དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཆེ་དགྲ་ལྷས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འགོ་ཁྲིད་དང་ཀྲུང་གོ་རྒྱལ་སྤྱིའི་ལས་གྲྭ་བློ་འདྲི་ཀུང་སིའི་རིགས་གཅིག་མཁས་ཅན་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་8ཚེས་14ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ལྷ་སར་ཀྲུང་གོ་རྒྱལ་སྤྱིའི་ལས་གྲྭ་བློ་འདྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོང་ཕུང་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་མ་འཇོག་སིའི་འགྲིམ་འགྲུལ་ནུས་རྒྱུ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེན་ཁྲང་ཡའོ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

        མཇལ་འཛོམས་གནང་སྐབས་ཆེ་དགྲ་ལྷས་ཐོག་མར་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧོང་ཕུང་དང་ཁྲེན་ཁྲང་ཡའོ་བཅས་པ་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་གནང་བ་རེད།

        ཆེ་དགྲ་ལྷས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཀྲུང་གོ་རྒྱལ་སྤྱིའི་ལས་གྲྭ་བློ་འདྲི་ཀུང་སིས་ལྷ་ས་གྲོང་ཁྱེར་གྱི་དྲོད་གཏོང་ལས་གྲྭར་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་རྣམ་གྲངས་ཞིབ་མཆན་དང་ཐོ་འགོད་སོགས་ལས་དོན་གྱི་ལས་ཆོད་ཆེ་རུ་བཏང་ནས་རྣམ་གྲངས་གང་མགྱོགས་ལས་མཇུག་འགྲིལ་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུའི་ཐུགས་རེ་གནང་བ་དང་ལྷ་ས་གྲོང་ཁྱེར་གྱིས་ད་ཐེངས་ཀྱི་བརྟག་ཞིབ་ཚོགས་ཆུང་གི་བླང་བྱ་གཞིར་བཟུང་། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་གང་ལེགས་བྱས་ནས་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་སྒམ་ནན་གྱི་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

        ཧོང་ཕུང་དང་ཁྲེན་ཁྲང་ཡའོ་ཡིས་སླད་ཕྱིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཀྲུང་གོ་རྒྱལ་སྤྱིའི་ལས་གྲྭ་བློ་འདྲི་ཀུང་སིས་བོད་ཀྱི་ཁྱད་ཆོས་དང་ལྷ་སའི་དོན་དངོས་དང་ཟུང་འབྲེལ་གྱིས་རྣམ་གྲངས་ཀྱི་འཆར་འགོད་སྔར་བས་ཁ་གསབ་དང་འཐུས་ཚང་དུ་གཏོང་རྒྱུ་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་དྲོད་གཏོང་ལས་གྲྭའི་དུས་འགོའི་ལས་དོན་ཁག་ཡག་པོ་སྒྲུབ་ནས་ལྷ་སའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱ་ཆེད་འབུལ་དགོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།