དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཀྲང་པའོ་ལོའོ་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་8ཚེས་25ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ལྷ་སར་མཉམ་འབྲེལ་རྒྱལ་ཚོགས་བསྡོམས་རྩིས་སིའི་སི་ཀྲང་ཀྲང་པའོ་ལོའོ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

        ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་དང་ཐོག་ཀྲང་པའོ་ལོའོ་དང་བཅས་པ་བོད་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་གནང་ཞིང་། བོད་ཀྱི་གནས་ཚུལ་ཁག་ངོ་སྤྲོད་མདོར་བསྡུས་གནང་རྗེས་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས། ཞི་བས་བཅིངས་འགྲོལ་བཏང་ཚུན་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་གལ་ཆེའི་འཕེལ་རྒྱས་བྱུང་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཧ་ཅང་ལེགས་སུ་ཕྱིན་ནས་བདེ་སྡོད་ལས་གྲྭས་ཚད་བརྒལ་སར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཏན་ཏིག་ངང་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད། སློབ་གསོ་དང་། འཕྲོད་བསྟེན། རིག་གནས་བཅས་ཀྱི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། མི་རིགས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱུང་ནས་མི་དམངས་མང་ཚོགས་ཚོར་ཆོས་དད་རང་མོས་གང་ལེགས་ཡོད་པ་དང་། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་པ། གྲངས་ཉུང་མི་རིགས་ཀྱི་སྐད་དང་། ཡི་གེ མི་རིགས་རིག་གནས། རིག་དངོས་བཅས་ལ་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་ཐུབ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།