དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཞིང་ལས་པུའི་པུའུ་ཀྲང་ཧན་ཀྲང་ཕུའུ་ཡིས་ལྷ་སར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་8ཚེས་25དང་26ཉིན་ཞིང་ལས་པུའི་པུའུ་ཀྲང་ཧན་ཀྲང་ཕུའུ་ཡིས་སྣེ་ཁྲིད་གནང་བའི་ཞིང་ལས་པུའི་བརྟག་ཞིབ་ཚོགས་པ་དང་བཅས་པ་ཆེད་མངགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་སྒང་བདེ་གླིང་སྔོ་ཚལ་རྟེན་གཞི་དང་ལྷུན་གྲུབ་རྫོང་གི་སྤུས་ལེགས་ནས་ཐོན་སྐྱེད་རྟེན་གཞིར་ཕེབས་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཐད་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལེའང་ཐེན་ཀེང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་རྣམ་གཉིས་སོ་སོ་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།

        སྟོད་ལུང་བདེ་ཆེན་རྫོང་སྒང་བདེ་གླིང་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་སྔོ་ཚལ་དྲོད་ཁང་རྟེན་གཞིའི་ནང་དེང་རབས་ཀྱི་རྣམ་པ་ལྡན་ལ་ཧ་ཅང་མཛེས་པའི་ཉི་འོད་དྲོད་ཁང་དང་སྔོ་ཚལ་དྲོད་ཁང་གྲལ་འགྲིགས་པོའི་ངང་གནས་ཡོད་ཅིང་། ཧན་ཀྲང་ཕུའུ་དང་བཅས་པ་སྔོ་ཚལ་དྲོད་ཁང་ནང་ཕེབས་ནས་སྔོ་ཚལ་གྱི་སྤྱི་གནོད་མེད་པའི་ཐོན་སྐྱེད་དང་ཚད་ལྡན་ཅན་གྱི་འདེབས་འཛུགས་སོགས་གནས་ཚུལ་ཤེས་རྟོགས་ཞིབ་ཚགས་གནང་བ་དང་། གྲོང་མི་ཚོས་ཏང་གི་ཞིང་ཕན་དམངས་ཕྱུག་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་རོགས་རམ་འོག་ཚང་མས་སྔོན་ཐོན་གྱི་ཚན་རིག་ལག་རྩལ་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་ཡོང་འབབ་བྱུང་སྟེ་འཚོ་བ་ཉིན་རེ་ལས་ཉིན་རེ་མ་འདས་པར་ལེགས་སུ་ཕྱིན་ཡོད་ཅེས་འཚང་ཁ་ཤིག་ཤིག་ངང་ངོ་སྤྲོད་ཞུས་པ་དང་། སྔོ་ཚལ་འཐུ་བཞིན་པའི་མཉམ་ལས་ཁང་གི་ཧྲེ་ཡོན་བློ་བཟང་ཚེ་རིང་གིས “ན་ནིང ‘ཁྲའོ་ཐན་སོ་ལོ་སྔོན་པོ ’བཏབ་ནས་ཡོང་འབབ་སྒོར་8000བྱུང་བའི་ཁར་ཐོག་མེད་ས་ཞིང་མུའུ་10ལྷག་ཙམ་དང་སྔོ་ཚལ་དྲོད་ཁང་6ནང་ཀྲོ་མ་ཀྲུ་དང་ཧོང་ཀྭ་སོགས་ཐོན་རྫས་གཞན་བཏབ་ནས་ཁྱོན་སྒོར་ཁྲི་6རག་བྱུང ”ཞེས་ཞུས་པ་ཧན་ཀྲང་ཕུའུ་ཡིས་གསན་རྗེས་ཐུགས་ཧ་ཅང་མཉེས་པོ་བྱུང་ནས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་མེ་ཏོག་དང་སྔོ་ཚལ་ལས་སྣོན་དང་སྣ་མང་གཉེར་སྐྱོང་ཐད་མཉམ་ལས་ཁང་དང་། རྟེན་གཞི། ཀུང་སི། ཞིང་དུད་བཅས་མཉམ་འབྲེལ་བྱེད་པའི་གཉེར་སྐྱོང་བྱེད་སྟངས་སྤྱད་པར་ཚད་མཐོའི་གདེང་འཇོག་གནང་བ་དང་ཆབས་ཅིག་བློ་བཟང་ཚེ་རིང་ལ་རང་སོ་སོས་ཚལ་ཡག་པོ་བཏབ་པ་དང་སྦྲགས་གྲོང་ཚོའི་མི་མང་ཙམ་ལ་སྣེ་ཁྲིད་དེ་ཚལ་བཏབ་ནས་ཕྱུག་འགྱུར་ཡོང་བ་བྱེད་པ་དང་གསོ་སྦྱོང་ཡག་པོ་བྱས་ནས་ཞིང་པར་འབབ་འཕར་མང་ཙམ་ཡོང་བ་བྱེད་དགོས་ཞེས་ལྕག་སྐུལ་གནང་བ་རེད།

        ཟླ་8པར་བོད་ལྗོངས་སུ་རྩྭ་བཟང་ལ་ནོར་ལུག་གི་ཤ་ཤེད་རྒྱས་པ་དང་ནས་ཀྱི་དྲི་བསུང་འཐུལ་བའི་དུས་ཤིག་ཡིན། ལྷུན་གྲུབ་རྫོང་གི་སྤུས་ལེགས་ནས་ཐོན་སྐྱེད་རྟེན་གཞིར་ཧན་ཀྲང་ཕུའུ་དང་བཅས་པ་ཞིང་ནང་དང་ཞིང་དུད་དུ་བསྐྱོད་ནས་གཞི་རིམ་གྱི་ལས་བྱེད་པ་དང་ཞིང་པ་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་གནས་ཚུལ་ཤེས་རྟོགས་ཞིབ་ཚགས་གནང་ཞིང་། རྫོང་གིས་ནས་ཀྱི་ཐད་གཅིག་གྱུར་ཐོག་སོན་བཟང་འདེམས་པ་དང་། ལུད་རྒྱག་པ། རྩྭ་ཡན་འཐུ་བ་སོགས་བྱས་ནས་འདི་ལོར་སྔོན་དཔག་བྱས་ན་མུའུ་རེའི་ཐོན་ཚད་སྤྱི་རྒྱ་350ཙམ་ཡོང་རེ་ཡོད་པ་མཁྱེན་རྗེས་ཧན་ཀྲང་ཕུའུ་ཡིས་དགྱེས་ཚོར་ཆེན་པོས་ས་བབ་སྨི་3000ལྷག་ཙམ་ཡོད་པའི་ས་མཐོར་སྟོན་ཐོག་ཡག་པོ་དེ་འདྲ་མཐོང་ཐུབ་པ་དེ་ནི་མི་རྣམས་ལ་སྐུལ་མ་ཐེབས་འོས་པ་ཞིག་རེད་ཅེས་གསུངས་པ་དང་། ཁོང་གིས་བོད་ཀྱི་ཐོན་ཁུངས་དང་ཁོར་ཡུག་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་འཕེལ་རྒྱས་གཏོང་རྒྱུར་ལེགས་ཆ་མངོན་གསལ་དོད་པོ་ལྡན་ཡོད། ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེ་བ་དང་རྒྱལ་ཁབ་དང་ཕྱོགས་ཁག་གི་བོད་སྐྱོར་མ་འཇོག་དེ་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དུ་ཕྱོགས་པའི་གོ་སྐབས་ཧ་ཅང་བཟང་པོ་དམ་འཛིན་བྱས་ནས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ཁྱད་ལྡན་ཞིང་འབྲོག་ལས་དེ་ཞིང་འབྲོག་པར་འབབ་འཕར་ཡོང་བའི་གལ་ཆེའི་ཐབས་ལམ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།