དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཀྱིས་ཀྲའོ་ཧྲའོ་ཧྭ་དང་ལི་ཞའོ་ཅེ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་6ཉིན་གནས་ཚུལ་འབྱོར་གསལ། ཚེས་6ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ལྷ་སར་རང་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་པའི་རིག་གནས་པུའི་པུའུ་ཀྲང་གཞོན་པ་ཀྲའོ་ཧྲའོ་ཧྭ་དང་རིག་གནས་པུའི་པུའུ་ཀྲང་གཞོན་པ་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ཅེ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་རྡོ་ཐོགས་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་མཇལ་འཛོམས་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

        པད་མ་འཕྲིན་ལས་ཀྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་ཚབ་ཞུས་ནས་ཀྲའོ་ཧྲའོ་ཧྭ་དང་ལི་ཞའོ་ཅེ་བཅས་པ་རང་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། རིག་གནས་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་དང་ལྷག་པར་དུ་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཤུགས་རྗེ་ཆེ་ཞུས་པ་དང་འབྲེལ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་ད་རེས་པུའུ་ཀྲང་གཞོན་པ་ཀྲའོ་ཧྲའོ་ཧྭ་དང་ལི་ཞའོ་ཅེ་རང་ལྗོངས་སུ་རྒྱལ་ཡོངས་ཀྱི་རིག་གནས་དང་རིག་དངོས་བོད་སྐྱོར་ལས་དོན་ཚོགས་འདུ་སྐབས་བཞི་པར་ཞུགས་པར་ཕེབས་པ་དང་འབྲེལ་བོད་ཀྱི་རིག་གནས་དང་རིག་དངོས་བྱ་གཞག་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དེ་ཐོག་ནས་རིག་གནས་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་བོད་ཀྱི་རིག་གནས་དང་རིག་དངོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་པས་བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་མངོན་འགྱུར་མགྱོགས་པོ་ཡོང་ངེས་རེད་ཅེས་གསུངས་པ་རེད། པད་མ་འཕྲིན་ལས་ཀྱིས་རིག་གནས་པུའུ་དང་རྒྱལ་ཁབ་རིག་གནས་ཅུས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་། རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་དང་། རིག་གནས་དཔུང་ཁག་གསོ་སྐྱོང་། གཞི་རིམ་གྱི་རིག་གནས་བྱེད་སྒོའི་སྒྲིག་བཀོད། གཙོ་གནད་རིག་དངོས་སྲུང་སྐྱོང་ཉམས་གསོ་སོགས་ཀྱི་ཐད་བོད་ལ་དམིགས་བསལ་གྱི་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ། རིག་གནས་བོད་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ལྗོངས་འདི་ཉིད་རིག་གནས་ཐོན་ཁུངས་ཀྱི་ལྗོངས་ཆེན་པོ་ཞིག་ནས་རིག་གནས་འཕེལ་རྒྱས་ཀྱི་ལྗོངས་སྟོབས་ཆེན་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན་པ་རེད།

        ཀྲའོ་ཧྲའོ་ཧྭ་ཡིས་རིག་གནས་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་བོད་ཀྱི་རིག་གནས་བྱ་གཞག་དང་ལྷག་པར་དུ་གཞི་རིམ་རིག་གནས་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་རིག་གནས་བོད་སྐྱོར་གྱིས་གཏན་འཁེལ་བྱས་པའི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་བོད་ཀྱི་རིག་གནས་ལས་དུས་རབས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་མངོན་པ་བྱེད་པ་དང་རིག་གནས་ཀྱིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་བརྒྱུད་རིམ་ནང་མི་སེམས་གཅིག་ཏུ་སྒྲིལ་བ་དང་། མཐུན་སྒྲིལ་ལ་སྐུལ་མ་གཏོང་བ། སྙིང་སྟོབས་འཕེལ་བ་བྱེད་པ་བཅས་ཀྱི་ཐད་ནུས་པ་འདོན་དུ་འཇུག་གི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།