དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་8ཚེས་13ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་ལྔ་པ་དེ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཡོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཕྱོགས་སྡོམ་བྱས་པ། མིག་སྔར་འཕྲད་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་དབྱི་ཞིབ་དང་ཞིབ་འཇུག་བཅས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་གཙོ་བོར་བྱེད་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏེང་ཞའོ་ཀང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་། ལྗོངས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ལི་ཀྲའོ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

        ཏེང་ཞའོ་ཀང་གིས་མིག་སྔར་རང་ལྗོངས་ཀྱི་ཁྱོན་ཡོངས་སྤྱིར་ན་བརྟན་ལྷིང་ཡིན་ཡང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་གྲབས་ཡོད་པས་ང་ཚོར་འཕྲད་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་དུས་བབ་ཧ་ཅང་ཪྙོག་འཛིང་ཆེན་པོ་ཡོད་པ་རེད། ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཆེད་ལས་སྟོབས་ཤུགས་ཀྱིས་ངེས་པར་དུ་དུས་བབ་གསལ་རྟོགས་དང་བསམ་བློ་གཅིག་གྱུར་ཡོང་བ་བྱས་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དགོས་གཏུགས་བསམ་པ་དང་འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་ཏན་ཏིག་བཏང་སྟེ་རྒྱལ་ཡོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཉེ་དུས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ལས་དོན་སྐོར་གྱི་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ། ཉེ་དུས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་མཛུབ་སྟོན་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ། ལྷོད་གཡེང་གི་བསམ་པ་དང་དམག་འཁྲུག་ལ་ཞེན་པ་ལོག་པའི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ཏང་གི་འབོད་སྐུལ་དང་ལེན་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་འཐབ་རྩོད་ཀྱི་གྲ་སྒྲིག་ཡག་པོ་བྱེད་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཚོད་དཔག་གང་ལེགས་བྱེད་པ། ཁ་གཏད་གཅོག་ཐབས་ལ་བསམ་གཞིག་སྔར་བས་འཐུས་སྒོ་ཚང་པོ་བྱེད་པ། དམ་འཛིན་སྔ་ཙམ་བྱེད་པ་དང་། ཆུང་ཙག་ནས་དམ་འཛིན་བྱེད་པ། དམ་འཛིན་མགྱོགས་པོ་བྱེད་པ། དམ་འཛིན་ཡག་པོ་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ། སྔོན་ལ་བྱ་སྤྱོད་ཡག་པོ་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་བཅས་ཀྱི་ཐོག་ནས་ཐོག་མཐའ་བར་གསུམ་དུ་དམག་རྒྱག་ལ་ཉེ་བའི་རྣམ་པའི་ཐོག་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་སུ “གསུམ་མི་ཐོན་པ ”བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

        ཏེང་ཞའོ་ཀང་གིས་མིག་སྔ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རིང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ང་ཚོའི་དོན་ཆེན་ཨང་དང་པོ་དང་ལྟེ་བའི་ལས་དོན་ཞིག་དང་ཐམས་ཅད་ལས་ལྷག་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་ལས་ཉམས་དམས་སུ་གཏོང་མི་རུང་བ་དང་། ཡང་བསྐྱར་གཡོ་འགུལ་གཏོང་མི་རུང་བ། ཡུད་ཙམ་དམ་འཛིན་ཡུད་ཙམ་ལྷོད་གཡེང་གཏོང་མི་རུང་བ་བཅས་རེད། འཇིགས་སྐུལ་ལ་ངོ་རྒོལ་བྱེད་མཁན་རིམ་ཁག་ཚན་པས “གསུམ་མི་ཐོན་པའི ”དམིགས་ཚད་ལ་དམ་པོར་དམིགས་ཏེ་ཡང་འབད་བསྐྱར་འབད་དང་དམ་འཛིན་ནན་པོ་བྱས་ནས་ཆ་འཕྲིན་ལས་དོན་སྔོན་ལ་སྤེལ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ཀྱི་དོགས་ཟོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། གཙོ་གནད་ཁུལ་གྱི་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། འཇིགས་སྐུལ་དང་འབྲེལ་བ་ཡོད་པའི་གཙོ་གནད་མི་སྣར་དོ་དམ་ནན་པོ་བྱེད་པ། འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོག་གོང་དང་འཚོགས་རིང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། གཅིག་གྱུར་ནུས་ཆེའི་བཀོད་འདོམས་ལམ་སྲོལ་དང་། འཕྲལ་སྡོམ་ཐག་གཅོད་ཀྱི་འགན་ལེན་ལམ་སྲོལ། དངོས་སྦྱོང་ནང་སྦྱོང་གི་ལམ་སྲོལ། སློབ་གསོ་གསོ་སྦྱོང་གི་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་བཏང་ནས་ཁྱིམ་མཚེས་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དང་། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག མཐའ་འཁོར་རྒྱལ་ཁབ་བཅས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་སྒྲུབ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་འཇིགས་སྐུལ་ལ་ངོ་རྒོལ་དང་དྲག་ཤུགས་སྔོན་འགོག་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ཤུགས་ཤིག་ཆགས་པ་བྱེད་པ་དང་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་དམག་འཐབ་ལ་སྒོ་ཀུན་ནས་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཚོགས་འདུའི་ཐོག་ལི་ཀྲའོ་ཡིས་ལོ་གསུམ་རིང་རང་ལྗོངས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་སྤེལ་ཚུལ་ཐད་ཕྱོགས་སྡོམ་གནང་བ་མ་ཟད་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་ལྗོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་བཀོད་སྒྲིག་གནང་བ་རེད།

        བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ལྗོངས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀའོ་དབན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་ཀྲང་ཧྲི་ཕིང་དང་བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཀའོ་ཡུས་ཞང་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།