན་གསལ་དོད་པོར་འཇོག་པ་དང་། ཇུས་འགོད་ཞིབ་ཚགས་བྱས་ཏེ། བརྩམས་ཆོས་ལེགས་གྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་30ཉིན་གྱི་སྔ་དྲོ་བཪྙན་འཕྲིན་རིག་རྩལ་མཚན་ཚོགས 《དུས་བཟང་གི་བསྟོད་གླུའི 》(གནས་སྐབས་འདོགས་མིང )འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོཌ་ཏེ་མཚན་ཚོགས་འཁྲབ་གཞུང་ཚོགས་ཆུང་གི་དུས་སྐབས་གོང་མའི་ལས་དོན་གྲ་སྒྲིག་བྱས་ཚུལ་གྱི་སྙན་ཞུ་ཉན་པ་དང་། མཚན་ཚོགས་ཀྱི་འཁྲབ་ཚན་ཇུས་གཞི་དང་གར་སྟེགས་ཀྱི་ཇུས་འགོད་ཞིབ་བཤེར་བྱེད་པ། དུས་རིམ་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་བཅས་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་ཐོགས་ཕེབས་ཡོད་པ་རེད།

        ཏུང་ཡུན་ཧུའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིག་རྩལ་མཚན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཧྲུའུ་ཅི་ཁྲེན་ཆོན་གོ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་མཆན་འགོད་མཛུབ་སྟོན་ཆེད་མངགས་གནང་ནས་བླང་བྱ་གསལ་པོ་བཏོན་གནང་ཡོད། ལྗོངས་ཡོངས་ཀྱི་འབྲེལ་ཡོད་ཚན་པ་ཁག་གིས་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་ལས་དོན་ཁག་ནུས་ཤུགས་ཡོད་རྒུ་བཏོན་ནས་ལེགས་པར་བསྒྲུབས་ཏེ་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། ལྟ་རོལ་རང་བཞིན་བཅས་ཤིན་ཏུ་ལེགས་པའི་རིག་རྩལ་མཚན་ཚོགས་ཤིག་འཚོགས་གང་ཐུབ་བྱེད་དགོས་པ་སྟེ་གཅིག་ནི “ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་དང་རྒྱལ་ཡོངས་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་བའི ”བརྗོད་དོན་གཙོ་བོ་མངོན་གསལ་དོད་པོར་འཇོག་པ་དང་ཇུས་འགོད་ཞིབ་ཚགས་བྱས་ཏེ་བསམ་བློའི་ནང་དོན་དང་སྒྱུ་རྩལ་རྣམ་པ་དང་། སྲོལ་རྒྱུན་དང་དེང་རབས། རང་བྱུང་དང་སྤྱི་ཚོགས་སྣང་ཚུལ་བཅས་ཟུང་འབྲེལ་ལེགས་པར་བྱས་ཏེ་བོད་ཀྱི་ལྟ་ན་སྡུག་པའི་རང་བྱུང་ཡུལ་ལྗོངས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་རིག་གནས་ལེགས་པར་མངོན་པར་བྱས་ཏེ་རྒྱལ་ཡོངས་ཀྱི་ལྟད་མོ་བ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་དང་གྲུབ་འབྲས་དེ་དག་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱུང་བའི་བདེ་སྐྱིད་ཀྱི་ཚོར་སྣང་དང་གཟི་བརྗིད་ཀྱི་ཚོར་སྣང་དངོས་འབྲེལ་ཚོར་ཐུབ་པ་བྱེད་པ་དང་། གཉིས་ནི་མཚན་ཚོགས་ཀྱི་གྲ་སྒྲིག་ལས་དོན་དུས་ཚོད་ཐུང་བ་དང་། ལས་འགན་ལྕི་བ། བླང་བྱ་མཐོ་བ་བཅས་ལ་བརྟེན་མཚན་ཚོགས་ནང་ཞུགས་མཁན་མི་སྣ་ཡོངས་ཀྱིས “བོད་བསྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་བསམ་པའི་རྣམ་པ་ལེགས་པོའི་ཐོག་ནས་ལས་དོན་ནང་ཞུགས་པ་དང་མཚོན་ཚུལ་ཕུལ་དུ་བྱུང་བའི་ཐོག་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་དེ་བཞིན་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་རིག་རྩལ་མཚན་ཚོགས་རྩེ་གྲ་ཞིག་འབུལ་བ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་དང་རྒྱལ་སྟོན་དུས་ཆེན་ལ་སྐྱེས་སུ་འབུལ་བ། གསུམ་ནི་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་ད་རེས་མཚན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལེགས་པར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེ་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་པོ་དང་། ཡག་པོ། ཏན་ཏིག་བཅས་བྱེད་པ་དང་། ལས་བགོས་འགན་ཁུར་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཆ་རྐྱེན་དང་དཀའ་ངལ་མི་གླེང་བ། སོ་སོའི་ལས་འགན་ལེགས་པར་སྒྲུབ་པ་བཅས་བྱས་ནས་མཚན་ཚོགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།