དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ལྷ་སར་རྡུང་རྡེག་དང་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

         ཏན་ཏིག་གི་བྱ་ཐབས་དང་གསར་གཏོད་ཀྱི་བྱེད་སྟངས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་ལེགས་སུ་བཏང་སྟེ་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་ཆེད་ཟླ་8ཚེས་30ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་གྱིས་རྡུང་རྡེག་དང་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་འགྲེམས་སྟོན་དུ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ཆེ་དགྲ་ལྷས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་མིག་སྔའི་ལས་དོན་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ལྟེ་བའི་གྲོང་ཁྱེར་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་ཁྲིམས་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་བརྟན་ལྷིང་ཡོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་དམིགས་ཏེ་རྡུང་རྡེག་དང་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་དེ་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ལམ་སྲོལ་56ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་ཐེངས་ཤིག་ཏུ་བརྩིས་ཏེ་ཆེད་དོན་བྱ་སྤྱོད་ཟམ་མི་ཆད་པར་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་གྲུབ་འབྲས་ཐོབ་པ་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་གནད་དོན་གྱི་སྒུལ་ཕྱོགས་གསར་པར་དམིགས་ཏེ་ལས་ཀ་སྤེལ་ཚུལ་སྔར་བས་ལེགས་སྒྲིག་བྱས་ནས་དོ་དམ་དང་དོགས་ཟོན་བྱ་རྒྱུ་དེ་མངོན་གསལ་དོད་པོའི་གནས་བབ་ཐོག་འཇོག་པ་དང་གསང་འཕྲིན་དང་མཉམ་འགོག་མཉམ་བཅོས་སོགས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་དོགས་ཟོན་རྨང་གཞི་དང་སྤྱི་ཚོགས་ཁྱོན་ཡོངས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། “སྔོན་འགོག་གཙོར་བཟུང་དང་། སློབ་གསོ་ཁྲིད་སྟོན། ཁྲིམས་ལྟར་ཐག་གཅོད། ཚབས་ཆེ་རུ་འགྲོ་རྒྱུ་སྔོན་འགོག ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཐོག་བདེ་འཇགས་མེད་པའི་རྒྱུ་རྐྱེན་གཞི་རིམ་དུ་སེལ་བ་དང་། ནང་ཁུལ་དུ་འདུམ་འགྲིག་བྱེད་པ། འབྱུང་རྩྭ་ནས་ཐག་གཅོད་བྱེད་པ་བཅས་ཧུར་ཐག་བྱེད་དགོས། གྱོང་པོར་གཏུག་ཕོད་པའི་བསམ་བློ་བཙུགས་ཏེ་ཞིབ་འཇུག་ནན་ཏན་བྱས་ནས་སྐྱོན་རྩ་འཚོལ་ཞིབ་བྱས་ཐོག་ཕན་ནུས་ལྡན་པའི་བྱ་ཐབས་བཏོན་ནས་གསང་བའི་རྩ་འཛུགས་དང་ནག་འབྲེལ་ཚོགས་པའི་འཚང་བརྟོལ་ཐུབ་པ་བྱས་ནས་བྱ་ཐབས་ནན་པོའི་ཐོག་ནས་ལས་དོན་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་རྡུང་རྡེག་དང་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་ཚུན་ཁྱོན་བསྡོམས་རིགས་ཁག་གི་ཉེས་དོན་གྱོད་གཞི་652རྩད་གཅོད་བྱས་པ་དང་། བོགས་ལེན་ཁང་པ་ཁྲི་16གཙང་བཤེར་བྱས་པ། མགྲོན་ཁང་ཁྲི་1.38གཙང་བཤེར་བྱས་པ། རིགས་ཁག་གི་བྱེད་སྒོ་ཁང་683བཅོས་སྒྲིག་བྱས་པ། རླངས་འཁོར་གྱི་མྱུར་ཚད་ཚད་བཀག་ཡི་གེ་ཁྲི་19སྤྲད་པ། འགྲིམ་འགྲུལ་ཁྲིམས་འགལ་དང་འབྲེལ་བ་ཡོད་པའི་རིགས་ཁག་གི་རླངས་འཁོར་ཁྲི་6ལ་ཞིབ་བཤེར་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།