དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱི་གཟེངས་བསྟོད་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་8ཚེས་27ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱི་གཟེངས་བསྟོད་ཚོགས་འདུ་འཚོགས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་སངས་དོན་གྲུབ་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཆའོ་ཡོན་ཀྲུང་། ལིའུ་ཆིང་ཧུའེ། བསོད་ནམས་སྒྲོལ་མ་བཅས་ཚོགས་འདུར་ཕེབས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་ཚེ་དབང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        མགོན་པོ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་སྤྱི་ཚོགས་ཕྱོགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་དང་གཞོགས་འདེགས་འོག་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས “ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་ལ་སྣང་ཆེན་བྱེད་པ ”བཅས་ཀྱི་གྲོས་གཞིའི་ལས་དོན་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་ནས་ནུས་ལྡན་གྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་གྲོས་གཞིའི་ལས་དོན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་བས་རང་ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ཚད་ལྡན་དང་གོ་རིམ་ལྡན་པ་དང་། ཏན་ཏིག་དང་གསོན་ཉམས་དོད་པ། ཕན་འབྲས་མངོན་གསལ་དོད་པ་བཅས་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།

        མགོན་པོ་བཀྲ་ཤིས་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོར་ད་ཐེངས་ཀྱི་གཟེངས་བསྟོད་ཚོགས་འདུ་གོ་སྐབས་སུ་བྱས་ནས་གྲོས་གཞིའི་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་གྲོས་གཞིའི་ལས་དོན་ཡག་པོ་སྒྲུབ་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་དང་། ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་སྟེ་གྲོས་གཞི་བདག་སྤྲོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། སྤུས་ཚད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྲིད་གྲོས་ཀྱི་གྲོས་གཞི་བདག་སྤྲོད་བྱེད་པའི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་བ། སྔར་བས་གསར་འབྱེད་གསར་གཏོད་བྱས་ནས་གྲོས་གཞིའི་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་གྲོས་གཞིའི་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པ་བྱེད་པ། སྔར་བས་བསམ་བློར་བཅིངས་འགྲོལ་དང་གསར་འབྱེད་གསར་གཏོད་བྱས་ནས་དུས་བབ་གསར་པ་དང་འཚམས་པ་བྱེད་པ། བསམ་ཕྱོགས་གསར་པ་འཚོལ་ཞིབ་བྱེད་པ། ཉམས་མྱོང་གསར་པ་གསོག་འཇོག་བྱེད་པ། གྲུབ་འབྲས་གསར་པ་གསར་གཏོད་བཅས་བྱས་ནས་སྲིད་གྲོས་ཀྱི་གྲོས་གཞིའི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་ཕུལ་ནས་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།