དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་བརྗོད་གཞི་ཚོགས་ཆུང་དབར་བཞུགས་མོལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་8ཚེས་2ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་དང་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་བརྗོད་གཞི་ཚོགས་ཆུང་དབར་བཞུགས་མོལ་བྱས་ནས་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་ཞིབ་འཇུག་གི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གསན་པ་རེད།

        བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་པད་མ་འཕྲིན་ལས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་དང་། རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་བརྗོད་གཞིའི་སྣེ་ཁྲིད་པ་བཅས་ཡིན་པའི་མའོ་རུའུ་པའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀོང་ཕུའུ་ཀུང་ཕེབས་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། དང་ཐོག་པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་མའོ་རུའུ་པའེ་བཅས་པ་རང་ལྗོངས་སུ་ལས་དོན་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་བརྗོད་གཞི་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་ཚོས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཏོན་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན་ལ་རང་ལྗོངས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་བསྒྱུར་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། བོད་ཀྱི་ཁྱད་ལྡན་ཐོན་ལས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་འབྲེལ་ཡང་དག་པའི་ངང་ཁོང་དུ་ཆུད་པ་དང་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་དེ་བོད་རང་ངོས་ཀྱི་ལེགས་ཆ་བསྔོག་འདོན་གང་ལེགས་བྱེད་པ་དང་། རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བ་བྱེད་པའི་ངོས་ནས་བརྗོད་ན་འཐབ་ཇུས་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་ཨུ་ཡོན་དང་རིགས་གཅིག་མཁས་ཅན་རྣམས་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུ་དང་མཐུན་སྦྱོར་གྱི་ལས་དོན་ཡག་པོ་སྒྲུབ་པ། བོད་ཀྱི་གནས་ཚུལ་སྣ་ཚོགས་དུས་ཐོག་ཏུ་མཁོ་འདོན་བྱེད་པ་བཅས་བྱས་ནས་བློ་འདྲི་ཨུ་ཡོན་ཚོས་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད་མཐུན་རྐྱེན་བཟང་པོ་སྐྲུན་དགོས། འབྲེལ་ཡོད་སྡེ་ཚན་དང་ཚན་པས་བརྗོད་གཞི་ཚོགས་ཆུང་གི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་བརྗོད་གཞི་ཚོགས་ཆུང་གིས་ལས་དོན་སྤེལ་ཆེད་སྟབས་བདེ་སྐྲུན་དགོས་པའི་ཐུགས་རེ་གནང་བ་རེད།

        མའོ་རུའུ་པའེ་ཡིས་ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་བསམ་འཆར་དང་གྲོས་འགོ་ཧ་ཅང་ཡག་པོ་བཏོན་གནང་ཞིང་། ཁོང་གིས་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་འཐབ་ཇུས་ཀྱི་བརྗོད་གཞི་ཞིབ་འཇུག་ཚོགས་ཆུང་ལ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལ་གཞིགས་པ་དང་བོད་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་འཐབ་ཇུས་ཀྱི་ཐོག་ནས་གནད་འགག་ཁོང་དུ་ཆུད་པ་བྱས་ཐོག་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཉམས་སད་ཐེག་ཐུབ་པ་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་ནས་བོད་ཀྱི་ནང་ཐོན་འཕེལ་ནུས་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།