དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་ཀྱི་གཞུང་བཙུགས་སློབ་གྲྭར་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱ་རྒྱུ་སོགས་གཏན་འབེབས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་8ཚེས་13ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་2012ལོའི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་ཀྱི་གཞུང་བཙུགས་སློབ་གྲྭར་སློབ་ཡོན་མི་དགོས་པའི་སློབ་གསོ་དང་དམངས་བཙུགས་སློབ་གྲྭར་བཅད་གྲངས་ཁ་གསབ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང 《<རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད (2010ལོ་ནས་2020ལོ་བར )>ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར 》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་རང་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་2011ལོའི་ཟླ་བཅུ་གཉིས་པར་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་2012ལོར་འོས་འགན་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་དེ་ལོ་15བར་རྒྱ་ཆེར་གཏོང་རྒྱུའི་དམིགས་ཚད་བླང་བྱ་ཁ་གསལ་བཏོན་ཡོད། མིག་སྔར་རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་བཅས་ལ་སློབ་ཡོན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཡོད། སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་ཆེད་ཚོགས་འདུའི་ཐོག་2012ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་ཀྱི་གཞུང་བཙུགས་བུ་བཅོལ་ཁང་དུ་སློབ་ཡོན་མི་དགོས་པའི་སློབ་གསོ་དང་དམངས་བཙུགས་དང་སྡེ་ཚན་གཞན་དག་གིས་བཙུགས་པའི་བུ་བཅོལ་ཁང་དུ་བཅད་གྲངས་ཁ་གསབ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

        ཚོགས་འདུའི་ཐོག 《གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་ཀྱི་གཞུང་བཙུགས་སློབ་གྲྭར་སློབ་ཡོན་མི་དགོས་པའི་སློབ་གསོ་དང་དམངས་བཙུགས་སློབ་གྲྭར་བཅད་གྲངས་སློབ་ཡོན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་དགོངས་སྐོར 》ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞུང་བཙུགས་བུ་བཅོལ་ཁང་ལ་ལོ་རེར་བྱིས་པ་རེར་རིན་མེད་ཀྱི་ཚད་གཞི་སྒོར་3600འཆར་འགོད་གཏན་འཁེལ་བྱས་པ་དང་དམངས་བཙུགས་དང་དེ་བཞིན་སྡེ་ཚན་གཞན་དག་གི་བུ་བཅོལ་ཁང་ལ་གཞུང་བཙུགས་བུ་བཅོལ་ཁང་གི་རིན་མེད་ཚད་གཞི་ལྟར་རིན་མེད་ཀྱི་ཁ་གསབ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་རེད།

        ཚོགས་འདུའི་ཐོག་ད་དུང 《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད 》དང 《རང་ལྗོངས་ཀྱི་གླ་ཕོགས་ཀྱི་ཚད་གཞི་དམའ་ཤོས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་དགོངས་སྐོར 》《གཏེར་འཚོལ་གྱི་ཚད་བརྒལ་འཐབ་ཇུས་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར 》སོགས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་གྲོས་འཆམ་ཡང་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།