དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་པར་ཚོང་འགུགས་མ་འདྲེན་ཐད་འབྲས་བུ་གཡུར་དུ་ཟ་བ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་26ཉིན་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་པར་ཚོང་འགུགས་མ་འདྲེན་གྱི་ངོ་འཕྲད་གྲོས་མོལ་དང་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་ཤིང་། འོས་སྦྱོར་དང་ངོ་འཕྲད་གྲོས་མོལ་བྱས་པ་བརྒྱུད་རྣམ་གྲངས་11ལ་མིང་རྟགས་བཀོད་པར་སྒོར་དུང་ཕྱུར་17.77ཟིན་པའི་ནང་སྒོར་དུང་ཕྱུར་5ལག་འབྱོར་བྱུང་ཡོད།

        ད་རེས་ཀྱི་ངོ་འཕྲད་གྲོས་མོལ་ཐོག་རྣམ་གྲངས་11ལ་མིང་རྟགས་བཀོད་པ་རྣམས་ཞིང་ཞོར་ཐོན་ཟོག་ལས་སྣོན་གསར་སྤེལ་དང་། ཡུལ་སྐོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྱོན་ཆས་བཅས་གཙོ་བོ་ཕྱོགས་བཞི་ཡོད་ཅིང་། མིང་རྟགས་བཀོད་པའི་རྣམ་གྲངས་རྣམས་གཞིས་རྩེ་ས་ཁུལ་གྱི་ཐོན་ཁུངས་ལེགས་ཆའི་རྣམ་གྲངས་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་འཚམ་པས་ཁྲོམ་རར་འཁོར་རྒྱུག་ཡག་པོ་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།