ཟླ་8ཚེས་8ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་144པ་འཚོགས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་པའི་འཐུས་མིའི་མི་གྲངས་ཆ་བགོས་དང་འདེམས་བསྐོའི་འབྲེལ་ཡོད་གནད་དོན་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞིང་ལས་བཅའ་ཁྲིམས 》ལག་བསྟར་ཞིབ་བཤེར་ལས་དོན་སྤེལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཇུས་གཞི། དེ་བཞིན 《ལྗོངས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ 》དང 《ལྗོངས་ཡོངས་ཀྱི་ཕྱི་དོན་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ 》ཡི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་གྲོས་ཞིབ་བསམ་འཆར་བཅས་ལ་ཞིབ་འཇུག་གནང་བ་མ་ཟད། ད་དུང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཉིང་ཞ་དང་། ཧྲན་ཤིས། ཧྲའན་ཤིས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་བསྐྱོད་ནས་མི་དམངས་འཐུས་ཚོགས་དཔལ་འབྱོར་ལྟ་སྐུལ་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུའང་གསན་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་འཐུས་མིའི་མི་གྲངས་ཆ་བགོས་དང་འཐུས་མི་འདེམས་བསྐོའི་ལས་དོན་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་བྱ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་པའི་ངོས་འཛིན་གནང་ཡོད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་འཐུས་མིའི་མི་གྲངས་ཆ་བགོས་དང་འདེམས་བསྐོའི་འབྲེལ་ཡོད་གནད་དོན་གྱི་སྤྱིའི་ཇུས་གཞིར་རྩ་དོན་ཐོག་ནས་མོས་མཐུན་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་མི་དོན་འདེམས་བསྐོ་ལས་དོན་ཨུ་ཡོན་ལྷན་ཁང་ལ་ཀྲུའུ་རེན་ཚོགས་འདུའི་ཐོག་བཏོན་པའི་བསམ་འཆར་གཞིར་བཟུང་སྔར་ལས་ལྷག་པའི་སྒོ་ནས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་རྗེས་ལྗོངས་ཏང་ཨུད་ལ་ཞིབ་མཆན་འགོད་རྒྱུར་དུས་ཐོག་ཏུ་འབུལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
ཚོགས་འདུའི་ཐོག་ད་ལྟ་ལག་ལེན་བསྟར་བའི 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་བཅའ་ཁྲིམས 》ནི་རང་རྒྱལ་གྱི་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་དང་ཞིང་ལས་ཀྱི་གྲུབ་ཆ་འཐབ་ཇུས་རང་བཞིན་གྱི་སྒོ་ནས་ལེགས་སྒྲིག་བྱ་རྒྱུར་འགན་ལེན་བྱེད་པའི་འགན་ལེན་གལ་ཆེན་ཞིག་དང་། གྲོང་གསེབ་ཀྱི་སྒྱུར་བཅོས་དང་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཤིག རྒྱ་ཆེའི་ཞིང་པའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་ཤིག་བཅས་རེད། རང་ལྗོངས་སུ་ཞིང་ལས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དེ་ཞིང་ལས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་བས་དོན་འཁྱོལ་བྱ་རྒྱུ་དང་རང་ལྗོངས་ཀྱི་ཞིང་འབྲོག་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། དེས་ན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞིང་འབྲོག་ཁོར་ཡུག་ཐོན་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་ཏེ་ལག་བསྟར་བྱས་ནས་ཕན་འབྲས་དངོས་ཐོབ་རྒྱུར་འགན་ལེན་བྱེད་དགོས་པའི་ངོས་འཛིན་གནང་ཡོད།
ཚོགས་འདུའི་ཐོག 《ལྗོངས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ 》དང 《ལྗོངས་ཡོངས་ཀྱི་ཕྱི་དོན་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ 》ཡི་གྲོས་ཞིབ་བསམ་འཆར་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་ཧུར་ཐག་གནང་ཡོད་པ་དང་བཏོན་གནང་བའི་བྱེད་ཐབས་ཁག་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་དང་ཕྱི་དོན་ལས་དོན་གྱི་དོན་དངོས་དང་མཐུན་པ་མ་ཟད། དེའི་ཐོག་ནས་ད་དུང་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའང་གང་ལེགས་མངོན་པར་གནང་ཡོད། སླད་ཕྱིན་དེ་ལས་ལྗོངས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་དང་ཕྱི་དོན་ལས་དོན་སྔར་བས་ཡག་པོ་སྒྲུབ་པའི་ཐད་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཞིག་ཐོན་རྒྱུ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞིང་འབྲོག་ཁོར་ཡུག་ཐོན་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་དང་། ཕྱི་ཕྱོགས་ལས་དོན། ཕྱིར་སྡོད་རང་མིའི་ལས་དོན་བཅས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུའི་ཐོག་བཏོན་པའི་བསམ་འཆར་དང་ཟུང་འབྲེལ་གྱིས་ཁ་གསབ་བྱེད་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞིབ་འཇུག་བྱས་ནས་བསྒྲུབ་རྒྱུར་པར་བཏབ་ནས་འབུལ་དགོས་པའི་ངོས་འཛིན་གནང་ཡོད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཉིང་ཞ་དང་། ཧྲན་ཤིས། ཧྲའན་ཤིས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་དུ་རྟོག་ཞིབ་དང་བརྟག་ཞིབ་བྱེད་པར་བསྐྱོད་ནས་མི་དམངས་འཐུས་ཚོགས་དཔལ་འབྱོར་ལྟ་སྐུལ་ལས་དོན་སྤེལ་བའི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་ཡག་པོ་དེ་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོས་འགོ་འགའ་ཞིག་འདོན་དགོས། གོམ་སྟབས་རྗེས་མར་གྲུབ་འབྲས་གཞན་སྒྱུར་བྱ་རྒྱུར་དམ་འཛིན་བྱས་ནས་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་དཔལ་འབྱོར་ལྟ་སྐུལ་ལས་དོན་ལ་རྒྱུན་ཆད་མེད་པར་ཤུཌ་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས་པའི་ངོས་འཛིན་གནང་ཡོད་པ་རེད།