དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་8ཚེས་14ཉིན་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ལྷ་སར་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ད་ཕན་ལོ་ཤས་རིང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་ཀའི་ཉམས་མྱོང་ལ་ཕྱོགས་སྡོམ་དང་སྤེལ་རེས་བྱས་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་བ་རེད།

        ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་དབྱིན་ཝུའེ་མིན་གྱིས་གསུང་བཤད་གནང་བ་དང་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་དབྱང་ཀྲེ་མིན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཤིས་ཚིག་གསུངས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་དབྱི་ཀྲེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་ཝང་རུའེ་ལན། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་རེད།

        དབྱིན་ཝུའེ་མིན་གྱིས་གསུང་བཤད་གནང་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ལ་ཐུགས་ཁུར་དང་། མཐོང་ཆེན། རྒྱབ་སྐྱོར་བཅས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ད་ཕན་ལོ་ཤས་རིང་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ་སྡེ་ཚན་གྱི་འགན་ནུས་འདོན་སྤེལ་ཧུར་ཐག་བྱེད་པ་དང་བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པས་ཁ་གཏད་བོད་སྐྱོར་ལས་དོན་ལ་མངོན་གསལ་དོད་པའི་ཕན་འབྲས་ཐོན་ཡོད། ལས་ཞུགས་སྔོན་ལ་ལག་བསྟར་བྱེད་པའི་འཐབ་ཇུས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་སུ་ཕྱིན་པ། ཤེས་ལྡན་མི་སྣའི་དཔུང་ཁག་དང་གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་བྱུང་བ། བོད་ཀྱི་ལས་བྱེད་པ་དང་ལས་བཟོའི་གླ་ཕོགས་བརྟན་པོའི་ངང་འཕར་བ། ངལ་རྩོལ་འབྲེལ་བ་སྤྱིར་ཞི་མཐུན་བརྟན་ལྷིང་བྱུང་བ། བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་པ་བཅས་བྱུང་ཡོད་ཅེས་གསུངས་པ་རེད།

        དབྱིན་ཝུའེ་མིན་གྱིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་སྤྱིའི་བསམ་ཕྱོགས་ནི། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་པུའུ་དང་ལྗོངས་མཉམ་ལས་ཀྱི་བརྗེད་ཐོའི་ཟིན་ཐོས་གཅིག་འདོམས་བྱེད་པ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་གྱི་སྤྱིའི་འཆར་འགོད་འབྲེལ་མཐུད་ཡོང་བ། སྲིད་ཇུས་ཀྱི་བོད་སྐྱོར་དང་། ལས་བྱེད་པ་དང་ཤེས་ལྡན་པའི་བོད་སྐྱོར། མ་དངུལ་དང་རྣམ་གྲངས་ཀྱི་བོད་སྐྱོར་བཅས་མཐུན་སྦྱོར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱས་ནས་བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པ་དེ་ཡིན། གཞི་རྩའི་བླང་བྱ་ནི། “གཞན་བརྟེན་འཕེལ་རྒྱས ”དང “རང་བརྟེན་འཕེལ་རྒྱས ”དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་དང་བོད་ཀྱི་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་རྒྱུ་ཟུང་འབྲེལ་བྱས་ནས་བོད་ཀྱི་རང་སྟོབས་རང་སྤེལ་དང་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བ་དང་། མིག་སྔ་དང་ཕུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་བོད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་སྐོང་བ་དང་ཕུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱས་ནས་རོགས་སྐྱོར་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ཐོག་བོད་ཀྱི་ཡུན་རིང་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། མཉེན་ཆས་འཛུགས་སྐྲུན་དང་མཁྲེགས་ཆས་འཛུགས་སྐྲུན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་མ་དངུལ་དང་རྣམ་གྲངས་ཀྱི་བོད་སྐྱོར་དང་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བསམ་བློའི་འདུ་ཤེས་བསྒྱུར་བ་དང་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་རྒྱུར་དེ་བས་མཐོང་ཆེན་བྱེད་པ། ཕྱོགས་རྐྱང་པའི་རོགས་སྐྱོར་དང་ཕྱོགས་གཉིས་ཀར་ཕན་པ་ཐོབ་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་ཁ་གཏད་རོགས་སྐྱོར་དང་གཉིས་ཁེ་མཉམ་ལས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མཉམ་ལས་ལས་སྟེགས་བཙུགས་ནས་རོགས་སྐྱོར་དང་རོགས་སྐྱོར་ཐོབ་མཁན་གཉིས་ཀ་འཕེལ་རྒྱས་ཧུར་ཐག་ཡོང་བ་བྱེད་དགོས་པ་བཅས་ཡིན་ཞེས་གསུངས་པ་རེད།

        དབྱིན་ཝུའེ་མིན་གྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཐད་གཙོ་གནད་ཐོགས་ཕྱོགས་གསུམ་ནས་དམ་འཛིན་བྱེད་དགོས་པ་སྟེ། གཅིག་ནས་སྲིད་ཇུས་ཀྱི་བོད་སྐྱོར་ལས་དོན་ཏན་ཏིག་བསྒྲུབས་ནས་ལས་ཞུགས་སྲིད་ཇུས་ལག་བསྟར་ཧུར་ཐག་བྱས་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས་པ་དང་། བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་རྒྱུར་རོགས་སྐྱོར་བྱས་ཏེ་གཞི་རྩའི་རྒན་གསོའི་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས་པ། བོད་ཀྱིས་ལས་ཁུངས་དང་བྱ་གཞག་ཚན་པའི་གླ་ཕོགས་དང་ཡོང་འབབ་བགོ་བཤའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱས་ཏེ་བོད་ཀྱི་ལས་བྱེད་པ་དང་ལས་བཟོའི་དམིགས་བསལ་གླ་ཕོགས་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་བཅས་དང་། གཉིས་ནས་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་འདེམས་གཏོང་ལས་བྱེད་པའི་གྲངས་འབོར་མང་དུ་བཏང་ནས་འདེམས་གཏོང་ལས་བྱེད་པའི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ་དང་། བོད་ཀྱིས་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དང་ལག་རྩལ་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་རོགས་སྐྱོར་བྱེད་དགོས་པ། ཁ་གཏད་གསོ་སྦྱོང་དང་། ཕྱི་རྒྱལ (ས་ཁོངས་ཕྱི་)དུ་གསོ་སྦྱོང་། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བཅས་ཀྱི་ཐད་གཙོ་གནད་ཐོག་རོགས་སྐྱོར་བྱེད་པ། བོད་ཀྱི་དམག་བསྒྱུར་ལས་བྱེད་པ་བཀོད་སྒྲིག་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བཀོད་སྒྲིག་བྱ་ཐབས་སྔར་བས་ལེགས་སུ་གཏོང་བ། སློབ་ཆེན་སློབ་མའི “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག ”གི་འཆར་གཞི་ལག་བསྟར་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་བོད་དུ་ལས་ཀ་བྱེད་པར་ཡོང་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་པ་བཅས། གསུམ་ནས་མ་དངུལ་དང་རྣམ་གྲངས་ཀྱི་བོད་སྐྱོར་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་བོད་སྐྱོར་མ་དངུལ་བརྟན་པོའི་ངང་འཕར་རྒྱུའི་ལམ་སྲོལ་བཙུགས་ནས་ཀྲུང་དབྱང་ནོར་སྲིད་མ་དངུལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། བོད་ཀྱིས་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་རྒྱུར་རོགས་སྐྱོར་བྱེད་དགོས་པ། བོད་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གཞུང་ལས་པའི་དོ་དམ་གྱི་ལས་སྒོ་གཙོ་བོར་ཁྱབ་པའི་ཆ་འཕྲིན་ཁོངས་གཏོགས་གཞི་རྩའི་ཆར་འཛུགས་རྒྱུར་རོགས་སྐྱོར་བྱེད་དགོས་པ་བཅས་ཡིན་ཞེས་གསུངས་པ་རེད།

        དབྱིན་ཝུའེ་མིན་གྱིས་བསམ་བློ་གཅིག་གྱུར་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་བོད་སྐྱོར་ལས་ཀའི་གལ་ཆེའི་རང་བཞིན་ལ་སྔར་བས་ངོས་འཛིན་ཟབ་ཏུ་གཏོང་བ་དང་། ཁ་གཏད་བོད་སྐྱོར་ལས་ཀའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་ཆེ་རུ་གཏོང་བ། བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་པ། བོད་སྐྱོར་ལས་འགན་དོན་འཁྱོལ་ཡོང་རྒྱུར་སྔར་བས་དམ་འཛིན་བྱེད་པ་བཅས་བྱས་ཏེ་བོད་སྐྱོར་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་སྟེ་བྱ་སྤྱོད་ངོ་མའི་ཐོག་ནས་བོད་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ཁྲེན་ཆོན་གོས་ཤིས་ཚིག་གསུང་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་300ཡི་ཚབ་ཞུས་ཏེ་ཚོགས་ཞུགས་བློ་མཐུན་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་བ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་དེ་བཞིན་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པར་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་བ་རེད།

        ཁྲེན་ཆོན་གོས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་དོན་ནི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་མ་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཁྱོན་ཡོངས་དང་འབྲེལ་བ་ཡོད། དུས་ཡུན་རིང་པོའི་ནང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གཅིག་གྱུར་འཆར་འགོད་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་དང་། མ་དངུལ་གཏོང་ཤུགས། རྣམ་གྲངས་དོན་འཁྱོལ་བྱེད་ཤུགས། ཤེས་ལྡན་མི་སྣའི་བོད་སྐྱོར་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་དོན་འཕེལ་རྒྱས་ལེགས་ཤིང་མྱུར་བ་ཡོང་རྒྱུར་སྐུལ་མ་ཐེབས་ཡོད། ཐེངས་འདིའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དེས་རང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཆེད་གོ་སྐབས་གལ་ཆེན་གསར་པ་མཁོ་འདོན་བྱས་ཡོད། ང་ཚོས་ཐེངས་འདིའི་ཚོགས་འདུ་དེ་གོ་སྐབས་དང་སྒུལ་ཤུགས་སུ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་ཀྱི་གལ་ཆེན་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་དང་ཀྲུང་དབྱང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ། པུའུ་ཀྲང་དབྱིན་ཝུའེ་མིན་གྱིས་ད་རེས་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ། བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་དྲན་ཐོའི་ནང་དོན་དོན་འཁྱོལ་ཡག་པོ། རྒྱལ་ཁབ་ཀྱི་དམིགས་བསལ་དང་གཟིགས་སྐྱོང་སྲིད་ཇུས་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ལེགས་ཆ་ཏན་ཏན་ཏིག་ཏིག་ངང་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་དམངས་འཚོ་སྔོན་སྤེལ་དང་ཞི་མཐུན་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་དོན་སྔར་བས་ལེགས་པར་བསྒྲུབས་ཏེ་དགེ་མཚན་དེ་བས་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་ལེན་བསྟར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་མགྱོགས་པོ་འཛུགས་པ། མི་དོན་དང་ཤེས་ལྡན་པའི་ལས་དོན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། པུའུ་དང་རང་སྐྱོང་ལྗོངས་མཉམ་ལས་མཐུན་སྦྱོར་གྱི་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་མཛུབ་སྟོན་གནང་བ་རེད།

        དབྱང་ཀྲེ་མིན་གྱིས་གསུང་བཤད་གནང་སྐབས་ད་རེས་ཚོགས་འདུའི་ཐོག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བོད་སྐྱོར་ཕུགས་ཕན་ལམ་སྲོལ་བཙུགས་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བོད་སྐྱོར་འགྲེམས་ཚོགས་ཀྱི་མཐུན་རྐྱེན་བཏོད་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བོད་སྐྱོར་ནུས་ལྡན་ཐབས་ལམ་ཆེ་རུ་བཏང་བ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བོད་སྐྱོར་ཉམས་མྱོང་གསར་པ་སྤེལ་རེས་བྱས་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བོད་སྐྱོར་གྱི་སྤྱི་ཡོངས་གཞི་ཁྱོན་གཏན་འཁེལ་བྱས་པ་བཅས་ལ་བརྟེན་ངེས་པར་དུ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་གསལ་པོ་བཟོ་བ། རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་པ། ཕན་འབྲས་ཐོན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་པ་དང་མཐུན་སྦྱོར་ལ་ཤུགས་སྣོན་དང་འབྲེལ་མཐུད་ལེགས་པར་བྱས་ཏེ་བྱ་བ་རེ་རེ་བཞིན་ལེགས་པར་སྒྲུབ་པ་དང་རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐྱོར་བྱེད་དགོས་ཞེས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།