དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཆེ་དགྲ་ལྷས་ལྷ་སའི་གྲོང་ཁྱེར་འཆར་འགོད་ལས་དོན་གྱི་ཆེད་དོན་ཚོགས་འདུའི་ཐོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་8ཚེས་25ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ལྷ་སའི་གྲོང་ཁྱེར་འཆར་འགོད་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ལྷ་སའི་གྲོང་ཁྱེར་འཆར་འགོད་གནས་ཚུལ་གྱི་སྙན་ཞུ་དང་ཚོགས་འདུར་ཞུགས་མཁན་མི་སྣའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་རྗེས་ཆེ་དགྲ་ལྷས། ཐེངས་འདིར་ལྷ་སའི་ད་ཡོད་ཀྱི་གྲོང་ཁྱེར་འཆར་འགོད་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་གྲོང་ཁྱེར་འཆར་འགོད་ལེགས་པར་བྱེད་པ་ནི་ལྷ་སའི་གྲོང་ཁྱེར་གྱི་གཟུགས་བཪྙན་དེ་བས་མཐོ་རུ་དང་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཧྲུའུ་ཅི་ཁྲེན་ཆོན་གོས་བཏོན་གནང་བའི་ཞིབ་ཕྲའི་བླང་བྱ་ལྟར་བསམ་བློ་གཅིག་གྱུར་དང་ངོས་འཛིན་གོང་མཐོར་གཏོང་བ་དང་། འཆར་འགོད་ཐེངས་གཅིག་བྱས་ནས་རིམ་དབྱེའི་དོན་འཁྱོལ་བྱེད་པ། གྲོང་ཁྱེར་འཆར་འགོད་ནང་བོད་ཀྱི་རིག་གནས་གཞི་རྒྱུ་གང་མང་བཅུག་ནས་སྲོལ་རྒྱུན་གྱི་ལག་རྩལ་དང་དེང་རབས་ཀྱི་རྒྱུ་ཆ་ཟུང་འབྲེལ་བྱེད་དགོས་པ། གཙོ་གནད་མངོན་གསལ་དུ་བཞག་ནས་བར་སྐོར་ཁྲོམ་གཞུང་གི་གྲོང་ཁུལ་ཪྙིང་པར་གཞིགས་ནས་གྲོང་ཁུལ་ཪྙིང་པའི་འཆར་འགོད་ལས་དོན་ཡག་པོ་སྒྲུབ་དགོས་པ། འབྲེལ་ཡོད་ཚན་པས་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་ཐེན་ཅིན་གྲོང་ཁྱེར་གྱི་ཁང་པའི་གསལ་འབྱེད་རྩད་ཞིབ་ཐིག་ལེན་ཇུས་འགོད་ཁང་དང་མཐུན་སྦྱོར་གཞོགས་འདེགས་བྱས་ནས་འཆར་འགོད་ཇུས་གཞི་ཡག་པོ་བཟོ་བ་དང་ཞིབ་ཆར་དོ་སྣང་དང་ལས་ཀ་ཞིབ་ཏུ་བཏང་སྟེ་གྲོང་ཁུལ་གྱི་ཉམས་འགྱུར་གཙོ་བོ་བོད་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པ་བྱས་ཐོག་གྲོང་ཁྱེར་གྱི་ཉམས་འགྱུར་དང་སྤུས་ཀ་མཐོ་རུ་བཏང་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།