ཟླ་8ཚེས་25ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་གིས་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ཁྲིམས་འབྲེལ་གཏུག་འབྲེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་དང “ཁྲིམས་འཛིན་གཞུང་དྲང ”ཞེས་པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་བརྡ་ཐོ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ། འབྲེལ་ཡོད་ལས་དོན་སྐོར་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི། ཐིང་ཀྲང་བཅས་ཡིན་པའི་ལི་ཀྲའོ་དང་། བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་སུང་ཅིང་ཡོན། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཀུའོ་དབྱི་ལི་བཅས་ཚོགས་འདུར་ཞུགས་པ་རེད།
ཏེང་ཞའོ་ཀང་གིས། སྡེ་ཚན་ཁག་གིས་རང་ལྗོངས་ཀྱི་ཁྲིམས་འབྲེལ་གཏུག་འབྲེལ་དང་ཡིག་འབུལ་ངོ་བཅར་གྱི་ལས་ཀའི་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ་ལས་ཀའི་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། འབྱུང་རྩའི་དོ་དམ་ལ་སྣང་ཆེན་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་དང་ཉམས་ཉེན་དཔྱད་དཔོག་སོགས་ཀྱི་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཚད་མཐོ་ཤོས་ངང་འགལ་བ་ཉུང་དུ་གཏོང་བ་དང་རྩོད་གཞི་སེལ་བ། སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་མངོན་མེད་རྐྱེན་ངན་མེད་པ་བཟོ་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཡག་པོ་བྱེད་པ། སྲིད་ཁྲིམས་འགོ་ཁྲིད་ཀྱི་ངོ་བཅར་དང་ལེན་དང་ཡིག་འབུལ་ངོ་བཅར་གྱོད་གཞིའི་གྲལ་བཤེར་ཆེ་མོ་དང་ཐག་གཅོད་བྱེད་པའི་ལས་དོན་གཏིང་ཟབ་ངང་སྤེལ་ཏེ་གྱོད་གཞི་ཐག་གཅོད་ཐུབ་པ་བྱེད་པ། སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྔོན་ལ་འབྱོར་བ་སྔོན་ལ་སྒྲུབ་པའི་འགན་འཁྲིའི་ལམ་ལུགས་དང་འགོ་ཁྲིད་ཀྱིས་གྱོད་གཞི་འགན་གཙང་ལེན་པའི་འགན་ཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཞིབ་བཤེར་དང་སྒྲུབ་གཉེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞུ་གཏུག་ཐག་གཅོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་ཐོག་ནས “གསུམ་མི་ཐོན་པའི ”གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།