དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཆེ་དགྲ་ལྷས་སློབ་གསོའི་གྲོང་ཁྱེར་འཛུགས་སྐྲུན་དང་ཞོ་སྟོན་རིང་གི་བདེ་འཇགས་ཉེན་ཟོན་ལས་དོན་སྐོར་གྱི་སྙན་སེང་གསན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་8ཚེས་13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་འཕེལ་རིམ་ལས་དོན་དང་དེ་བཞིན་ཞོ་སྟོན་རིང་གི་བདེ་འཇགས་ཉེན་ཟོན་ལས་དོན་སོགས་ཀྱི་གནས་ཚུལ་སྙན་སེང་གསན་རྗེས་བློ་བརྟན་འགྱུར་མེད་ངང་སློབ་གསོའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཞོ་སྟོན་རིང་གི་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་འགན་ལེན་བྱས་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་ཚོར་བཀྲ་ཤིས་པ་དང་། སྐྱིད་སྣང་དོད་པ། བདེ་འཇགས་བཅས་ལྡན་པའི་དུས་ཆེན་ཞིག་གཏོང་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཆེ་དགྲ་ལྷས་ལྷ་སའི་སློབ་གསོའི་གྲོང་ཁྱེར་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སློབ་གསོའི་བྱ་གཞག་དེ་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་ལ་ཞིང་འབྲོག་མང་ཚོགས་ཚོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཡང་འབྲེལ་བ་ཡོད། ལྷ་སའི་སློབ་གསོའི་གྲོང་ཁྱེར་འཛུགས་སྐྲུན་དང་རྫོང (ཆུས )ཁག་གི་སློབ་གསོའི་སྒྱུར་བཅོས་ལས་དོན་གྱི་འཕེལ་རིམ་དེ་མང་ཚོགས་ཚོར་གཞུང་དྲང་གི་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་མཁོ་འདོན་བྱས་ནས་སློབ་གསོ་འཕེལ་རྒྱས་གཏོང་བའི་ཐད་ཀྱི་མང་ཚོགས་ཚོའི་རེ་བ་སྐོང་བ་དང་། སློབ་གསོ་དེ་འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་འཕེལ་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཧ་ཅང་ཆེན་པོ་བྱེད་པའི “སློབ་གྲྭར་སྐྱོད་དཀའ་བ་དང་སློབ་གྲྭར་ཡག་པོ་བསྐྱོད་རྒྱུའི ”གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་དང་འབྲེལ་བ་ཡོད་པ་དང་། དེ་ནི་མི་དམངས་ཀྱི་དགོས་མཁོ་ཡིན་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་འདུན་ཞིག་ཀྱང་ཡིན་པས་སྡེ་ཚན་ཁག་གིས་བསམ་ཕྱོགས་ལེགས་སྒྲིག་དང་དུས་ཚོད་དམ་འཛིན་གྱིས་ལས་གྲྭ་ཁག་ཟླ་བ་9པར་ལས་འགོ་འཛུགས་རྒྱུའི་བརྩོན་ལེན་བྱེད་དགོས་པ་དང་། སློབ་གསོའི་ཐད་ཀྱི་བོད་སྐྱོར་མ་དངུལ་དང་། ཤེས་ལྡན་མི་སྣ། དོ་དམ་ཉམས་མྱོང་བཅས་གཞི་གཅིག་ཏུ་བསྡུས་ནས་སློབ་གསོའི་བོད་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལྷ་སའི་སློབ་གསོའི་བྱ་གཞག་དེ་བས་ལེགས་པའི་ངང་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ཁག་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་བློ་མཐུན་ཧའོ་ཕུང་གིས་ཉེ་དུས་ཡུལ་སྐོར་རིག་གནས་དུས་ཆེན་བྱེད་སྒོ་ཁག་གི་བདེ་འཇགས་ཉེན་ཟོན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་གནང་བའི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལ་ནན་པོར་གཞིགས་ནས་འདི་ལོའི་ཞོ་སྟོན་ཡག་པོ་གཉེར་རྒྱུ་དེ་མིག་སྔའི་གཙོ་གནད་ལས་དོན་གྱི་གྲས་ཤིག་ཏུ་བརྩིས་ནས་ནུས་ཤུགས་ཡོད་རྒུས་ཞོ་སྟོན་རིང་གི་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་འགན་ལེན་གྱིས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་ཚོར་བཀྲ་ཤིས་པ་དང་། སྐྱིད་སྣང་དོད་པ། བདེ་འཇགས་བཅས་ལྡན་པའི་ཞོ་སྟོན་ཞིག་གཏོང་ཐུབ་པ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།